གསར་འགོད་པ་མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་ཏུའུ་ལན་རྫོང་ཆུ་ཁོལ་ཞང་གསེར་ཐང་སྡེ་བར་ཐོན་པ་ན། མི་གླེང་ཐུ་མེད་ཀྱི་མི་བཟང་པོ་ཞིག་ཡོད་དེ། ཁོ་ནི་གསེར་ཐང་སྡེ་བའི་སྨན་པ་གནམ་ལྷ་རྒྱལ་རེད། ས་གནས་ཀྱི་འབྲོག་པ་མང་ཚོགས་ཀྱིས་གནམ་ལྷ་རྒྱལ་ལ་རྩྭ་ཐང་གི་ལོས་ཧྥུན་གསོན་པོ་ཞེས་འབོད་ཀྱིན་ཡོད་ལ། ཁོ་ནི་འབྲོག་པ་རྣམས་ཀྱི་སེམས་ཁོང་གི་སྨན་པ་བཟང་པོ་ཞིག་རེད།
གསར་འགོད་པ་གནམ་ལྷ་རྒྱལ་དང་ཐོག་མར་འཕྲད་དུས། ཁོས་སྒོ་བསྟེན་ཁང་དུ་ནད་ལ་བརྟག་པར་བྲེལ་བཞིན་འདུག གནམ་ལྷ་རྒྱལ་ནི་གསེར་ཐང་སྡེ་བའི་ཆེད་ལས་སློབ་གསོ་མྱངས་པའི་སྡེ་བའི་སྨན་པ་གཅིག་པུ་རེད། ཁོ་རང་བྱ་བར་ཞུགས་མ་ཐག་ནས་གསེར་ཐང་སྡེ་བའི་ཁྱིམ་ཚང་བཞི་བརྒྱ་ལྷག་དང་མི་ཆིག་སྟོང་ཉིས་བརྒྱ་དོན་གསུམ་གྱི་སྨན་བཅོས་བྱ་བའི་ལས་འགན་ཕྲག་ཏུ་བླངས།
སྨན་པའི་ལས་ཀ་གཉེར་བའི་ལོ་ཉེར་དགུ་ཡི་རིང་། གནམ་ལྷ་རྒྱལ་གྱི་རྐང་རྗེས་རེ་རེ་གསེར་ཐང་སྡེ་བའི་གྲུ་ག་རེ་རེར་བཀོད་ཡོད་ལ། མི་སེམས་འགུལ་བའི་ནད་བརྟག་སྨན་བཅོས་ཀྱི་དོན་བཟང་མང་པོ་བསྒྲུབས།
ཆུང་དུས་གནམ་ལྷ་