ཚེ་རིང་མཚོ་མོའི་མཐོ་འབྲིང་སློབ་གཉེར་བྱེད་འདོད་ཀྱི་འདུན་པ།
2016.03.16 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 17

 ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་དགའ་སྟོད་ཞང་སྐམ་ཡུལ་སྡེ་བ་ནས་འོངས་པའི་ཚེ་རིང་མཚོ་མོས་རྟ་རྒྱབ་དང་རས་གུར། རྐང་ཐང་དང་སྟབས་བདེའི་དཔེ་ཁྲིད་ལ་སོགས་དཀའ་སྡུག་གི་སློབ་སྦྱོང་བརྒྱུད་རིམ་མྱོང་མཐར། གཞི་ནས་རང་ཁྱིམ་དང་ཐག་ཉེ་བའི་མཐོ་འབྲིང་འགྲིམས་པའི་སྐལ་བ་བྱུང་སོང་།

ཚེ་རིང་མཚོ་མོ་འགྲིམས་བཞིན་པའི་ཡུལ་ཤུལ་ཁུལ་མཐོ་རིམ་སློབ་འབྲིང་བཞི་པ་ན། དྭངས་ཞིང་གསལ་བའི་སློབ་ཁང་དང་མལ་ཁང་། ཟ་ཁང་། ད་དུང་གསར་དུ་བཏིང་པའི་ལུས་རྩལ་ར་བའི་རྒྱུག་ལམ། དེ་མིན་ཆ་འཕྲིན་རང་བཞིན་གྱི་སྨྱན་མང་གཟིགས་ཀྱི་སྒྲིག་གཞི་བཀོད་བཅས་ཡོད།

ཚེ་རིང་མཚོ་མོས་འདི་འདྲའི་ཆ་རྐྱེན་བཟང་བའི་སློབ་གྲྭ་ཞིག་དུ་འགྲོ་ཐུབ་པ་ཡིད་ལའང་འཆར་མ་མྱོང་། “ངས་བལྟས་ན་སློབ་གྲྭར་འགྲོ་ཐུབ་པ་ནི་ཧ་ཅང་དགའ་འོས་ལ་སྤྲོ་སྣང་ལྡན་པའི་དོན་དག་ཞིག་རེད། རྟག་ཏུ་འདི་ལྟ་བའི་སློབ་གྲྭ་ཞིག་དུ་འགྲོ་ཐུབ་པ་ནི་བཤད་མ་དགོས་པ་རེད།”ཚེ་རིང་མཚོ་མོས་ངོ་མི་གནོངས་པར་རང་ཉིད་ཀྱིས་མཐོ་འབྲིང་འགྲིམས་པའི་བརྒྱུད་རིམ་རེ་རེ་མ་ལུས་པར་གསར་འགོད་པར་བཤད་བྱུང་། རྒྱལ་ཁབ་ཀྱི་“ཕལ་ཆེར་གཉིས”ཀྱི་མཁྲེགས་གཏོར་ལས་འགན་ཡོངས་འགྲུབ་བྱས་པས། ཡུལ་ཤུལ་མི་རིགས་སློབ་གསོའི་བྱ་གཞག་ལ་འཕེལ་རྒྱ