སྡེ་བའི་ཉེན་རྟོག་པ་བཟང་པོ་ལྕགས་ཐར་ཚེ་རིང་།
2016.03.28 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 21

 2015ལོའི་ཟླ12ཚེས10ཉིན། མཚོ་སྔོན་པོའི་བྱང་འགྲམ་དུ་གནས་པའི་རྐང་ཚ་རྫོང་ཁྱོན་རྒྱས་ཞང་ཉིང་ཞ་སྡེ་བར་ཁ་བ་ཆེན་པོ་ཞིག་བབས། ལོ་སོ་ལྔ་ཡིན་པའི་སྡེ་བའི་ཉེན་རྟོག་པ་ལྕགས་ཐར་ཚེ་རིང་གིས་ཁ་བ་བུ་ཡུག་ལ་མ་འཛེམས་པར་ཆེད་དུ་བོད་རིགས་རྒན་པ་ཞིག་ལ་ཐོབ་ཐང་ལག་ཁྱེར་བསྐྱལ། ལྕགས་ཐར་ཚེ་རིང་ཁྱིམ་ཚང་དུ་སོང་སྟེ་འཚམས་འདྲི་བྱེད་པའི་སྐབས་སུ། རྒན་པ་བཞི་ཡི་ལོ་ན་མཐོ་ཞིང་འགྲོ་འདུག་སྟབས་མི་བདེ་བའི་དབང་གིས་ཐོབ་ཐང་ལག་ཁྱེར་ད་རུང་སྒྲུབ་མ་ཐུབ་པར། རྒྱལ་ཁབ་ཀྱི་འབྲེལ་ཡོད་སྲིད་ཇུས་ལོངས་སུ་སྤྱོད་མ་ཐུབ་པར་ལུས་ཡོད་པའི་གནས་ཚུལ་དེ་ཤེས་རྗེས། ལྕགས་ཐར་ཚེ་རིང་གིས་དུས་ཐོག་ཏུ་ཡུལ་དེའི་སྤྱི་བདེ་མངག་གཏོང་ཁང་ལ་ཡར་ཞུ་བྱས་པ་དང་། ས་དེའི་མི་དམངས་ཉེན་རྟོག་པས་འགྲོ་ལུགས་སྟབས་བདེ་བཟོ་བའི་རྩ་དོན་ལྟར། རྒྱབ་ལྗོངས་འགེལ་རས་དང་པར་ཆས་བཟུང་སྟེ། ལྕགས་ཐར་ཚེ་རིང་གི་འགྲོ་རོགས་འོག་ཁྱིམ་ཚང་རེ་རེར་སོང་སྟེ་འདྲ་པར་བླངས།

2014ལོར་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་སྡེ་བའི་ཉེན་རྟོག་པའི་དཔུང་སྡེ་བཙུགས་ཏེ། སྡེ་བ་གཅིག་ལ་ཉེན་རྟོག་པ་གཅིག་གི་དོ་དམ་བྱེད་སྟངས་ལག་བསྟར་བྱེད་མགོ་བརྩམས། རྐང་ཚ་རྫོང་གིས་རྫོང་ཡོངས་ཀྱི་སྲིད་འཛིན་སྡེ་བ་སོ་གཅིག་ལ་སྡེ་བའི་ཉེན་རྟོག་པ་སོ་གཅིག་མངགས་ན