ད་ལོ་ལོ་ལྔ་བཅུ་ཡིན་པའི་རིག་འཛིན་ཚེ་རིང་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་ཧོར་གྲོང་རྡལ་ཧོར་སྡེ་བའི་རྡོ་བརྐོས་སྒྱུ་རྩལ་སྤེལ་བའི་སྣེ་ཁྲིད་པ་ཞིག་ཡིན་ལ། ལོ་བཅུ་ལྷག་གི་སྔོན། ཁོ་ནི་རི་ཁུལ་དུ་སྡོད་པའི་འབྲོག་པ་ཞིག་རེད།
2005ལོར་གཙང་གསུམ་འབྱུང་ཡུལ་གྱི་བཟོ་འགོད་ལག་ཏུ་བསྟར་རྗེས། རིག་འཛིན་ཚེ་རིང་དང་སྡེ་བའི་འབྲོག་ཁྱིམ་བརྒྱ་ཡིས་སྲིད་གཞུང་གི་འབོད་སྐུལ་དང་དུ་བླངས་ནས་ཧོར་སྡེ་བར་གཏན་སྡོད་བྱས། དེ་ནས་བཟུང་ཁོ་ཚང་གི་ཁྱིམ་མི་རྣམས་ཡངས་ཤིང་ཁོད་ཆེ་བའི་སོ་ཕག་གི་ཁང་བར་བསྡད། འབྲོག་པ་རྣམས་གཏན་སྡོད་འཚོ་བར་ལོབས་སུ་འཇུག་ཆེད། སྲིད་གཞུང་གི་རོགས་རམ་འོག རིག་འཛིན་ཚེ་རིང་ཚང་གིས་ད་དུང་ཕྱུགས་སྤྱིལ་ཁང་གསར་བའང་ལས།
རིག་འཛིན་ཚེ་རིང་གིས་བཤད་རྒྱུར། འབྲོག་པ་རྣམས་གཏན་སྡོད་བྱས་རྗེས། འཚོ་བར་ལོབས་དཀའ་བའི་གནས་ཚུལ་བྱུང་བ་སྟེ། གློག་ཆས་ཀྱི་གཅུས་སྒོ་ཕྱེ་བ་ནས་བརྙན་འཕྲིན་དང་འཁྱག་སྒམ་བཀོལ་བ་སོགས་གཞན་ལ་འདྲི་ཞིང་སློབ་དགོས། རིམ་བཞིན་ཁོས་གཏན་སྡོད་བྱས་ཟིན་པའི་འབྲོག་པས་འཚོ་བ་སྐྱིད་པོ་ཞིག་རོལ་འདོད་ན། ད་དུང་ཡོང་སྒོ་བཙལ་བའི་ལག་རྩལ་ཞིག་ཀྱང་ཤེས་དགོས་པར་བསམས།
“ང་ཚོ་མི་རབས་ནས་མི་རབས་བར་འབྲོག་པ་ཡིན་པས། ལག་རྩལ་གསར་བ་ཞི