གཙང་གསུམ་མགོ་ཁུངས་ཀྱི་ཡིག་སྐྱེལ་བ་བཟང་བོ་དཔལ་བཟང་།
2016.03.23 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 26

ཡུའུ་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་ཆ་སྙོམས་མཐོ་ཚད་མཚོ་ངོས་ལས་སྨི་བཞི་སྟོང་ཉིས་བརྒྱ་ལྷག་ཡིན་ལ། གནས་འདིའི་ས་རྒྱ་ཆེ་ཞིང་མི་གྲངས་ཉུང་བ། ས་བབ་མཐོ་ཞིང་དབྱང་རླུང་དཀོན་པ། རང་བྱུང་ཁོར་ཡུག་འབགས་བཙོག་ཆེ་བ། རོང་འབྲོག་མི་དམངས་ཁ་ཐོར་དུ་གནས་ལ་འགྲིམ་འགྲུལ་སྟབས་མི་བདེ་བ་རེད།
ཡིན་ནའང་། སྐབས་བཞི་བའི་རྒྱལ་ཡོངས་ཀྱི་དཔལ་ཡོན་ལས་ཁུངས“མཚོ་སྔོན་ཞིང་ཆེན་སྦྲག་སྲིད་ཀུང་སིའི་ཁོངས་གཏོགས་ཡུའུ་ཧྲུའུ་ཡན་ལག་ཀུང་སིའི”ཡིག་སྐྱེལ་མཁན་ཚོས་ལོ་ཧྲིལ་བོར་དཀའ་ཚེགས་ལ་མ་འཛེམ་པར་རི་མཐོ་ལུང་ཟབ་བརྒལ་ནས་མདོ་དབུས་མཐོ་སྒང་འདིར་བྲེལ་རྒྱུག་བྱེད་བཞིན་ཡོད་ལ། ཁོ་ཚོས་གངས་ལྗོངས་རྩྭ་ཐང་འདིའི་སྟེང་གི་རིགས་སོ་སོའི་མི་དམངས་རྣམས་ལ་ཡིག་སྐྱེལ་ཞབས་ཞུ་བྱེད་པའི་གཡུ་མདོག་གི་ཟམ་ཆེན་ཞིག་བསྐྲུན་ཡོད།

ཡུའུ་ཧྲུའུ་ཡན་ལག་ཀུང་སིས་ཡུའུ་ཧྲུའུ་ཡི་མི་གྲངས་འབུམ་གསུམ་ཁྲི་བརྒྱད་ལྷག་གི་ཡིག་སྐྱེལ་ཞབས་ཞུའི་ལས་ཀ་ཕྲག་ཏུ་འཁུར་ཡོད་པ་དང། ཀུང་སི་རུ་ལས་བཟོ་བ་བརྒྱ་དང་ཉེར་ལྔ་ཡོད་ལ་གྲངས་ཉུང་མི་རིགས་ལས་བཟོ་བ་དྲུག་བཅུ་ལྷག་ཡོད་པས་མི་གྲངས་ཀྱི་མང་ཤས་ཟིན་འདུག ལོ་འདི་འགའི་རིང་ལ་ཀུང་སི་རུ་རྒྱལ་ཡོངས་རིམ་པའི་ཕུལ་བྱུང་ངལ་རྩོལ་པ་གཅིག་དང་ཞིང་ཆེན་རིམ་པའི་ཕུལ་བྱུང་ང