པདྨ་རིག་འཛིན་དང་ཁོའི་ཐོན་ལས་གསར་སྤེལ་གྱི་སྙིང་སྟོབས།
2016.05.03 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 31

གསར་འགོད་པ་རྨ་ལྷོ་ཁུལ་ནས་ཆུ་ཚོད་ཕྱེད་ཙམ་བསྐྱོད་རྗེས་རེབ་གོང་གྱང་སྐྱའི་བོད་ལྷམ་ཐོན་འབྱེད་ཚད་ཡོད་ཀུང་ཟིར་ཐོན། གནས་དེ་ནས་ན་གཞོན་ལས་བརྩོན་པ་པདྨ་རིག་འཛིན་དང་ཐོག་མར་འཕྲད་བྱུང་། ཁོའི་སྒམ་བརླིང་བབ་ཆགས་ཀྱི་ཕྱི་ཚུལ་དེ་མཐོང་དུས་ཁོ་ནི་འགྲོགས་བདེ་གཤིབ་བདེ་དང་བློ་སྤོབས་ཀྱིས་ཁེངས་པ་ཞིག་འདུག་སྙམ་པའི་ཚོར་བ་ཞིག་ངང་གིས་སྐྱེས་བྱུང་ལ། ཁོས་རང་གི་མི་ཚེ་ཡི་བྱུང་བ་དང་ལས་བསྐྲུན་གྱི་བརྒྱུད་རིམ། མ་འོངས་པའི་འཆར་གཞི་སོགས་རེ་རེ་བཞིན་བློ་ཐོག་ནས་ཤར་མར་བརྗོད་བྱུང་། གསར་བསྐྲུན་གྱི་འདུ་ཤེས་མངའ་ཞིང་ཡར་ཐོན་གྱི་ངར་ཤུགས་འཕེལ་བའི་ན་གཞོན་ལས་བརྩོན་པ་པདྨ་རིག་འཛིན་ནི། རྣམ་ཀུན་ལས་བསྐྲུན་ཚོང་གཉེར་ལ་བློ་མོས་ཆེ་ཞིང་རིག་གནས་རྒྱུན་འཛིན་སྲུང་སྐྱོབ་ལ་མནོ་བསམ་གཏོང་ཕོད་ཀྱི་ན་གཞོན་ལྷག་བསམ་ཅན་ཞིག་རེད་ལ། 2004ལོར་ཁོ་རང་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་རྩིས་རིག་ཆེད་སྦྱོང་འཛིན་གྲྭ་ནས་སློབ་མཐར་ཕྱིན་རྗེས། པེ་ཅིན་དུ་སོང་ནས་རང་ལས་རང་འཚོལ་གྱི་ལམ་བུར་བསྙེགས་མྱོང་། དུས་སྐབས་དེར་ཁོས་པེ་ཅིན་རང་བྱུང་ཚན་རིག་བཟོ་སྐྲུན་རིག་པའི་སློབ་ཆེན་ནས་རྩིས་འཁོར་ཤེས་བྱ་ཐད་ལ་སྦྱངས་པ་མི་དམན་པ་བྱས།

2007ལོར། ཕ་ཡུལ་གྱི་རིག་གནས་ཐོན་ལས་ཀྱི་རྣམ་པ་ཉིན་རེ་བཞིན་གོང་འཕེལ་དུ་འ