མི་རིགས་མཐུན་སྒྲིལ་གྱི་ལས་དོན་གསར་བར་འབད་མཁན།
2016.02.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 11

གསར་འགོད་པ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་ཁྱོན་རྒྱས་ཞང་ཉིན་ཞ་སྡེ་བར་ཐོན་པ་དང་། བོད་ཀྱི་ཁྱད་ཆོས་ལྡན་པའི་ཁང་གསར་དག་རྩྭ་ཐང་ན་ཧ་ཅང་མཛེས་ལ། རླངས་འཁོར་རྣམ་ཞང་གྲོང་གི་བགྲོད་ལམ་སྟེང་ཕར་འགྲོ་ཚུར་འོང་བྱེད་བཞིན་ཡོད། སྡེ་བའི་ནང་གི་འགྱུར་ལྡོག་དེ་དག་ལ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཚེ་བྷོ་ཡིས་དཀའ་བ་མང་པོ་སྤྱད་ཡོད་པ་རེད། ལོ་མང་པོའི་རིང་ལ། ཁོས་ཏང་གི་གཞི་རིམ་ལས་བྱེད་མི་སྣ་ཞིག་གིས་དངོས་སྒྲུབ་གསར་སྐྲུན་དང་། ལག་ལེན་བྱེད་ཕོད་པ། མདུན་སྐྱོད་བྱེད་ཕོད་པའི་བྱ་བའི་བརྒྱུད་རིམ་གྱིས་དེ་དག་ཡོད་ཚད་ལ་གསལ་བཤད་བྱས་ཡོད།

ཚེ་བྷོ་ནི་ཉིན་ཞ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་རེད། ཁོས་སྡེ་བའི་མགོ་ཁྲིད་ཀྱི་བྱ་བ་གཉེར་བའི་ཚུན་ལ། ཧུར་ཐག་སྒོས་ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་པ་དང་། སྡེ་བ་ཡོངས་ཀྱི་མང་ཚོགས་ཀྱི་སྣེ་ཁྲིད་དེ་འབྱོར་འབྲིང་གི་བགྲོད་ལམ་དུ་བསྐྱོད་བཞིན་ཡོད། སྡེ་བའི་ཕྱུགས་ལས་འཕེལ་རྒྱས་དང་། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་སྲ་བརྟན་དུ་གཏོང་བ། སྡེ་བའི་རྣམ་པ་ལེགས་བཅོས་བྱེད་པ། སྡེ་དམངས་ཀྱི་བྱང་ཚད་ཇེ་མཐོར་གཏོང་བ། སྡེ་བའི་རིམ་པའི་དཔལ་འབྱོར་གྱི་རྣམ་པ་ལེགས་བཅོས་བྱས་པ་སོགས་ཀྱི་ཐད་བྱས་རྗེས་ཆེན་པ