དབང་བོ་སྐྱབས་ཀྱིས་ཁོར་ཡུག་སྲུང་སྐྱོབ་ཐད་བཅངས་བའི་བརྩེ་སེམས།
2015.12.14 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 17

བོད་ཀྱི་ལྷ་རི་ཆེན་པོ་རྨ་རྒྱལ་སྦོམ་རའི་འདབས་རོལ་གྱི་མགོ་ལོག་རྩྭ་ཐང་གི་དབྱིན་འཛིན་ཆེན་མོའི་ལྟེ་བ་རྨ་ཆེན་རྫོང་དུ། གངས་རི་ཞང་གི་འབྲོག་པ་བརྩོན་སེམས་ཅན་དབང་བོ་སྐྱབས་ཀྱིས་དམངས་ཁྲོད་ཁོར་ཡུག་སྲུང་སྐྱོབ་མཐུན་ཚོགས་ཤིག་བཙུགས་པ་དང་རང་ཉིད་ཀྱི་འོས་འགན་དུ་བརྩིས་ནས་ཨ་མྱེས་རྨ་ཆེན་གངས་རིའི་མཐའ་འཁོར་གྱི་གད་སྙིགས་བཏུས་དང་འཐུ་བཞིན་པའི་གཏམ་རྒྱུད་སྙན་མོ་ཞིག་ཡུལ་ལུང་དེ་གར་ཁྱབ་ཡོད། ཉེ་ལམ། གསར་འགོད་པ་ཆེད་དུ་དེར་སོང་ནས་གནས་ཚུལ་ལ་བཅར་འདྲི་བྱས།

རྟ་བོ་གྲོང་རྡལ་ནས་གངས་རི་ཞང་ལ་བསྐྱོད་པ་ན། གངས་རི་ཞང་དང་ཐག་ཇེ་ཉེར་སོང་བ་དང་བསྟུན་ནས་ལམ་འགྲམ་གཡས་གཡོན་གྱི་གད་སྙིགས་ཀྱང་ཇེ་ཉུང་དུ་སོང་ཡོད་ལ། གངས་རི་ཞང་དུ་དངོས་སུ་ཐོན་པ་ན་ཕལ་ཆེར་གད་སྙིགས་ཤིག་མིག་གིས་མཐོང་རྒྱུ་མེད་པ་རེད།

ཕོ་ལོ་བཞི་བཅུར་སོན་པའི་གསར་བུ་ཞིག གཟུགས་སྟོབས་འབྲིང་ཙམ་གྱི་གདོང་མདོག་ནག་པོ་ཆགས་པ། ལག་པ་འཇམ་པོ་མིན་པར་རྩུབ་རེག་ཆེ་བ་བཅས་ནི་དབང་བོ་སྐྱབས་ཀྱིས་གསར་འགོད་པ་ལ་ཐེངས་དང་པོར་བཞག་པའི་བག་ཆགས་རེད།

དབང་བོ་སྐྱབས་ནི་རྨ་ཆེན་རྫོང་གངས་རི་ཞང་རབ་རྒན་མཉམ་ལས་ཁང་གི་འགན་ཁུར་པ་ཡིན་ལ། 2010ལོར། ཁོས་གངས་རི་ཞང་དམངས་ཁྲོད་ཁོར་ཡུག་སྲུང་སྐྱོབ་རྩ་འཛུགས་ཏེ་ཨ་མྱེས་རྨ་ཆེན་