འབྲོག་པ་རྡོ་རྗེ་ཚེ་བརྟན་གྱི་ལག་རྩལ་གསར་བ།
2016.03.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

རྐང་ཚ་རྫོང་རོང་འབྲོག་པའི་ལས་ཞུགས་ནུས་རྩལ་གསོ་སྦྱོང་ལྟེ་གནས་ཀྱི་ཀྲུའུ་རིན་ཚེ་འབུམ་རྒྱལ་མཐོང་རྗེས། རྡོ་རྗེ་ཚེ་བརྟན་གྱིས་ལག་གི་བལ་འབྲེག་མཚམས་བཞག་ནས་སེམས་ཁོང་གི་དགའ་སྤྲོ་གནོན་མ་ཐུབ་པར་བཤད་རྒྱུར། ཟླ་རྗེས་མར་ང་རང་བོད་ལྗོངས་སུ་འགྲོ་དགོས་པ་དང་། ངས་བོད་ཀྱི་ས་གདན་འཐག་པའི་ལག་རྩལ་སློབ་འདོད་ཡོད་ཟེར།

ཚེ་འབུམ་རྒྱལ་གྱིས་རྡོ་རྗེ་ཚེ་རིང་ལ་ལྟོས་ནས་འབྲེལ་གཏུག་བྱས་ཡོད་དམ། ཁྱེད་ཀྱིས་ང་ཚོ་རོང་འབྲོག་པའི་ནུས་རྩལ་གསོ་སྦྱོང་གི་ལེགས་ཆ་དེ་ཉམས་སུ་མྱོང་ཐུབ་པ་བྱུང་ཡོད་འདུག་ཟེར། ཚེ་འབུམ་རྒྱལ་གྱིས་ཁ་ཕྱིར་འཁོར་ནས་གསར་འགོད་པར་བཤད་རྒྱུར། འབྲོག་པ་རྡོ་རྗེ་ཚེ་བརྟན་གྱི་གཏམ་རྒྱུད་ལ་ཉན་རྗེས། ཁྱེད་རང་གིས་ང་ཚོའི་རྫོང་ཐོག་གི་རོང་འབྲོག་པར་ནུས་རྩལ་གསོ་སྦྱོང་བྱས་པའི་བཟང་ཆ་རྟོགས་ཐུབ་ཞེས་བཤད།

རྡོ་རྗེ་ཚེ་བརྟན་གྱི་གཏམ་རྒྱུད་དེ་ཉིས་སྟོང་བདུན་ལོ་ནས་མགོ་བརྩམས་ཏེ་བཤད་དགོས། བྱིས་པ་སློབ་གྲྭ་འགྲོ་བར་སྟབས་བདེ་བསྐྲུན་ཆེད། ལོ་དེར། ཁྱོན་རྒྱས་ཞང་བཀྲ་སོག་སྡེ་བར་སྡོད་པའི་རྡོ་རྗེ་ཚེ་བརྟན་གྱིས་བཟའ་ཟླ་དང་བྱིས་པ་ཁྲིད་དེ་རྫོང་མཁར་དུ་གནས་སྤོས་པ་དང་། གླས་པའི་ཁང་བའི་ནང་བསྡད་རྗེས། རང་ཉིད་ལས་ཀ་ལས་སར་སོང་ནས་ཤེད་ཤུགས་ཀྱིས་ལས་ཀ་ལས་ཏེ་ཟླ་རེར་སྒོར