ཕ་རྒྱུད་བུ་ཡིས་འཛིན་པའི་སྨན་པ་བཟང་བོ།
2016.04.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 27

མི་ཚེ་གཅིག་ལ་ལོ་ངོ་ཉེར་དགུ་དུ་ཡོད་དམ། བོད་སྨན་གྱི་ལས་གཉེར་བའི་ཁྱིམ་རྒྱུད་དུ་སྐྱེས་པའི་ཡེ་ཤེས་བཟང་པོ་ཡིས་ཨ་ཕའི་སྨན་རྒྱུད་བཟུང་ནས་ཁྱིམ་ཚང་གང་མང་དུ་ནད་བཅོས་བྱེད་དུ་བསྐྱོད་ལ། ལོ་ངོ་ཉེར་དགུའི་རིང་ལ་སྡེ་བའི་སྨན་པ་བྱས་པ་རེད། ལོ་ངོ་ཉེར་དགུའི་རིང་ལ། སྐྲ་དཀར་པོ་སྐྱེས་པ་དང་གདོང་ལ་རྒས་འདོག་ཤར་ཡོད་རུང་། ཁོའི་བོད་སྨན་ལ་བཟུང་བའི་བསམ་པ་སྔར་བཞིན་འགྱུར་མེད། ཁོ་རང་སྤྱིར་བཏང་གི་མི་དཀྱུས་མ་ཞིག་ཡིན་པ་དང་། ཁོ་རང་ཉམས་ཆུང་ཞིང་སྨྲ་བ་ཉུང་ཡང་། རང་ཉིད་ཀྱི་དོན་དངོས་བྱ་སྤྱོད་ལས་གཞན་དོན་ཁུར་དུ་ལེན་པར་གསལ་འགྲེལ་བྱས། ཡེ་ཤེས་བཟང་པོ། ཁྱེད་ཀྱིས་ནད་ལ་བརྟག་ནས་མི་སེམས་གསོ། སྨན་སྦྱིན་ནས་མིའི་བརྩེ་བ་བསྐྱངས།

དུས་རབས་སྔོན་མའི་ལོ་རབས་དྲུག་ཅུའི་ལོ་མཇུག་ཏུ་སྐྱེས་པའི་ཡེ་ཤེས་བཟང་བོ་ནི་ཁྱིམ་རྒྱུད་ཁྲོད་ཀྱི་མི་རབས་དྲུག་པའི་སྨན་པ་ཡིན་ལ། ཁོ་ཚང་ནི་སྡེ་བའི་ནང་གི་མི་ཚང་མས་ཤེས་པའི་བོད་སྨན་རྒྱུད་འཛིན་བྱེད་པའི་ཁྱིམ་ཚང་ཞིག་རེད། ལོ་ངོ་ཉེར་དགུའི་རིང་ལ། ཁོ་རང་གཞི་རིམ་དུ་བསྡད་ནས་བྱས་རྗེས་འཇོག་བཞིན་ཡོད་ལ། མང་ཚོགས་ཀྱི་སྨན་བཅོས་བདེ་ཐང་ལས་དོན་གྱི་ཆེད་དུ་རང་ནུས་འབུལ་བཞིན་ཡོད། སྡེ་བའི་མང་ཚོགས་ཀྱི་ཆེད་དུ་ནད་ལ་བལྟ་བ་དཀའ་ཁག་ཅིག་ཏུ་མི་བརྩི་བས། ས་གན