རྡོ་རྗེ་ཚེ་རིང་གིས་ཕ་ཡུལ་གྱི་ནོར་ཁུལ་དབྱིན་ཇི་རུ་བཙོངས་བ།
2016.02.24 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 41

རྡོ་རྗེ་ཚེ་རིང་ནི་ཐབས་བཀོད་ཀྱིས་ཕྱུག་ཅིང་ཕུགས་བསམ་ཡོད་པའི་སློབ་གྲྭ་ཆེན་མོ་བའི་ལས་སྐྲུན་མཁན་ཞིག་རེད། རང་གི་ཕུགས་བསམ་གྱི་ཆེད་དུ་ཁོ་རང་ཕ་ཡུལ་རྐང་ཚའི་རྩྭ་ཐང་གི་ཕང་བ་རུ་ལོག་རྒྱུའི་སེམས་ཐག་བཅད་དེ་རང་ལ་གཏོགས་པའི་ནོར་ཁུལ་ལས་སྣོན་ཀུང་ཟི་ཞིག་བཙུགས་པ་བརྒྱུད། ནོར་ཁུལ་དབྱིན་ཇི་རུ་བཙོངས་ཐུབ་པ་བྱུང་།

ད་ལོ་ལོ་སོ་གསུམ་ཡིན་པའི་རྡོ་རྗེ་ཚེ་རིང་ནི་རྐང་ཚ་ནས་སྐྱེས་ཤིང་ཡུལ་དེ་ནས་འཚར་ལོངས་བྱུང་བའི་མི་ཞིག་ཡིན་ལ། ཉིས་སྟོང་བརྒྱད་ལོར་མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོ་ནས་སྦྱངས་མཐར་ཕྱིན་རྗེས་ཁྲིན་ཏུའུ་རུ་སོང་ནས་བྱ་བ་བཙལ།

སྟེས་དབང་གི་གོ་སྐབས་ཞིག་ལ་བརྟེན་ནས་རྡོ་རྗེ་ཚེ་རིང་གིས་ཁྲིན་ཏུའུ་ཡི་གྲོགས་པོ་ཞིག་ལ་ནོར་ཁུལ་མཁོ་བ་ཤེས་པ་དང་། རང་གི་ཕ་ཡུལ་དུ་ཆེས་མང་བ་ནི་ནོར་ཁུལ་ཡིན་པ་དང་། ནོར་ཁུལ་ཚུར་བསྡུ་བར་ཡང་དཀའ་ཁག་མེད་པས། ཉིས་སྟོང་བཅུ་བཞི་ལོར། ཁོས་ནོར་ཁུལ་བས