བོད་སྨན་ཆེད་མཁས་པ་བློ་འབའ་ཡི་མི་ཚེའི་བཞུད་ལམ།
2016.03.07 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 22

སྨན་པ་བློ་འབའ་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་མགོ་མང་ཞང་ཨོའུ་རྒྱ་སྡེ་བ་ནས་སྐྱེས་ཤིང་། ཆུང་དུས་ནས་བཟུང་རང་བཞིན་གྱིས་གསོ་རིག་གི་ལས་ལ་ཧ་ཅང་དགའ་བས་ཕྱི་ལུགས་དང་བོད་ལུགས་གཉིས་ཀྱི་གསོ་བ་རིག་པའི་ཤེས་བྱ་སྣ་ཚོགས་ལ་སྦྱང་བརྩོན་ལྷོད་མེད་བྱས་ཏེ་བོད་ཀྱི་གསོ་བ་རིག་པའི་ནད་ཐོག་ལག་ལེན་ཐད་ཀྱི་ཉམས་མྱོང་དང་དེང་རབས་གསོ་རིགས་ཕྱོགས་ཀྱི་གཤགས་བཅོས་ལས་རིགས་སོགས་ཀྱི་ཐད་ནས་གྲུབ་འབྲས་ཅུང་ཆེན་པོ་བླངས། ཁོ་རང་ལོ་བཅུ་གསུམ་གྱི་སྟེང་ནས་བཟུང་བོད་ལུགས་སྨན་བཅོས་བྱེད་པའི་བྱ་བར་ཞུགས།

གཅིག་དགུ་དྲུག་ཅུ་རེ་བདུན་ལོ་ནས་གཅིག་དགུ་བདུན་ཅུ་ལོའི་བར་དུ་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་ཁོངས་གཏོགས་ནས་ཀྲུང་ཕྱིའི་གསོ་རིག་གི་རྨང་གཞིའི་ཤེས་བྱར་སློབ་སྦྱོང་བྱས། གཅིག་དགུ་དོན་བདུན་ལོར་ཧྲང་ཧེ་གསོ་རིགས་སློབ་གྲུ་ཆེན་མོར་རྒྱུགས་འཕྲོད་དེ་སློབ་གླིང་དེ་ནས་ལོ་ངོ་བཞིའི་རིང་ལ་དེང་རབས་གསོ་རིག་གི་ཤེས་བྱ་སྣ་ཚོགས་ལ་དཀའ་སྤྱད་འབད་བརྩོན་གྱིས་ཟབ་སྦྱོང་བྱས། གཅིག་དགུ་གྱ་གསུམ་ལོ་ནས་གཅིག་དགུ་གྱ་བཞི་ལོའི་བར་དུ་ཁོས་སྔ་གཞུག་ཏུ་ཐུན་ཏེ་རྫོང་མི་དམངས་སྨན་ཁང་དང་ཐུན་ཏེ་རྫོང་བོད་སྨན་ཁང་། རྫོང་འཕྲོད་བསྟེན་ཅུའུ་སོགས་ཀྱི་ཀྲུའུ་རིན་དང་ཡོན་ཀྲང་གཞོ