དངུལ་དཀར་གྱི་ལྭ་བའི་ཡོངས་སུ་བཀླུབས་པའི་མདོ་ལ་རི་བོའི་འདབས་སུ། གསེར་མདོག་གི་ལོག་དཀར་མེ་ཏོག ཁྱུ་དང་ཁྱུ་བྱས་པའི་རྟ་ནོར་དང་ནམ་མཁའི་སྤྲིན་དཀར་བཅས་ཀྱིས་མཛེས་ཉམས་མཚར་པོ་ཞིག་མངོན་འདུག་ལ། རྩྭ་ཐང་གི་མཛེས་ཉམས་སྔར་ལས་དོད་པོར་ཆགས། དགུང་ལོ་གོ་དྲུག་ལ་སོན་པའི་ཧ་ལུ་དང་དགུང་ལོ་གྱ་ལྔར་སོན་པའི་ལྷུན་རྡོ་གཉིས་རི་མོར་བཀོད་པ་འདྲ་བའི་མཛེས་ལྗོངས་དེའི་ཁྲོད། གདོང་ལ་བདེ་སྐྱིད་ཀྱི་མཛུམ་གྱིས་ཁེངས་ནས་སྐྱིད་པའི་འཚོ་བ་ཞིག་རོལ་བཞིན་མཆིས།
འདི་འདྲའི་བདེ་སྐྱིད་ཀྱི་འཚོ་བ་ནི་དངོས་ནས་གཞུང་དྲང་གི་བོད་པའི་སྟག་ཤར་ཚེ་དབང་གི་ལག་ཟུང་གིས་སྐྲུན་པ་རེད།
དུས་ཚོད་ནི་ཧ་ཅང་མགྱོགས་སྟེ་སྤྱི་ལོ1998ལ་སླེབས། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཨུ་པོ་གྲོང་རྡལ་ཧོང་ཚོ་སྡེ་བའི་རྒན་པོ་ཧ་ལུ་ནི་བུ་ཕྲུག་མེད་ལ་འཚོ་བ་དཀའ་ཁག་ཆེ་བ་དང་། ཁོ་དང་སྡེ་བ་གཅིག་པའི་རྒན་པ་ལྷུན་རྡོ་ཡང་ཁོ་དང་གཅིག་མཚུངས་ཡིན།
ལོ་ཉེར་དྲུག་ལ་སོན་པའི་ཡོན་ཏན་ཚེ་དབང་ནི་བྱིས་པ་གསུམ་གྱི་ཕ་རུ་གྱུར་ཡོད་ལ། བུ་ཆེ་བ་ལོ་གསུམ་ཡི