བོད་ཡིག་གི་ཆ་འཕྲིན་མྱུར་ལམ་ལ་རྨང་འདིང་མཁན་བཀྲ་ཤིས་ཚེ་རིང་གི་གནས་ཚུལ་བཀོད་པ།
2015.11.10 ཁུངས། ཀྲུང་གོའི་བོད་ལྗོངས། ཀློག་གྲངས། 22

1.jpg

བོད་ཡིག་གི་ཆ་འཕྲིན་མྱུར་ལམ་ལ་རྨང་འདིང་མཁན་བཀྲ་ཤིས་ཚེ་རིང་ལགས།


དེང་རབས་ཀྱི་རྩིས་འཁོར་སྤྱད་ནས་བོད་ཡིག་གཏག་ཐུབ་པ་ནས་བེ་རོན་ཀུང་ཟིའིwindowsཡི་མ་ལག་ཏུ་བོད་ཡིག་གི་ཡིག་གཟུགས་དང་གཏག་ཐབས་སྔར་མེད་གསར་དུ་བསྐྲུན་པ་དང་། དེའི་རྗེས་ཇོ་མོ་གླང་མ་ཞེས་པའི་ཡིག་གཟུགས་རབ་དང་རིམ་པ་གསར་སྤེལ་བྱས། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་བཀྲ་ཤིས་ཚེ་རིང་གིས་ལོ་ངོ་བཅུ་ཕྲག་ལྷག་གི་རིང་ལ་བོད་ཡིག་རྩིས་འཁོར་དུ་སྤྱོད་ཐུབ་པའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་དཀའ་སྤྱད་འབད་བརྩོན་བྱས་ལ། བོད་ཡིག་འདི་ཉིད་ཆ་འཕྲིན་གྱི་མྱུར་ལམ་དུ་རྒྱུགས་མགོ་རྩོམ་དུ་བཅུག

བོད་ཡིག་ཆ་འཕྲིན་གྱི་མྱུར་ལམ་སྟེང་སླེབས་དགོས།

ལོ་ངོ་སུམ་ཅུ་ལྷག་གི་རིང་ལ། ཁོ་བོད་ཡིག་ཨང་སྒྲིག་གི་རྒྱལ་ཁབ་དང་རྒྱལ་སྤྱིའི་ཚད་གཞི་གཏན་ལ་འབེབས་པའི་ཞིབ་འཇུག་ཁྲོད་ཞུགས་པར་མ་ཟད། བེ་རོན་ཀུང་ཟི་ལ་བེ་རོན་ཧི་མ་ལ་ཡའི་བོད་ཡིག་ཡིག་གཟུགས་དང་བོད་ཡིག་