“ཉི་མའི་རྗེས་སུ་སྙེགས་པའི”ལས་སྐྲུན་གྱི་འདུན་པ།
2016.06.20 ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ཀློག་གྲངས། 36

ཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་གི་གྲམ་ཐང་ཞིག་ཏུ་ཐན་ཆི་ཧའོ་ཡིས་ལས་སྐྲུན་གྱི་མགོ་ཐོག་མར་བརྩམས་ཤིང་། ཁོས་སྣེ་ཁྲིད་པའི་མི་དྲུག་གི་ཚོགས་པས་རང་གིས་ཇུས་འགོད་བྱས་ནས“ས་བབ་རྙོག་འཛིང་ཆེ་སར་གཏོང་བའི་འོད་ཤུགས་གློག་གཏོང་ས་ཚིགས་ཀྱི་ལྷུ་ལག་གཙང་ཕྱིས་རླངས་འཁོར”སྒྲིག་སྦྱོར་བྱས་པས། ས་དེའི་གློག་གཏོང་ས་ཚིགས་ཀྱི་འོད་ཤུགས་གློག་གཏོང་གློག་རྫས་ལེབ་མོ་དུས་ཡུན་རིང་པོར་མིས་གཙང་ཕྱིས་བྱེད་དགོས་པའི་རྣམ་པ་བསྒྱུར་བཅོས་བྱས། ཐན་ཆི་ཧའོ་ཡིས་ངས“ཉི་མའི་རྗེས་སུ་སྙེག་པ”ཡིན་ཞེས་གད་མོ་དགོད་བཞིན་དུ་དེ་ལྟར་བཤད་བྱུང་།

“ད་སྐབས་མཚོ་སྔོན་ཞིང་ཆེན་ཁོངས་སུ་འོད་ཤུགས་གློག་གཏོང་ས་ཚིགས་ཀྱི་གློག་རྫས་ལེབ་མོ་དེ་མིས་གཙང་ཕྱིས་བྱེད་དགོས་པས། གཙང་མ་ཞིག་ཕྱིས་མི་ཐུབ་པའི་ཁར་འགྲོ་སོང་ཡང་ཆེ། ང་ཚོས་བྱེ་ཐང་དུ་བགྲོད་ཐུབ་པའི་ལྗིད་ཐེག་རླངས་འཁོར་ཞིག་ལས་ནས་ཚོད་ལྟ་སྙོམས་སྒྲིག་བྱས་པ་དེ་ས་མཐོའི་བྱེ་ཐང་དང་བྱེ་རྡོ་མང་སར་འགྲོ་ཐུབ་སྟབས་གཙང་ཕྱིས་ཀྱི་འགྲོ་སོང་ཆེས་ཆེར་ཇེ་ཉུང་དུ་སོང་”ཞེས་རང་ཉིད་ཀྱི་ལས་སྐྲུན་གྱི་ཁ་ཕྱོགས་སྐོར་ལ་ཐན་ཆི་ཧའོ་ཡིས་དགའ་སྤྲོའི་ངང་དེ་ལྟར་བཤད་བྱུང་།

1992ལོར་སྐྱེས་པའི་ཐན་ཆི་ཧའོ་ཐེན་ཅིན་ལས་རིགས་ལག་རྩལ་སློབ་གླིང་ནས་སློབ་མཐར་ཕྱིན་པ་དང་། 2014ལོར་ཕ་ཡུལ་མཚོ་སྔོན་ཞིང་ཆེན་ལ་ལོག་ནས་དངོས་སྦྱོང་བྱེད་སྐབས། ས་གནས་ཀྱི་འོད་ཤུགས་གློག་གཏོང་ཁེ་ལས་ཀྱིས་ལོ་ལྟར་འོད་ཤུགས་གློག་གཏོང་གློག་རྫས་ལེབ་མོ་མང་པོ་གཙང་ཕྱིས་བྱེད་དགོས་པ་རེད། ཡིན་ནའང་། གཙང་ཕྱིས་སྒྲིག་ཆས་ཡག་པོ་ཞིག་མེད་སྟབས་མིས་ལག་པ་འགུལ་ནས་ཕྱིས་དགོས་པས་དཀའ་ངལ་མང་པོ་ཞིག་ཡོད་པ་ཤེས།

