རྩྭ་ཐང་ལ་ཕུལ་བའི་བརྩེ་སེམས།
2016.07.12 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 30

ལོ་ངོ་སོ་གཅིག་གི་རིང་ལ་ཁོ་མོས་ལང་ཚོ་ཆེས་གཞི་རིམ་གྱི་ལས་རིགས་ལ་ཕུལ་ཞིང་། ལོ་ངོ་སོ་གཅིག་གི་རིང་ལ་ཁོ་མོས་ཐོག་མཐའ་བར་གསུམ་དུ་ཏང་དང་མི་དམངས་ཀྱི་ཁེ་ཕན་ཨང་དང་པོར་བཞག་སྟེ། མི་དམངས་སེམས་ཀྱིས་བསྐྱངས་ཤིང་། བྱ་བཞག་ལ་ནན་ནན་ཏིག་ཏིག་བྱས། ལས་གྲོགས་ལ་དགའ་མོས་དང་བརྩི་བཀུར་བྱས་ཏེ་དཔོན་གྱི་ཆེ་ཉམས་མི་འཛིན་པར་མི་ལ་གུས་ཤིང་བརྩེ་བའི་ཚོར་བ་སྦྱིན་འོང་། འདི་ནི་ཧི་ནན་སོག་རིགས་རང་སྐྱོང་རྫོང་གཡུ་སྒང་ཉིན་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་ཏིང་མོས་མཐའ་འཁོར་གྱི་ལས་བྱེད་དང་མི་དམངས་ལ་བཞག་པའི་བག་ཆགས་རེད།

ལུས་ལ་བབ་ཆགས་ཀྱི་ལྭ་བ་གྱོན་ནས་གདོང་ལ་ནམ་རྒྱུན་འཛུམ་མདངས་ཀྱིས་ཁེངས་ཡོད། ད་ལོར་ལོ་49ལ་སོན་པའི་ཏིང་མོ་ནི་ཧི་ནན་རྫོང་ཐའོ་ཡེའུ་མ་ཞང་གི་རི་ཀློང་དུ་སྡོད་པའི་འབྲོག་ཁྱིམ་ཕལ་བ་ཞིག་ཏུ་སྐྱེས་ཤིང་། 2014ལོའི་ཟླ་2པར། ཏིང་མོ་ནི་ཐོག་མར་གཡུ་སྒང་གྲོང་རྡལ་ཏང་ཨུའི་ཧྲུའུ་ཅི་ལ་བསྐོ་བཞག་བྱས་ཤིང་། ཟླ་འགའ་མ་འགོར་བའི་དུས་ཡུན་ནང་དུ་མོ་གྲོང་རྡལ་ཡོངས་ཀྱི་འབྲོག་ཁྱིམ་རེ་རེ་སྒོ་ཉུལ་སྒོས་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས་ཏེ། ནམ་རྒྱུན་གྲོང་གསེབ་ཏུ་སོང་ནས་ཕྱིར་ལོག་ཐེངས་རེར་དེ་མ་ཐག་ཏུ་ཚན་ཁག་འགོ་ཁྲིད་མི་སྣ་རྩ་འཛུགས་བྱས་ཏེ་གྲོང་རྡལ་གྱི་གནས་ཚུལ་དང་དམངས་ཀྱི་གནས་ཚུལ་སོགས་ལ་ཞིབ་འཇུག་དབྱེ་ཞིབ་དང་། བསམ་ཕྱོགས་དང་བྱེད་ཐབས་བཏོན་ནས་རྣམ་གྲངས་རེ་རེར་ཁ་ཕྱོགས་པ་དང་དམིགས་འབེན་གསལ་བོར་བྱས་ནས། བྱ་བའི་རྣམ་གྲངས་ཚང་མ་རྫོང་ཡོངས་ཀྱི་མདུན་གྲལ་དུ་སླེབས་པར་བརྩོན་ལེན་བྱས།

