བྱམས་དང་བརྩེ་བའི་འོད་ཀྱིས་ཁེངས་པའི་སྨན་པ་བུ་ཆུང་།
2015.11.24 ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས། 14

40bf4cc776343e4b123ee5159be2f3a2.jpg
སྨན་པ་བུ་ཆུང་ལགས་ཀྱིས་ནད་ལ་བརྟག་བཞིན་པ།


སྨན་པ་བུ་ཆུང་གིས་བོད་སྨན་གྱི་ལམ་ནས་མང་ཚོགས་ལ་དོན་དངོས་ཀྱིས་ཞབས་ཞུ་མང་པོ་སྒྲུབ་བཞིན་ཡོད་པས། ཁོའི་མཛེས་སྡུག་གི་ལྷག་བསམ་ལ་ཀུན་གྱིས་བསྟོད་བསྔགས་བྱེད་ཀྱིན་ཡོད། གསར་འགོད་པ་ཏུའུ་ལན་རྫོང་པན་ཆེན་ཤངས་སྡེའི་སྙིང་རྗེ་སྨན་ཁང་གི་སྒོ་འགྲམ་དུ་སླེབས་དུས་བོད་ཀྱི་གསོ་བ་རིག་པའི་བདག་པོ་གཡུ་ཐོག་ཡོན་ཏན་མགོན་པོའི་སྐུ་བརྙན་གནས་དེ་རུ་བཞེངས་ཡོད་ལ། དེ་རུ་བོད་ཡིག་དང་རྒྱ་ཡིག སོག་ཡིག དབྱིན་ཡིག་སོགས་ཀྱིས་བྲིས་པའི་པན་ཆེན་ཤངས་སྡེ་དགོན་སྙིང་རྗེ་སྨན་ཁང་ཞེས་པའི་སྒོ་བྱང་དེ་གསེར་མདོག་གི་ཉི་འོད་ཁྲོད་ན་ལམ་ལམ་འཚེར།

ཐོག་བརྩེགས་དང་པོའི་སྨན་བཅོས་ཁང་དུ་འབྱོར་བ་ན། ལོ་ན་སུམ་ཅུར་སླེབས་པའི་སྨན་པ་བུ་ཆུང་གིས་ནད་པར་བརྟག་དཔྱད་བྱེད་བཞིན་པའི་སྒང་ཡིན་ལ། ཁོས་ནད་པ་ཞིག་གི་ལག་རྩར་བརྟག་རྗེས་ལག་པ་སྦྲིད་མི་སྦྲིད་དང་། གཉིད་འབབ་ཚུལ་ག་འདྲ་ཡིན་ཚུལ་སོགས་དྲིས་རྗེས་ནད་པའི་ནད་ནི་མཁྲིས་ནད་ཡིན་པས། རྗེས