མཐའ་འཁོབ་རོང་འབྲོག་ཁུལ་དུ་བྱ་བ་སྒྲུབ་པའི་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས་ཕུལ་བྱུང་རྫོང་ཏང་ཨུའི་ཧྲུའུ་ཅི་བརྒྱ་ནང་གི་གཅིག་ཏུ་གྱུར་བ་ནི། ལོ་མང་པོའི་རིང་ཏང་གིས་གནང་བའི་སློབ་སྟོན་ནན་ཏན་དང་། སྐྱེད་སྲིང་ནན་མོ། ཡིད་ཆེས་ཚད་མེད་བཅས་དང་འབྲལ་ཐབས་མེད་ལ། གོང་རིམ་ཏང་ཨུའི་མགོ་ཁྲིད་བརྟན་པོ་དང་། རྒྱབ་སྐྱོར་ཆེན་པོ། སྐུལ་ལྕག་ཡང་ཡང་བཅས་དང་འབྲལ་ཐབས་མེད། ལྷག་པར་ཏུ་ཐུན་ཏེ་རྫོང་གི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཁྲི་དྲུག་དང་སྟོང་བཞི་བཞི་བརྒྱ་ཡིས་དཀའ་སྤྱད་སྡུག་རུས་བྱས་པ་དང་འབྲལ་ཐབས་མེད། “ཕུལ་བྱུང་རྫོང་ཏང་ཨུའི་ཧྲུའུ་ཅི”ཡི་གཟི་བརྗིད་མཚན་སྙན་ཐོབ་པ་ནི་རྩ་འཛུགས་ཀྱིས་རང་གི་བྱ་བར་ཁས་ལེན་གནང་བ་དང་། བོད་ཁུལ་དུ་བྱ་བ་སྒྲུབ་པའི་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པར་ཁས་ལེན་གནང་བ་ཡིན་ལ། ལྷག་པར་ཏུ་མཐའ་འཁོབ་ཏུ་གནས་པའི་གྲངས་ཉུང་མི་རིགས་དབུལ་ཕོངས་ས་ཁུལ་གྱི་འཕེལ་རྒྱས་དང་བརྟན་འཇགས་ཐད་ཐོབ་པའི་གྲུབ་འབྲས་ལ་ཁས་བླངས་བ་རེད། རྩ་འཛུགས་དང་མི་དམངས་ཀྱིས་བླ་ན་མེད་པའི་མཚན་སྙན་འདི་གནང་བར་ང་ལ་གཟི་བརྗིད་ལྡན་པའི་སྣང་བ་ཚད་མེད་སྐྱེས་ཤིང་། དེ་བས་རང་གི་ཕྲག་སྟེང་གི་འགན་ཁུར་ད་དུང་ཧ་ཅང་ལྗིད་པ་ཚོར་བའི་མཚུངས་སུ། བྱ་བ་སྒྲུབ་པའི་ཡི