རྩྭ་ཐང་གི་བུ་རྒོད།
2016.01.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 6

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་ཁྱི་འབྲི་ཞང་གི་སྟབས་བདེའི་སྒོ་བསྟེན་སྨན་ཁང་དུ། སྨན་པའི་ལྭ་བ་གོན་ཡོད་པའི་རྒན་པོ་ཞིག་རྐུབ་སྟེགས་རྙིང་བ་ཞིག་གི་སྟེང་དུ་བཙོག་ཏེ། སྒེའུ་ཁུང་གི་ཕྱི་རོལ་ཏུ་བལྟ་བཞིན་སུ་ཞིག་སྒུག་ཡོད་པ་དང་མཚུངས། དེ་ནི་མི་རྣམས་ཀྱི་བསྟོད་པའི་མཐེ་བོང་བསྒྲེངས་བཞིན་པའི་རྩྭ་ཐང་གི་བུ་རྒོད་དགོན་པ་ཨོ་རྒྱན་རེད།

2012ལོའི་དཔྱིད་ཀར། དགའ་བདེ་རྫོང་ཁོངས་སུ་ཁངས་གནོད་བྱུང་བ་དང་། ཁྱི་འབྲི་ཞང་གི་མངའ་ཁོངས་ཀྱི་སྡེ་བ་དྲུག་ལ་རིམ་པ་མི་འདྲ་བའི་ཁངས་གནོད་བྱུང་བ་མ་ཟད། ལུང་དཀར་སྡེ་བ་ནི་གནོད་འཚེ་ཐེབས་ཚད་ཆེས་ཆེ་བའི་སྡེ་བ་ཞིག་རེད།

ཐེངས་དེའི་ཁངས་གནོད་དེ་ནི་འབྲོག་པ་མང་ཚོགས་ཚོས་སེམས་ཀྱི་སྡུག་བསྔལ་ཅིག་རེད། འབྲོག་པ་རྡོ་རྡོ་ཡིས་སྐབས་དེའི་གནས་ཚུལ་བཤད་རྒྱུར། ས་གཞི་ཐམས་ཅད་ཁ་བས་གཡོགས་ཡོད་པ་དང་། ག་ས་གང་དུ་ནོར་ལུག་ཤི་ཡོད། ཁངས་ཀྱི་མཐུག་ཚད་མིའི་པུས་མོའི་མཐོ་ཚད་ཙམ་ཡོད་ལ། བྱེས་བགྲོད་རླངས་འཁོར་ཡང་མི་བདུན་བརྒྱད་ཀྱིས་འཐེན་ཏེ་འགྲོ་དགོས། འབྲོག་པ་རྣམས་ཀྱིས་མཐོང་བ་ནི་རྩྭ་ཟ་རྒྱུ་མེད་དེ་ཤི་བའི་ནོར་ལུག་རེད་ཟེར། གནོད་འཚེ་དེར་ཁ་གཏད་ནས། ཞང་ཡོངས་ཀྱི་གོང་འོག་ཚང་མས་ཧུར་ཐག་གིས་རྒུད་སྐྱོབ་བྱ་འགུལ་སྤེལ།

ལུང་ད