དབུལ་སྐྱོར་མཁྲེགས་གཏོར་གྱི་སྣེ་ཁྲིད་མཁན་བུན་དཔའ་སྐྱིད།
2016.03.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 13

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་གླེང་སྐབས། ཚང་མས་སེམས་སུ་འཆར་བ་ནི་པད་མ་རྫོང་གི་བོད་ཇ་རེད། པད་མ་རྫོང་གི་བོད་ཇ་འདེབས་འཛུགས་གླེང་སྐབས་ངེས་པར་དུ་མི་ཞིག་གླེང་དགོས་ཏེ། མོ་ནི་པད་མ་རྫོང་དབུལ་སྐྱོར་གསར་སྤེལ་ཅུའུ་ཡི་ཅུའུ་ཀྲང་བུན་དཔའ་སྐྱིད་རེད།

བུན་དཔའ་སྐྱིད་ཀྱིས་དགའ་སྤྲོའི་ངང་བཤད་རྒྱུར། 2014ལོར། ཞིང་ཆེན་ནགས་ལས་ཐིན་གྱི་རྒྱབ་སྐྱོར་དང་བུན་དཔའ་སྐྱིད་ཀྱི་འབད་བརྩོན་འོག བོད་ཇ་དེ་པད་མ་རྫོང་ལྡི་མདའ་ཞང་ནས་རང་ཞིང་གི་ཐོག་མའི་གཞི་ཁྱོན་ཅན་གྱི་འདེབས་འཛུགས་བྱ་བ་མངོན་འགྱུར་བྱས། འདེབས་འཛུགས་རྒྱ་ཁྱོན་མུའུ་སྟོང་གཉིས་ལྔ་བརྒྱ་ཡོད་པ་མ་ཟད་ལེགས་འགྲུབ་ཆེན་པོ་བྱུང་། དང་ཐོག་འདེབས་འཛུགས་བྱེད་སྐབས། ང་ཚོའི་སེམས་ཁྲལ་བྱས་མོད། རྗེས་སུ་ཚང་མས་འབད་བརྩོན་ལྷོད་མེད་འོག སྡོང་ཕྲུག་སྐྱེས་པས་ང་ཚོ་སེམས་འགུལ་ཆེན་པོ་ཐེབས། རྒྱུ་མཚན་ནི་ངས་པད་མ་རྫོང་གི་མང་ཚོགས་ཀྱི་དབུལ་ཐར་ཕྱུག་བསྒྱུར་བྱེད་པའི་བྱེད་ཐབས་བཟང་བོ་ཞིག་རྙེད་པ་ཤེས་པ་དེ་ཡིན་ཟེར།

པད་མ་རྫོང་དབུལ་སྐྱོར་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་མུས་དབང་ཆེན་གྱིས་བཤད་རྒྱུར། སྐབས་དེར་བུན་དཔའ་སྐྱིད་ཀྱིས་བོད་ཇའི་མྱུ་གུའི་སྐྱེས་ཚད་ལ་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད། ཁོམ་ལོང་རེ་ཡོད་ཚེ་མོས་སྤ