ཟླ་བདུན་པའི་ཚེས་བཅོ་བརྒྱད་ཉིན། ཝང་ཁྲིན་ཡོན་ཞེས་པའི་རྒྱ་རིགས་ཕོ་རྒོད་འདིས་རང་ཉིད་ཀྱི་ཚེ་སྲོག་གནས་འདི་རུ་བསྐྱུར་ཏེ་ང་ཚོ་དང་གཏན་དུ་གྱེས་སོང་། ཁོང་ཉིད་དགའ་བའི་ཉེན་རྟོག་པའི་གྱོན་ཆས་དང་སེམས་ཁོང་གི་གཉེན་ཉེ། ད་དུང་བརྩེ་བ་ཟབ་མོ་ཆགས་པའི་རྩྭ་ཐང་བཅས་དང་བྲལ་ནས་གཏན་དུ་བུད་སོང་། ཡིན་ཡང་རིགས་སོ་སོའི་མང་ཚོགས་ཀྱི་སེམས་ཁོང་དུ་རྡོ་རིང་ཞིག་བསླངས་བྱུང་།
ཟླ་བདུན་པའི་ཚེས་ཉེར་གཉིས་ཉིན། ཝང་ཁྲིན་ཡོན་གྱི་ཕ་ཡུལ་ཧུའུ་ཀྲུའུ་རྫོང་ལིན་ཁྲོན་ཞང་ཡའོ་ཀྲུང་སྡེ་བ་རུ་རྗེས་དྲན་འདུ་ཚོགས་ཤིག་བསྡུས་ཤིང་། ཉིན་དེར། གཙང་གསུམ་འབྱུང་ཡུལ་གྱི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དུའང་མི་རྣམས་ཀྱིས་ཁུ་སིམ་མེར་མིག་མཐར་མཆི་མ་འཁོར་ནས་མར་མེ་རྐོང་བུ་རེ་རེ་མཚམས་མ་ཆད་པར་སྒྲོན་གྱིན་ཡོད།
2004ལོར། ཝང་ཁྲིན་ཡོན་ཞིང་ཆེན་སྤྱི་བདེ་ཐིན་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་ནས་ཡུས་ཧྲུའུ་ཁུལ་འགྲིམ་འགྲུལ་ཉེན་རྟོག་ཡན་ལག་རུ་ཁག་གི་རུ་གཙོའི་འགན་ཁུར་དུ་སོང་།
མི་རྣམས་ཀྱི་བློ་ངོར། མི་མང་པོ་ཞིག་གིས་ཡུས་ཧྲུའུ་རུ་ལོ་འགར་བྱ་བ་བསྒྲུབས་རྗེས་ཐབས་བརྒྱ་ཇུས་སྟོང་གིས་བྱ་བའི་ལས་གནས་སྤོར་བ་རེད། ཡིན་ཡང་ཝང་ཁྲིན་ཡོན་ཞིང་ཆེན་གྲོང་ཁྱེར་ནས་མི་འདུག་པར་གནས་འདུར་སྡ