མི་ལ་བརྟེན་མི་དགོས་པར་འཕྲུལ་འཁོར་གྱིས་གཙང་ཕྱིས་ཐུབ་པ་ཞིག་ཡོང་བར་བྱེད་རྒྱུ་ནི་མ་འོངས་འཕེལ་རྒྱས་ཀྱི་ཁ་ཕྱོགས་བཟློག་ཏུ་མེད་པ་ཞིག་ཡིན་པར་བསམས་ནས་འོད་ཤུགས་ཀྱི་ཆེད་ལས་ཤེས་བྱ་དེ་ཙམ་མེད་པའི་ཐན་ཆི་ཧའོ་ཡིས་དྲ་རྒྱའི་ཐོག་འབྲེལ་ཡོད་ཀྱི་དཔྱད་གཞི་མང་པོ་བཙལ་ནས་བལྟས།

“ད་སྐབས་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་འོད་ཤུགས་གློག་གཏོང་གློག་རྫས་ལེབ་མོ་གཙང་ཕྱིས་བྱེད་པའི་རླངས་འཁོར་ཡོད་ནའང་། ས་ཆ་ཁོད་སྙོམས་སར་མ་གཏོགས་འབར་འབུར་ཅན་དང་། བྱེ་ཐང་སོགས་སུ་འགྲོ་ཐུབ་ཀྱི་མེད། དེར་བརྟེན་མཚོ་སྔོན་གྱི་ས་མཐོའི་རི་ལམ་ཀྱག་ཀྱོག་ལ་དེ་བས་འགྲོ་ཐབས་བྲལ་བས། གལ་སྲིད་ངས་དཀའ་གནད་དེ་སྒྲོལ་ཐུབ་ཚེ། ལས་སྐྲུན་གྱི་ཐབས་ལམ་ཞིག་བཏོད་པ་མ་ཡིན་ནམ་བསམ་བྱུང་”ཞེས་ཐན་ཆི་ཧའོ་ཡིས་དེ་ལྟར་བཤད།

ཐན་ཆི་ཧའོ་ཡིས་རང་ཉིད་ཀྱི་བསམ་ཚུལ་དེ་མཐོ་རིམ་སློབ་འབྲིང་སྐབས་ཀྱི་གྲོགས་པོ་ལྔ་ལ་བཤད་མཐར་ཕན་ཚུན་མ་གྲོས་གཅིག་མཐུན་བྱུང་བ་རེད།
དྲ་ཐོག་གི་ཆ་འཕྲིན་མང་པོ་ནས་ཤེས་རྟོགས་བྱུང་བ་བརྒྱུད། ཁོ་ཚོས་རྒྱལ་ནང་གི་བྱེ་ཐང་དུ་བགྲོད་པའི་དམག་སྤྱོད་རླངས་འཁོར་ཞིག་ལ་རང་འགུལ་སྒོས་ཆུ་ཚ་བཟོའི་ཆུ་སྣོད་དང་ཆུ་སྟོར་སྒྲིག་ཆས་སྒྲིག་སྦྱོར་བྱས།

“མཚོ་སྔོན་གྱི་དགུན་དུས་ཤིན་ཏུ་གྲང་ངར་ཆེ་བས་ཆུས་བཀྲུས་ན་མི་འགྲིག་པར་བསམས་ཏེ་ང་ཚོས་དམིགས་བསལ་གྱི་སྐམ་བཀྲུས་སྒྲིག་ཆས་ཞིག་བཟོས་པ་ཡིན། དེ་ལྟར་འོད་ཤུགས་གློག་གཏོང་གློག་རྫས་ལེབ་མོ་གཙང་ཕྱིས་བྱེད་པར་ཁ་ལོ་བ་དང་སྒྲིག་ཆས་སྤྱོད་ཤེས་མཁན་གཅིག་རེ་མ་གཏོགས་མི་དགོས་པ་རེད”ཅེས་ཐན་ཆི་ཧའོ་ཡིས་དེ་ལྟར་བཤད།

