ཕོ་ལོ་ཉེར་དགུར་སོན་པའི་ཚེ་རིང་རྒྱལ་ནི་ཁོའི་ཁྱིམ་མི་གང་བོའི་གཟི་བརྗིད་ཅིག་ཡིན། 2006ལོར་ཁོས་རང་ཉིད་ཀྱི་གཡུར་ཏུ་ཟ་བའི་རྒྱུགས་འབྲས་བཟང་བོར་བརྟེན་ནས་མཚོ་སྔོན་དགེ་ཐོན་སློབ་ཆེན་བོད་ཡིག་སྡེ་ཁག་ཏུ་རྒྱུགས་འཕྲོད་ཅིང་། སློབ་མཐར་ཕྱིན་རྗེས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་བརྙན་འཕྲིན་ཁང་དུ་ཅུང་བརྟན་འཇགས་ཡིན་པའི་ལས་གནས་ཤིག་རྙེད་བྱུང་བས་དྲིན་ཅན་ཕ་མ་ཟུང་ནི་དགའ་སྤྲོ་འབུམ་གྱིས་བརྟས་ཡོད། ཡིན་ནའང་། ཚེ་རིང་རྒྱལ་ལ་ཕུགས་ཀྱི་འདུན་མ་དེ་ཙམ་རྐྱང་རྐྱང་ཞིག་གིས་ཡིད་མ་ཚིམས་པར། ཕ་ཡུལ་སེམས་ཀྱིས་འཚོས་པའི་ཁོ་རང་ཕ་ཡུལ་གྱི་ཡོད་ཚད་ལ་དགའ་ཞིང་ལྷག་པར་ཏུ་ཕ་ཡུལ་གྱི་རིག་གནས་ལ་དེ་བས་ཀྱང་དུངས་ཞེན་ཆེ། ལས་རྐང་དུ་ཞུགས་ནས་ལོ་གསུམ་རྗེས། ཁོས་མིག་སྔའི་ཅུང་བརྟན་འཇགས་ཡིན་པའི་ལས་གནས་བསྐྱུར་ཏེ། ཀོས་ནན་ས་ཆའི་བོད་ཀྱི་དམངས་སྲོལ་རིག་གནས་དང་ཆོས་ལུགས་རིག་གནས་ཀྱི་མཚོན་རྟགས་སུ་གྱུར་བའི་ཀོས་ནན་བོད་ལུགས་འཚེམ་དྲུབ་ཀྱི་ཆེད་དུ་རང་འགུལ་སྒོས་བྱ་བཞག་གསར་བའི་བྱེད་སྒོ་ཞིག་དངོས་སུ་སྤེལ་འགོ་བརྩམས།