བོད་རིགས་བུ་མོ་འབྲུག་མོ་སྐྱིད་ཀྱིས་བློ་བརྟན་འགྱུར་མེད་སྒོས་ས་མཐའི་ཞིང་གྲོང་འདིར་བྱིས་གཉོར་ཁང་ཞིག་གསར་འཛུགས་བྱེད་པའི་འགན་ཁུར་ལྕི་མོ་འདི་ཕྲག་ཏུ་བླངས། ཁོ་མོས་རང་གི་ཤེས་ཡོན་དང་བརྩེ་སེམས་ལ་བརྟེན་ནས་བྱིས་པ་བདུན་བཅུ་ལྷག་གི་མ་འོངས་བའི་ཆེད་དུ་འབད་བརྩོན་བྱེད་བཞིན་ཡོད་ལ། ཁོ་མོས་སྤྲོ་སེམས་དང་ལང་ཚོ་ཡིས“མཐོ་སྒང་གི་མེ་ཏོག”དེ་དག་བདེ་ཐང་ངང་འཚར་ལོངས་འབྱུང་བར་ལྟ་སྐྱོང་བྱེད་བཞིན་ཡོད།
ས་གྲུ་བཞི་ཞང་ནི་གུང་ཧོ་གཤོངས་སའི་བྱེ་ཐང་སྟེང་དུ་ཆགས་ཡོད་ལ། བྱེ་ཐང་འདིའི་སྟེང་གི་བུ་མོ་ཆུང་ཆུང་ཞིག་གིས་རང་གི་འགྱུར་མེད་ཆོད་སེམས་ལ་བརྟེན་ནས་ས་དེའི་བྱིས་པ་རྣམས་ལ་ལྗང་མདོག་གི་ཁྱིམ་གཞི་ཞིག་བསྐྲུན་ཡོད།