བུད་མེད་ཕལ་བ་ཞིག་གི་ངོ་མཚར་བའི་མི་ཚེ།
2016.01.19 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 49

རྒན་བཀུར་གཞོན་གཅེས་དང་བརྩེ་སེམས་ལྡན་ཉི་མ་ཕན་ཐོགས།

མོས་རང་ཉིད་ཀྱི་སྐོར་དེ་ཙམ་བཤད་འདོད་མེད་པ་དང་། རྟག་ཏུ་གཞན་ལ་བརྩེ་སེམས་ཟབ་མོ་བཅངས་པ་དེར་དྲིན་ལན་དང་སྙན་གྲགས་བསམ་ཀྱིན་མེད། ཁྱིམ་ཚང་གི་འབྱོར་བ་དེ་ཙམ་བཟང་རྒྱུ་མེད་ཀྱང་། མོས་རྒན་བཀུར་གཞོན་གཅེས་ཀྱི་བྱ་སྤྱོད་ལ་ཉེ་འཁོར་མང་ཚོགས་ཀྱི་བསྔགས་བརྗོད་ཟབ་མོ་ཐོབ། རྒྱུན་ལྡན་གྱི་ལས་ཀའི་ཁྲོད་མོས་རྟག་ཏུ་མིག་དཔེ་འདོན་པ་དང་། ངལ་བ་དང་འཁང་ར་གཉིས་བཟོད་ཀྱིས་མི་གཤིས་ཅན་གྱི་དོ་དམ་བྱ་ཐབས་ལ་ལས་རོགས་ཀྱི་ཡིད་ཆེས་དང་བརྩི་འཇོག་ཐོབ་ཡོད། མོ་ནི་སྐབས་བཞི་པའི་རྒྱལ་ཡོངས་ཀྱི་རྒན་བཀུར་གཞོན་གཅེས་ཀྱི་ཀུན་སྤྱོད་དཔེ་བཟང་ཉི་མ་ཕན་ཐོགས་རེད།

ཁོང་ཚོའི་བར་སྤུན་མཆེད་ཀྱི་འབྲེལ་བ་སྤུ་ཙམ་མེད་ཀྱང་། ཉི་མ་ཕན་ཐོགས་ཀྱི་བྱམས་སྐྱོང་འོག་འོ་ཆུ་འདྲེས་པ་ལྟ་བུ་དང་ཁ་བྲལ་ཐབས་མེད་པའི་ནང་མིར་གྱུར།

ལོ་བཅུ་ཕྲག་ཁ་ཤས་ཀྱི་སྔོན་ལ། ཉི་མ་ཕན་ཐོགས་ཁྲེང་ཀོན་ཆུས་གྲྭ་བཞི་སྡེ་ཁུལ་སྡེ་དམངས་ཨུ་ཡོན་ལྷན་ཁང་དུ་ལས་ཀ་ལས་ཀྱིན་ཡོད། སྟེས་དབང་གི་གོ་སྐབས་ཤིག་ལས་ཉི་མ་ཕན་ཐོགས་ཀྱིས་སྟག་རྩེ་རྫོང་བདེ་ཆེན་གྲོང་རྡལ་གྱི་རྨོ་བོ་ཚེ་རིང་ངོ་ཤེས་ནས། རྨོ་བོ་ཚེ་རིང་གི་བཟའ་ཟླའི་ལུས་པོ་བདེ་ཐང་མིན་པ་མ་ཟད། བུ་ཕ