མང་ཚོགས་ལ་བདེ་སྐྱིད་བསྐྲུན་མཁན།
2015.11.24 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 16

“རང་རེའི་སྡེ་བའི་རྗེས་ལུས་ཀྱི་རྣམ་པ་བསྒྱུར་འདོད་ན་ངེས་པར་དུ་བློ་རིག་ལྡན་ལ་ནུས་པ་ཡོད་པ་དང་། ཏན་ཏན་ཏིག་ཏིག་གིས་མང་ཚོགས་ལ་བྱ་བ་སྒྲུབ་པའི་སྡེ་དཔོན་ཞིག་གདམ་དགོས”ཞེས2008ལོར་གྲོང་རྡལ་ཏང་ཨུས་ནུས་མེད་ཟབ་ཟོབ་ཏུ་གྱུར་བའི་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ལེགས་སྒྲིག་བྱེད་པའི་སྐབས་སུ། ཐ་དམར་གོང་མ་སྡེ་བའི་ས་ཤིག་རུ་ཁག་གི་རུ་གཙོའི་འགན་ཁུར་མྱོང་བའི་ཀླུ་རྒྱལ་ནི་ཚང་མའི་གླེང་གཞིར་གྱུར། ཀླུ་རྒྱལ་ལ་ནུས་པ་ཡོད། ད་ལྟའི་ས་ཤིག་རུ་ཁག་གི་འཕེལ་རྒྱས་ལ་བལྟས། མང་ཚོགས་ཀྱིས་རེ་སྒུག་བྱེད་པའི་ལས་གཞི་ཁོས་བརྩོན་ལེན་བྱས་ཏེ་ལག་བསྟར་བྱས། ཁོས་སྡེ་དོན་བསྒྲུབས་པ་དྲང་གཞག་ཡིན་ལ་མི་ལ་བློ་སེམས་དཀར་ཞེས་པ་ལ་སོགས་པས་མ་གཞི་སྡེ་བའི་ལས་བྱེད་པའི་ལས་འགན་ཁུར་རྩིས་མེད་པའི་ཀླུ་རྒྱལ་གྱིས་སྡེ་མི་རྣམས་ཀྱི་རེ་བ་ཆེན་མོའི་མདུན་དུ་རང་གིས་དཀའ་ལས་མང་པོ་སྤྱད་ནས་གཉེར་སྐྱོང་བྱེད་བཞིན་ཡོད་ཅིང་། ལོ་རེར་ཡོང་སྒོ་སྒོར་འབུམ་གཅིག་ལྷག་ལེན་ཐུབ་པའི་ཨར་ལས་རུ་ཁག་བསྐྱུར་ཏེ་ཐ་དམར་གོང་མའི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་པོའི་འགན་མི་ཁུར་ཐབས་མེད་བྱུང་།

ད་ལྟའི་བར་ལོ་བདུན་འདས་སོང་། མིག་སྔའི་ཐ་དམར་གོང་མ་སྡེ་བའི་མི་རེའི་ཆ་སྙོམས་ཡོང་སྒོ་ལྡབ་གསུམ་འཕར་བ་དང་སྡེ