ཟླ་བཟང་མཚོ་དང་ཁོ་མོའི་འབྲུ་སྣའི་སྒྱུ་རྩལ།
2015.10.27 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 18

འབྲུ་རིགས་སྣ་ལྔས་འགྲོ་བ་མིའི་ཚེ་སྲོག་བསྐྱེད་པར་བྱེད་ཅིང་། འགྲོ་བ་མིའི་སེམས་འདུན་དང་ཕུགས་རེ་ཡང་བསྐྱེད་པར་བྱེད་དེ། ལུས་སྲོག་དབང་ཐང་དང་ཚེ་བསོད་རླུང་རྟ་བསྐྱེད་པ་ལ་མེད་དུ་མི་རུང་བའི་མ་མཐའི་འཚོ་རྟེན་ཉག་གཅིག་ཏུ་གྱུར་བས། མིའི་རིགས་སྤྱི་དང་ལྷག་པར་དུ་བོད་མི་རིགས་ཀྱིས་འབྲུ་རིགས་སྣ་ལྔ་ནི་བཀྲ་ཤིས་པའི་ལྷ་རྫས་སུ་བརྩི་བཞིན་ཡོད་།

ད་ལོར་ལོ་སོ་གསུམ་ལོན་པའི་ཟླ་བཟང་མཚོ་ནི་གཅན་ཚ་རྫོང་མར་ཁུ་ཐང་གྲོང་རྡལ་གྱི་མི་ཡིན་པ་དང་། སྔ་ཕྱིར་རང་སྡེ་བའི་སློབ་ཆུང་དང་གཅན་ཚ་རྫོང་མི་རིགས་སློབ་འབྲིང་། འབྲིང་རིམ་ཆེད་སྦྱོང་སློབ་གྲྭ་བཅས་སུ་སློབ་གཉེར་བྱས་ལ། སློབ་མཐར་ཕྱིན་རྗེས་གཅན་ཚ་རྫོང་གི་རྒན་བཀུར་ཁང་དུ་ལས་ཀར་ཞུགས་པ་རེད།

ཁོ་མོར་མཚོན་ན། མི་ཚེའི་འཚོ་བའི་བརྒྱུད་རིམ་ནི་བདེ་སྣང་སྐྱིད་སྣང་རྐྱང་རྐྱང་གིས་ཁེངས་པ་ཞིག་མ་ཡིན་ཏེ། འབྲིང་རིམ་ཆེད་སྦྱོང་སློབ་གྲྭར་འགྲིམ་དུས་ནད་ཞིག་ལ་རྐྱེན་བྱས་ཏེ་རྣའི་དབང་བོའི་ནུས་པ་ཡོངས་སུ་ཉམས་པར་གྱུར་པས། སྡུག་བསྔལ་དང་དཀའ་སྡུག་སྣ་ཚོགས་ལ་འཕྲད་པར་གྱུར་མོད། ཁོ་མོ་སེམས་སྡུག་གིས་མནར་ཞིང་དཀའ་ཚེགས་ཀྱིས་མ་འཁུམས་པར་ནམ་རྒྱུན་ཅི་ནུས་ཀྱིས་རང་འཁྲིའི་ལས་འགན་ཡོད་ཚད་ལེགས་པོར་སྒྲུབ་པར་མ་ཟད། གཞན་ལྟོས་མེད་པའི་རང་ནུ