བརྗིད་ཆགས་པའི་ཨ་མྱེས་རྨ་ཆེན་གངས་འདབས་ཀྱི་མཐའ་ཡས་པའི་མགོ་ལོག་རྩྭ་ཐང་དུ་སྨན་བཅོས་བྱ་བ་སྒྲུབ་མཁན་ཞིག་གིས་གནས་དེ་རུ་སྨན་བཅོས་བྱ་བ་བསྒྲུབས་ནས་ལོ་ངོ་སོ་ལྔ་འགོར་ལ། ཁོས་རང་ཉིད་ཀྱི་མི་ཚེ་གང་བོར་གུང་ཁྲན་ཏང་ཡོན་པ་ཞིག་གིས་ལྷག་བསམ་ཟོལ་མེད་ཀྱིས་མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་མངོན་འགྱུར་བྱས་ཤིང་། ཁོང་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་གངས་རི་ཞང་འཕྲོད་བསྟེན་ཁང་གི་ཡོན་ཀྲང་ཆོས་ཁོ་རེད།
གསར་འགོད་པ་རྨ་ཆེན་རྫོང་གངས་རི་ཞང་འཕྲོད་བསྟེན་ཁང་དུ་སླེབས་དུས་ཆོས་ཁོ་ཡིས་ནད་པ་ལྷ་མོ་མཚོ་ལ་སྨན་ཁབ་བརྗེ་བཞིན་འདུག ལྷ་མོ་ཆོས་མཚོས་གསར་འགོད་པར་ཆོས་ཁོ་ནི་ས་འདི་གའི་ཆེས་བཟང་བའི་སྨན་པ་དང་། སྨན་བཅོས་ལག་རྩལ་བཟང་བར་མ་ཟད་ངང་རྒྱུད་བཟང་བོ་ཡིན་ལ། ང་ཚོ་ནད་པ་ཚོར་རང་གི་ཤ་ཉེ་དང་འདྲ་བར་ཐུགས་ཁུར་ཟབ་མོ་གནང་བཞིན་ཡོད་པས། ཁོང་ནི་ས་འདི་གའི་བྱང་ཆུབ་སེམས་དཔའ་དངོས་མ་ཞིག་ཡིན་ཟེར།
སྨན་པ་ཆོས་ཁོ་ཡིས་གསར་འགོད་པར་ང་ནི་འབྲོག་ཕྲུག་ཅིག་ཡིན་ལ། འབྲོག་ཁུལ་དུ་ནད་ཆུང་བའི་རིགས་དག་དུས་ལྟར་སྨན་བཅོས་བྱེད་མ་ཐུབ་པར་ཡུན་རིང་བོ་འགོར་བས་ནད་གཞི་ཇེ་སྡུག་དུ་འགྲོ་བ་སོགས་མང་ཚོགས་ལ་དཀའ་སྡུག་ཆེ་བའི་གནས་ཚུལ