ཡུས་ཧྲུའུ་ཡི་རིག་རྩལ་དྲིལ་སྒྲོག་བྱེད་མཁན་ཕུན་ཚོགས་ཟླ་བ།
2016.01.08 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 13

ཚིགས་ཇ་འཐུང་རྒྱུར་དགའ་བའི་མི་ཚང་མར་འདི་ལྟ་བུའི་བཤད་སྲོལ་ཞིག་ཡོད་དེ། ང་ཁྱིམ་དུ་མེད་ཚེ། ཚིགས་ཇ་འཐུང་ས་རུ་ཡོད་པ་དང་། ཚིགས་ཇ་ཁང་དུ་མེད་ཚེ། ཚིགས་ཇ་འཐུང་སར་འགྲོ་བའི་ལམ་བར་དུ་ཡོད་ཟེར་བའི་སྐད་ཆ་འདི་ལ་བཅོས་སྒྲིག་ཞིག་བྱས་ན། ཕུན་ཚོགས་ཟླ་བ་ཟེར་བའི་ཁམས་པའི་ཕོ་རྒོད་འདིའི་རྣམ་པ་འདི་ལྟར་མཚོན་པར་བྱས་ཀྱང་ཆོག་སྟེ། ཁོ་རང་ཁྱིམ་དུ་མེད་ཚེ། གཙང་གསུམ་འབྱུང་ཡུལ་དུ་ཡོད་པ་དང་། གཙང་གསུམ་འབྱུང་ཡུལ་དུ་མེད་ཚེ། གཙང་གསུམ་འབྱུང་ཡུལ་དུ་རྟོག་དཔྱོད་ལ་འགྲོ་བའི་ལམ་བར་དུ་ཡོད། ཁོ་རང་ནི་སོས་དལ་དལ་ངང་འདུག་རྒྱུར་མི་དགའ་བས། ནམ་ཡང་བྲེལ་འཚུབ་ཀྱི་ཀློང་ན་ཡོད།

ཁོ་རང་གིས་བྲེལ་བྲེལ་འཚུབ་འཚུབ་ཀྱིས་བྱ་བ་སྒྲུབ་པའི་མཇུག་འབྲས་ནི་ཡུས་ཧྲུའུ་ཡི་རིག་གནས་ཀྱི་མཚན་སྙན་དེ་འཛམ་གླིང་གི་མི་རྣམས་ཀྱིས་སྙན་ལམ་དུ་བསྐྱལ་བ་དེ་རེད།

ཡུས་ཧྲུའུ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་ཁྲོད་ཀྱི་གྲུབ་འབྲས་ཆེན་པོ་དེ་འཛམ་གླིང་གི་སྐྱེ་བོ་ཀུན་གྱི་རྣ་ལམ་དུ་གཅིག་འཕྲོ་གཅིག་ལ་གྲགས་བཞིན་ཡོད་པ་དང་། གངས་ལྗོངས་ཀྱི་ཡུལ་གྲུ་འདིར་སྙན་པའི་གྲགས་པ་རྒྱས་པའི་ཁམས་པའི་རིག་གནས་ལ་གསོན་ཤུགས་ཤིག་རྒྱས་ཡོད། ཡུན་རིང་རྒྱུན་བསྲིངས་པའི་འབྲོག་པའི་རིག་གནས་དེ་ཡུས་ཧྲུའུ་ཡི་མི་རེ་རེའི་སྟེང་ད