ངག་རྒྱུན་དུ། གཞན་ལ་ཆུ་ཕོར་བ་གང་ལྡུག་དགོས་ཚེ། ཐོག་མར་རང་ལ་ཆུ་ཟོ་བ་གང་དགོས་ཞེས་ཟེར་བ་ལྟར། ཏིང་མོའི་བྱ་བའི་ཟིན་བྲིས་ཀྱི་ཁ་ཕྱེས་ཚེ་མོའི་ནམ་རྒྱུན་གྱི་བྱ་བའི་བཀོད་སྒྲིག་གིས་བཀང་ཡོད། འོན་ཀྱང་མོས་ཐོག་མཐའ་བར་གསུམ་དུ་ཏང་འཛུགས་བྱ་བཞག་ནི་ཆབ་སྲིད་ཀྱི་འོས་འགན་ཞིག་དང་བསམ་བློ་གཏོང་ཡུལ་ཞིག་ཏུ་བརྩིས་ཡོད། ཏང་གི་ལས་དོན་གྱི་ཤེས་བྱར་མ་ལག་ཆ་ཚང་གི་སྒོ་ནས་སློབ་སྦྱོང་བྱེད་པ་དང་། ནམ་རྒྱུན་ཏང་ཡོན་ལས་བྱེད་པར་འཚམས་འདྲིར་ཕེབས་ཏེ་དུས་རབས་གསར་བ་དང་གནས་བབ་གསར་བའི་འོག་གཞི་རིམ་ཏང་འཛུགས་བྱ་བཞག་གི་ལམ་ཕྱོགས་གསར་བ་དང་ཐབས་ལམ་གསར་བར་ཞིབ་འཇུག་བྱས་ཏེ་སེམས་ཀྱི་མྱོང་བ་མང་པོ་ཞིག་ཟིན་ཐོར་བྲིས། མང་ཚོགས་མི་འདྲ་བར་ཁ་ཕྱོགས་ནས་རྨོངས་སེལ་གྱི་འཛིན་གྲྭ་དང་ཡར་བསྐྱེད་འཛིན་གྲྭ། ཁྲིམས་ལུགས་གསབ་སྦྱོང་འཛིན་གྲྭ་སོགས་བསྒྲུབས་ཤིང་། ཁོ་མོ་དངོས་སུ་ཁྲིད་སྟེགས་སྟེང་དུ་བུད་དེ་གོ་སླ་བའི་ཕ་ཡུལ་གྱི་སྐད་ཆའི་ལམ་ནས་སློབ་ཁྲིད་བྱས། ཞོར་དུ་སྡེ་བའི་ཏང་ཡོན་ལས་བྱེད་མི་སྣ་རྩ་འཛུགས་བྱས་ཏེ་ས་གནས་གཞན་དུ་ལྟ་སྐོར་སློབ་སྦྱོང་བྱས་ནས་རྒྱུན་ཤེས་མཐོར་འདེགས་བཏང་། ཞིང་གྲོང་གི་བྱ་གཞག་ནི་ནམ་ཡང་གཅིག་སྣེ་གཅིག་གིས་མཐུད་པའི་སྣ་མང་རྙོག་འཛིང་གི་བྱ་གཞག་ཅིག་ཡིན་ལ། ཚད་མཐོ་བའི་བྱ་གཞག་གིས་བུད་མེད་ཧྲུའུ་ཅི་འདིར་ངལ་བ་གྲངས་མེད་བསྐྱེད་པས་མཁལ་མའི་ནད་བྱུང་སྟེ་གཡས་ཕྱོགས་ཀྱི་མཁལ་མ་མི་ལེན་ཐབས་མེད་བྱུང་། གཤགས་བཅོས་བྱས་ནས་ཟླ་གཅིག་མ་འགོར་བར། ཁོ་མོ་ཡང་བསྐྱར་བྱ་བའི་ལས་གནས་སུ་ཐོན་བྱུང་། གྲོང་རྡལ་གྱི་ལས་བྱེད་མི་སྣ་ཚང་མས། ཏིང་མོ་ཧྲུའུ་ཅི་ནི་ནམ་ཡང་བྱ་བར་མགོ་འཁོར་པའི་མི་ཞིག་རེད་ཟེར། སྡེ་བའི་ནང་གི་སྡེ་མི་དག་གིས་མཐེ་བོང་སྒྲེང་བཞིན་འདི་ལྟ་བུའི་སེམས་སུ་མང་ཚོགས་བཅངས་བའི་ལས་བྱེད་བཟང་བོ་ཞིག་ཡོད་པ་ནི་ང་ཚོའི་བསོད་ནམས་ཡིན་ལ། འདི་ལྟར་དོན་དངོས་ཀྱི་བྱ་བ་བསྒྲུབ་ཕོད་པའི་བུད་མེད་ཧྲུའུ་ཅི་ནི་ལས་སླ་བོ་ཞིག་མ་རེད་༽ཅེས་བསྔགས་བརྗོད་བྱེད་ཀྱིན་འདུག

གཞི་རིམ་གྱི་ཏང་འཛུགས་བྱ་གཞག་ནི་གཙོ་གནད་ཡིན་ལ་དཀའ་གནད་ཀྱང་ཡིན། གནད་འགག་ནི་ཅི་ལྟར་བསྒྲུབ་དགོས་སམ། ཐག་གཅོད་ཀྱི་འགག་རྩའི་གནད་དོན་ནི་ཅི་ཞིག་ཡིན་ནམ། འདི་ནི་ཏིང་མོས་ནམ་རྒྱུན་བསམ་གཞིག་བྱེད་ཀྱིན་པའི་གནད་དོན་ཡིན་ལ། ཏང་ཨུའི་སྡེ་ཁག་ནས་ཡུན་རིང་ལ་ལས་ཀ་བསྒྲུབས་མྱོང་བའི་ཁོ་མོར་མཚོན་ན་འབྲོག་ཁུལ་གྱི་གཞི་རིམ་ཏང་འཛུགས་བྱ་གཞག་གི་རྨང་གཞིའི་ཉམས་ཞན་ལ་གསལ་ཐག་ཆོད་པའི་ཤེས་བྱ་དང་གཏིང་ཟབ་པའི་རྒྱུས་ལོན་ཡོད། རྣམ་པ་གསར་བའི་སྒོ་ནས་ཏང་འཛུགས་བྱ་བཞག་འོས་འཚམས་ཤིག་ཡོང་ཆེད། ཏིང་མོས་ཧུར་ཐག་སྒོས་འཚོལ་ཞིབ་དང་དཔའ་ངར་གྱིས་བརྩོན་ཞིབ་བྱས་ཏེ་འབྲོག་ཁུལ་གྱི་གཞི་རིམ་ཏང་འཛུགས་བྱ་གཞག་གི་ཆུ་ཚད་མཐོར་འདེགས་གཏོང་བའི་བྱེད་ཐབས་མང་པོ་ཞིག་གཏན་ལ་ཕབ།

བྱ་འགུལ་སྤེལ་ཡུལ་མང་པོ་ཞིག་གི་ཆ་རྐྱེན་རྗེས་ལུས་ཡིན་པ་དང་ཏང་འཛུགས་བྱ་གཞག་གཙོ་གནད་དུ་བཟུང་མེད་པའི་གནད་དོན་ལ་གཞིགས་ཏེ། ཁོ་མོ་མགོ་གཙོ་ལ་བསྡད་རྗེས་ཀྱི་ཐོག་མའི་གལ་ཆེའི་བྱ་གཞག་ནི་སྡེ་བའི་ཕྱོགས་བསྡུས་ཀྱི་གཞུང་སྒྲུབ་ཞབས་ཞུའི་ལྟེ་གནས་ཀྱི་རྣམ་གྲངས་འཛུགས་སྐྲུན་ལག་བསྟར་བྱས་ཏེ། ཕྱོགས་མང་པོའི་ཐབས་ལམ་བརྒྱུད་ནས་མ་དངུལ་སྒོར་ཁྲི970བསྡུས་ཏེ་ལོ་གཅིག་གི་ནང་ལ་གྲོང་རྡལ་ཡོངས་ཀྱི་གཞི་རིམ་རྩ་འཛུགས་རྟེན་གཞིའི་འཛུགས་སྐྲུན་ཡོངས་འགྲུབ་བྱ་རྒྱུའི་དམིགས་ཡུལ་མངོན་འགྱུར་བྱས། ད་ལྟར་མཚོན་ན་གཡུ་སྒང་ཉིན་གྲོང་རྡལ་གྱི་སྡེ་བ་གང་ཞིག་ལ་སོང་ཚེ་འཛུགས་སྐྲུན་བྱེད་ཀྱིན་པ་ནི་དར་དམར་ལྷབ་ལྷུབ་དུ་སྐྱོད་པའི་སྡེ་བའི་ཏང་ཡོན་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་ཡིན།

གཞི་རིམ་གྱི་བྱ་གཞག་སྒྲུབ་པ་ལེགས་ཚེ་ད་བཟོད་བྱ་གཞག་གང་ཞིག་སྒྲུབ་ཀྱང་དམངས་ཀྱི་སེམས་སུ་འཇགས་ཐུབ། འདི་ནི་ཏིང་མོས་ལོ་ངོ30རིང་ལ་གཞི་རིམ་དུ་རྐང་བཙུགས་པའི་བློ་སྐྱེད་ཡིན། ཐོག་མར་གཡུ་སྒང་ཉིན་གྲོང་རྡལ་ལ་འབྱོར་དུས་ཁོ་མོ་ཕྲད་པའི་ཆེས་ཆེ་བའི་དཀའ་ཁག་ནི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་འགོ་ཁྲིད་ཚན་ཁག་ཐར་ཐོར་དུ་གྱུར་ཞིང་ལོ་རྒྱུས་ཀྱི་སྟེང་དུ་ཤུལ་བཞག་གནད་དོན་མང་བས་རྒྱུན་ལྡན་གྱི་བྱ་བའང་དར་སྤེལ་གཏོང་དཀའ། གནད་དོན་འདི་དག་ཐག་གཅོད་བྱ་ཆེད་ཏིང་མོས་སྣེ་གཉིས་འཛིན་པ་དང་ཤུགས་ཆེན་པོས་ཆུ་ཚད་མཐོར་འདེགས་སུ་གཏོང་བ་གཙོར་འཛིན་པ་སྣེ་ཁྲིད་རང་བཞིན་སྒོས་འགན་གཙང་ལེན་གྱི་སྒོ་ནས་རྗེས་ལུས་ཀྱི་སྡེ་བ་ཕྱོགས་ཡོངས་ནས་བསྒྱུར་བཅོས་བྱས་ཏེ་ཟླ་རེ་རེར་ཏང་ཡོན་བྱ་འགུལ་གྱི་ཉིན་མོ་༽རྩ་འཛུགས་དར་སྤེལ་བྱས། ལས་ཀ་ལྟར་ལས་གནས་བཀོད་སྒྲིག་དང་ལས་གནས་ལྟར་མི་སྣ་འདེམས་པ་དང་ལས་རིགས་ལྟར་ལས་འགན་བགོ་བའི་ལམ་ལུགས་བཟོས་ནས། ནུས་ལྡན་སྒོས་གཞི་རིམ་ཏང་ཡོན་གྱི་གཟི་བརྗིད་ཀྱི་འདུ་ཤེས་དང་འགན་འཁྲིའི་བསམ་པ་མཐོར་འདེགས་བྱས།

