ཁོར་སྲུང་པ་གྲགས་པ་དང་ཁོའི་གེ་སར་རྟ་རྫི།
2016.04.14 ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ཀློག་གྲངས། 78

10038208_885186.png 

མཚོ་སྔོན་ནི་ངོ་མཚར་གྱི་གནས་མཆོག་ཅིག་ཡིན་ཏེ། ལོ་རེའི་དཔྱིད་ཟླ་གསུམ་པར་གེ་སར་རྟ་རྫི་རྒྱང་ཐག་རིང་བོའི་ཡུལ་གྲུ་ནས་མཛེས་སྡུག་གི་མཚོ་སྔོན་ལ་འཕུར་འོང་ནས་གནས་འདི་རུ་འཚོ་བཞིན་ཡོད། ལོ་རེའི་དུས་སྐབས་དེར། གུང་ཧོ་རྫོང་སྤྲེལ་ནག་དཀར་ལ་དགོན་པའི་གྲྭ་བ་གྲགས་པ་དང་ཁོའི་ཆོས་གྲོགས་རྣམས་ཀྱིས་མཉམ་དུ་གེ་སར་རྟ་རྫི་ལ་ཚང་བཟོ་བཞིན་ཡོད། རིམ་གྱིས་མཐོ་སྒང་གི་གེ་སར་རྟ་རྫི་དང་ཁོ་ཚོའི་བར་དུ་གྲོགས་པོ་བཟང་པོའི་འདང་བརྩེ་ཟབ་མོ་ཞིག་ཆགས་པ་རེད། ནམ་རྒྱུན། གྲགས་པས་གེ་སར་རྟ་རྫི་ལ་ཚང་གསར་བ་བཟོ་ཆེད། ཁོས་རྩྭ་རའི་ནང་རྩྭ་སྐམ་བྲེགས་ཏེ་རྐང་ཐང་གིས་ལ་མོ་བརྒྱབ་སྟེ་རྩྭ་དེ་དག་ཁྲུང་ཁྲུང་སྐེ་ནག་གི་ཚང་ཡོད་སར་བསྐྱལ་བ་དང་། གེ་སར་རྟ་རྫི་མེད་པའི་གོ་སྐབས་དང་བསྟུན་ནས། གེ་སར་རྟ་རྫིས་སྒོ་ང་གཏོང་བར་འགལ་རྐྱེན་མི་འབྱུང་ཆེད་དུས་ཡུན་སྐར་མ་ཉི་ཤུའི་ནང་ཁོས་ཚང་གསར་བ་བཟོ་བཞིན་ཡོད། གྲགས་པ་ནི་མཚོ་སྐོར་དཀར་ལ་སྡེ་བ་ནས་སྐྱེས་པ་དང་ལོ་བཅོ་ལྔའི་སྟེང་དཀར་ལ་དགོན་པ་ནས་རབ་ཏུ་བྱུང་བ་རེད། ཁོ་