བོད་རིགས་ལུས་རྩལ་པ་ཆོས་དབྱིངས་སྐྱིད་ཀྱི་ཕུགས་བསམ།
2016.04.18 ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ཀློག་གྲངས། 40

 ཆོས་དབྱིངས་སྐྱིད་ནི1990ལོར་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་ཝ་འཇོག་ཡུལ་ཚོའི་བོད་རིགས་འབྲོག་ཁྱིམ་དཀྱུས་མ་ཞིག་ཏུ་སྐྱེས་ཤིང་། རྒྱལ་སྤྱིའི་ཨའོ་རྩལ་འགྲན་ཚོགས་སྟེང་བྱ་དགའ་ཐོབ་མཁན་གྱི་བོད་པ་ཐོག་མ་དེ་ཡིན་ཞིང་། ཁོ་མོ2010ལོའི་ཟླ7པར་རྒྱལ་ཁབ་མཆོང་རྒྱུག་འཕེན་གསུམ་རུ་ཁག་ཏུ་ཞུགས་པ་དང་། 2012ལོར་དབྱིན་ཇིའི་ལོན་ཏོན་དུ་འཚོགས་པའི་ཨོ་རྩལ་འགྲན་ཚོགས་སྐབས30བའི་ཐོག་སྤྱི་ལེ20ཅན་གྱི་བུད་མེད་འགྲོ་རྒྱུག་འགྲན་བསྡུར་ཁྲོད་དངུལ་གྱི་རྟགས་མ་ཐོབ་པ་མ་ཟད། དེ་སྔའི་ཨེ་ཤ་ཡའི་འགྲོ་རྒྱུག་ལུས་རྩལ་གྱི་ཟིན་ཐོ་གསར་པ་བསྐྲུན། ཆོས་དབྱིངས་སྐྱིད་ཀྱིས་ད་དུང2015ལོའི་སི་ཕེན་རྒྱལ་ཁབ་ཀྱི་ལ་ཁེ་ལུའུ་ནེ་ཡ་རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་འགྲན་བསྡུར་གྱི་སྤྱི་ལེ20ཅན་གྱི་བུད་མེད་འགྲོ་རྩལ་འགྲན་བསྡུར་ཁྲོད་ཨང་གཉིས་པ་དང་། ཀྲུང་གོའི་རྒྱལ་ཡོངས་རྟིང་རྩོད་འགྲོ་རྒྱུག་འགྲན་བསྡུར་གྱི་སྤྱི་ལེ20ཅན་གྱི་བུད་མེད་འགྲོ་རྒྱུག་འགྲན་བསྡུར་ཁྲོད་ཨང་དང་པོ་བཅས་ཐོབ་པ་སོགས་ལུས་རྩལ་ཐད་གྲུབ་འབྲས་འབུར་དུ་ཐོན་པ་བླངས་དང་ལེན་བཞིན་ཡོད།

ཨའོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ནི་ལུས་རྩལ་པ་ཡོངས་ཀྱི་རྨི་ལམ་ཡིན་པས་ངས་ཀྱང་འདིའི་ཆེད་དུ་འབད་བརྩོན་བྱེད་ངེས་