མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་ཐད་བྱས་རྗེས་གལ་ཆེན་འཇོག་མཁན་འོ་ཚོགས་ཆེན།
2016.03.14 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 15

ཐོབ་ཤོར་དང་བཀའ་སྡུག་ལ་མི་བལྟ་བར་མི་ཚེ་གང་བོར་བོད་ཀྱི་གསོ་རིག་རྒྱུན་འཛིན་དང་ཞིབ་འཇུག ཁྱབ་གདལ་བཅས་ཀྱི་ལས་ཁོ་ནར་བརྩོན་པས། ཉིས་སྟོང་བཅོ་ལྔ་ལོའི་མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་ཐད་བྱས་རྗེས་གལ་ཆེན་བཞག་པའི་བྱ་དགའ་དེ་ཡང་འོ་ཚོགས་ཆེན་ལ་མཚོན་ན་ཡུན་རིང་བསགས་པའི་ཐོབ་འབྲས་ཤིག་ལས་མ་འདས། ཁོས་གསར་སྐྲུན་དང་མགོ་ཁྲིད་བྱས་པའི་ཚན་རྩལ་ཞིབ་འཇུག་ཚོགས་པས་དུན་ཡུན་རིང་བོར་འབད་བརྩོན་བྱས་འོག་རང་རྒྱལ་གྱི་བོད་སྨན་ཞིབ་འཇུག་གི་སྤྱི་ཡོངས་ཆུ་ཚད་འཛམ་གླིང་གི་མདུན་གྲལ་དུ་གནས་ཡོད་ལ། མིའི་རིགས་ཀྱི་བདེ་ཐང་གི་ལས་དོན་ཆེད་དུ་བྱས་རྗེས་ཆེན་པོ་བཞག་ཡོད། ཉིས་སྟོང་བཅོ་ལྔ་ལོའི་མཚོ་སྔོན་ཞིང་ཆེན་གྱི་ཚན་རིག་ལག་རྩལ་གྱི་བྱ་དགའ་སྟེར་བའི་ཚོགས་འདུ་བསྡུ་ལ་ཉེ་བའི་སྐབས་སུ། གསར་འགོད་པར་དགེ་རྒན་ཆེན་མོ་འོ་ཚོགས་ཆེན་ལགས་ལ་བཅར་འདྲིའི་གླེང་མོལ་ཟབ་རྒྱས་ཤིག་བྱེད་པའི་སྐལ་བ་བྱུང་།

ཁོ་རང་ལ་བྱ་དགའ་ཐོབ་པའི་མྱོང་ཚོར་གླེང་དུས། འོ་ཚོགས་ཆེན་གྱིས་ལག་ཐད་དུ་གཡུག་པ་དང་གདོང་ལ་ཁེངས་སྐྱུང་གི་འཛུམ་ཞིག་ཤར། འོན་ཀྱང་ཁོའི་ཚན་རྩལ་ཞིབ་འཇུག་ཚོགས་པ་དང་བོད་གསོ་རིག་གི་གྲུབ་འབྲས་གླེང་དུས། འོ་ཚོགས་ཆེན་གྱི་མིག་མདངས་རྣམ་རིག་རྒྱས་ཤིང་གཏམ་གྱི་སྒོ་མོ་ཡོངས་སུ་ཕྱེས། འོ་ཚོགས་ཆེན་གྱི་ལས