འབྲོག་དམངས་སེམས་ཀྱི་ཧྲུའུ་ཅི་དང་པོ་སྐལ་བཟང་བཀྲ་ཤིས།
2016.05.04 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 42

“ང་མདང་དགོང་ཆུ་ཚོད་བཅུ་གཉིས་སྟེང་ཐོན་པ་ཡིན། དེ་རིང་ཉིན་གུང་ཕྱིར་འགྲོ་དགོས་པས་ཆོག་མཆན་འདི་ང་ཚོ་སྡེ་བར་མཚོན་ན་གལ་ཆེན་ཞིག་ཏུ་རྩི་བཞིན་ཡོད། ” ད་ལོའི་ཟླ་བཞི་པའི་ཚེས་བཅུ་ཉིན་གསར་འགོད་པ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་ར་སྐོར་ནང་ཐོན་པ་ན། ལག་ཏུ་ཡིག་ཆ་མང་པོ་བཟུང་ཡོད་པའི་གསར་བུ་ལོ་ན་སུམ་ཅུ་ལ་སོན་པ་ཞིག་གིས་ཁུལ་དམངས་སྲིད་ཅུས་ཀྱི་ཅུས་ཀྲང་རིན་ཆེན་ལ་འདི་ལྟར་བཤད་བཞིན་པ་ཐོས་བྱུང་། རྒྱུས་ལོན་བྱུང་བ་ལྟར་ན། ཁོམིང་ལ་སྐལ་བཟང་བཀྲ་ཤིས་ཟེར་ཞིང་། ལོ་སྔོན་མར་མགོ་ལོག་ཁུལ་མི་དམངས་སྲིད་གཞུང་གིས་རྨ་ཆེན་རྫོང་གཡུག་གཞུང་ཞང་སྟག་སྡང་སྡེ་བར་མངགས་པའི་ཧྲུའུ་ཅི་དང་པོ་རེད། ཐེངས་འདིར་ཁོ་སྟག་སྡང་སྡེ་བར་གྲོ་ཕྱེ་སློང་དུ་ཡོང་བ་རེད།

གཡུག་གཞུང་ཞང་ནི་མཚོ་ངོས་ལས་མཐོ་ཚད་མུས་བཞི་སྟོང་ཉིས་བརྒྱ་ལྷག་ཡོད་པའི་མཚམས་སུ་གནས་པས་ས་བབ་མཐོ་ཞིང་འགྲིམ་འགྲུལ་སྟབས་མི་བདེ་བ་དང་། དབྱར་ཁའི་དུས་ཡུན་ཐུང་ཞིང་དགུན་ཟླ་རིང་བས་དུས་ཚིགས་བཞིའི་ཆ་སྙོམས་ཀྱི་དྲོད་གྲང་ཏུའུ་བཅུ་དགུ་ཡས་མས་རེད།

སྐལ་བཟང་བཀྲ་ཤིས་ཀྱི་སེམས་སུ་ད་རུང་བརྗེད་ཐབས་མེད་པ་ནི། ཐོག་དང་པོར་ཁོ་སྟག་སྡང་སྡེ་བར་ཧྲུའུ་ཅི་དང་པོའི་འགན་འཁུར་དུ་ཆས་དུས། སྡེ་བ