ན་ནིང་གི་ཟླ་གསུམ་པར་ཐན་ཆི་ཧའོ་ཡི་ཚོགས་པ་དེས་འགྲན་རྩོད་པ་གཞན་ལས་གོང་ཕྱེད་ཀས་ཆུང་བའི་ཐོག་ནས་གུང་ཧོ་རྫོང་ལ་ཡོད་པའི་ཀྲའོ་ཝ་128ཀྱི་འོད་ཤུགས་གློག་གཏོང་གློག་རྫས་ལེབ་མོ་གཙང་ཕྱིས་བྱེད་པའི་གན་རྒྱ་བཞག

བསམ་དོན་གྲུབ་པར་གྱུར་ཡང་། དངོས་སུ་ལག་ལེན་བསྟར་སྐབས་མ་དངུལ་གྱི་དཀའ་ཁག་ལ་འཕྲད།

“སྟབས་ལེགས་པ་ཞིག་ལ། ང་ན་ནིང་ཟླ་དྲུག་པར་གུང་ཧོ་རྫོང་ལ་འགྲོ་བའི་ལམ་བར་དུ་རླུང་འཕྲིན་ནས་མཚོ་སྔོན་ཞིང་ཆེན་སློབ་ཆེན་སློབ་མའི་གསར་གཏོད་ལས་སྐྲུན་འགྲན་བསྡུར་ཆེན་མོར་མིང་ཐོ་བཀོད་ཚེ། བྱ་དགའ་ཐོབ་མཁན་ལ་མ་དངུལ་ཡོད་པ་མ་ཟད། ཡིད་རྟོན་དངུལ་བུན་དང་ལས་སྐྲུན་གསོ་སྦྱོང་ཡང་བྱེད་རྒྱུ་ཡིན་པ་སོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་ཡོད་ཚུལ་ཐོས་བྱུང”ཞེས་ཐན་ཆི་ཧའོ་ཡིས་དེ་ལྟར་བཤད། དེ་ནི་མཚོ་སྔོན་ཞིང་ཆེན་གྱིས་2015ལོར་བཙུགས་པའི“སློབ་ཆེན་སློབ་མའི་གསར་གཏོད་ལས་སྐྲུན་ལ་ཁྲིད་སྟོན་བྱེད་པའི་མ་དངུལ”ཡིན་ཞིང་། འཆར་གཞི་ལོ་གསུམ་ཡིན་པ་དང་སློབ་ཆེན་སློབ་མས་གསར་གཏོད་ལས་སྐྲུན་བྱེད་པར་ལོ་རེར་སྒོར་ཁྲི5000གཏོང་གི་ཡོད་པ་རེད།
འགྲན་བསྡུར་ཚར་རྗེས་ཐན་ཆི་ཧའོ་ཡི་ཚོགས་པ་དེ་ལས་རིགས་ནང་ཁུལ་དུ་སྙན་གྲགས་ཅུང་ཆེ་བར་གྱུར་བ་དང་། ཕྱོགས་མང་པོ་ནས་དྲིལ་བསྒྲགས་བྱས་པ་བརྒྱུད་ད་སྐབས་ཁོ་ཚོར་ཤིན་ཅང་དང་། ནང་སོག ཀན་སུའུ། ཉིན་ཞ་སོགས་ནས་ཁ་པར་ཡོང་བ་མ་ཟད། རླངས་འཁོར་སྒྲིག་སྦྱོར་གྱི་ནུས་པ་ལྡན་པའི་ཧུའུ་པེའི་ཁེ་ལས་ཤིག་གིས་ཀྱང་རོགས་རམ་གྱི་ཕྱག་ཟུང་བརྐྱངས་ནས་དངོས་ཟོག་གསར་བཟོ་མཉམ་ལས་བྱ་རྒྱུར་གདན་དྲངས།

“ཉེ་ཆར་སྲིད་གཞུང་ནས་ཡིད་རྟོན་དངུལ་བུན་གྱི་རེ་འདུན་ཞུས་པ་ལག་ཏུ་འབྱོར་བས། སྒྲིག་ཆས་ཇེ་ལེགས་སུ་གཏོང་ཆེད་ཆེད་ལས་ཀུང་སིས་སྒྲིག་ཆས་སྔར་བས་འཐུས་ཚང་ཡོང་བར་འབད་བཞིན་ཡོད”ཅེས་ཐན་ཆི་ཧའོ་ཡིས་དེ་ལྟར་བཤད།
 

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།