གངས་འདབས་ཀྱི་གློག་བརྙན་སྟོན་མཁན།
2016.04.08 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 30

ཁོའི་མིང་ལ་གནམ་ལྷ་ཚེ་རིང་ཟེར་ཞིང་། ད་ལོར་ལོ་ཞེ་བརྒྱད་ལ་སོན་ཡོད། ཁོ་ནི་རྨ་ཆེན་རྫོང་གློག་བརྙན་སྟོན་མཁན་རུ་ཁག་གི་གློག་བརྙན་སྟོན་མཁན་རྒན་པ་ཞིག་ཡིན་ལ།རྨ་ཆེན་རྫོང་གློག་བརྙན་དོ་དམ་ས་ཚིགས་ཀྱི་འགན་ཁུར་པ་དང་ལས་བྱེད་མི་སྣ་གཅིག་པུའང་ཡིན།

རྨ་ཆེན་གངས་འདབས་སུ་གནས་པའི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་ནི་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ས་ཁུལ་ཡིན། རྫོང་ཡོངས་ཀྱི་ནང་ཁུལ་དུ་རི་བོ་མཐོ་ཞིང་ཆུ་བོ་མང་ལ། མཚོ་ངོས་ལས་མཐོ་ཚད་ལ་ཆ་སྙོམས་ཀྱིས་སྨི་སྟོང་བཞི་བརྒྱ་ཡན་དུ་སླེབས་པ་དང་། ས་བབ་མཐོ་ཞིང་དབྱང་དབུགས་དཀོན་པ་དང་། གནམ་གཤིས་ཧ་ཅང་སྡུག་པོ་ཡིན། གནམ་ལྷ་ཚེ་རིང་གིས་གཅིག་དགུ་གྱ་དགུ་ལོར་གློག་བརྙན་སྟོན་པའི་བྱ་བ་དེའི་འགན་ཁུར་རྗེས། གློག་བརྙན་སྟོན་པའི་བྱ་བར་དགའ་ཞེན་ཆེ་ཞིང་། ལས་རྐང་དེའི་སྟེང་ནས་བྱ་བ་ནན་ཏན་གྱིས་བསྒྲུབས་ནས་ལོ་ངོ་ཉེར་བདུན་འགོར་སོང་། སྔོན་ཆད་གཞི་རིམ་དུ་སོང་ནས་གློག་བརྙན་སྟོན་དུས། སྦྲ་གུར་གཅིག་དང་ཁལ་མ་གཅིགའཁྲབ་ཡོལ་གཅིག་བཅས་ནི་སྐོར་སྐྱོད་གློག་བརྙན་ཁང་གི་རྒྱུ་རྫས་ཡོད་ཚད་ཡིན། ཉིས་སྟོང་བདུན་ལོར་སྔོན་ཆད་ཀྱི་རྗེས་ལུས་ཅན་གྱི་བརྙན་སྟོན་འཕྲུལ་ཆས་དེ་ཨང་ཀིའི་བརྙན་སྟོན་འཕྲུལ་ཆས་ལ་བརྗེས་པ་དང་ཁལ་མའང་རླང