གྲོང་རྡལ་གྱི་ནང་དུ་ཆེད་ལས་རང་བཞིན་གྱི་ལག་རྩལ་ཅན་གྱི་ལས་བྱེད་མི་སྣ་མང་པོ་ཡོད་ལ། མང་ཚོགས་ཀྱི་ཁྲོད་དུའང་མི་སྣ་འཇོན་ཐང་ཅན་མང་པོ་ཞིག་ཡོད། འདི་དག་ཚང་མ་ནི་ང་ཚོའི་ཆ་རྐྱེན་ཡག་ཤོས་དང་རིན་ཐང་བྲལ་བའི་ནོར་བུ་ལྟ་བུ་ཡིན། གལ་ཏེ་ནོར་བུ་འདི་དག་སྔོག་འདོན་བྱས་པ་མི་འདང་བའམ་ཆ་རྐྱེན་ཡག་ཤོས་དག་འདོན་སྤེལ་བྱས་པ་མི་ལེགས་ཚེ་རྩ་འཛུགས་དང་། མང་ཚོགས་འགན་ལ་མ་བླངས་བ་ཡིན་པས་ཏིང་མོ་ནམ་རྒྱུན་གྲོང་རྡལ་གྱི་གྲུ་ཟུར་རེ་རེར་རྒྱུད་དེ་རྒྱུན་པར་ངལ་གསོའི་དུས་ཚོད་ཀྱང་དོར་ནས་འགལ་ཟླའི་རྩོད་གཞི་ཐག་གཅོད་བྱེད་པའམ་ཡང་ན་མང་ཚོགས་ཀྱིས་སེམས་ཁུར་བྱེད་ཀྱིན་པའི་གནད་དོན་ཆེ་ཤོས་དག་ལ་ཞིབ་འཇུག་བརྟག་དཔྱད་བྱེད་པ་ཡིན། བྱ་བའི་འགན་ཁུར་ནས་ལོ་ངོ་གཉིས་ལྷག་གི་དུས་ཡུན་ནང་དུ་མོས་ཐོག་མར་སྡེ་བ་རིམ་པའི་ལས་བྱེད་མི་སྣས་གདམ་གསེས་སྒོས་མི་རྩ་བར་འཛིན་པ་རྒྱུན་འཁྱོངས་བྱེད་པ་ཡིན། ཕྱོགས་སོ་སོ་ནས་མི་སྣ་འཇོན་ཐང་ཅན་བཀོད་སྤྱོད་བྱས་ནས་དུས་ལྟར་ན་གཞོན་དང་འཇོན་ཐང་ཅན་གྱི་མི་སྣ་འཐུས་སྒོ་ཚང་བའི་སྒོ་ནས་སྡེ་བའི་མགོ་ཁྲིད་ཚན་ཆུང་དུ་ཞུགས་སུ་བཅུག་སྟེ་མུ་མཐུད་དུ་བྱ་བའི་རྣམ་པ་དང་ཐབས་ལམ་གསར་གཏོད་བྱས། དམངས་གཙོའི་དོ་དམ་དང་སྡེ་བའི་འོས་འགན་སྤྱི་བསྒྲགས་བྱས་པ་རྒྱུད་གནད་ཀྱི་བྱ་གཞག་གཙོ་བོ་དེ་མང་ཚོགས་ལ་དོན་དངོས་སྒྲུབ་པ་དང་དཀའ་གནད་སེལ་བའི་སྟེང་དུ་བཞག་སྟེ། ཏང་ཡོན་གདོང་ལེན་གྱི་མ་དཔེ་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་གཞི་རིམ་ཏང་འཛུགས་བཙན་རྫོང་རྟེན་གཞིའི་འཛུགས་སྐྲུན་ལ་ཤུགས་སྣོན་ཆེན་པོ་བྱས།

ལས་བྱེད་མི་སྣས་བྱ་བ་སྒྲུབ་པ་བཟང་མིན་དེ་དམངས་ཀྱིས་བཤད་པས་ཆོག  ཏང་ཡོན་གྱི་མ་དཔེ་ནུས་པ་འདོན་སྤེལ་བྱས་པ་མངོན་གསལ་མིན་ཚེ་མིག་དཔེར་ལྟ་བའི་ཁ་ཕྱོགས་མེད་པ་ཡིན། རྒྱུ་མཚན་ནི་རྫོང་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གཞོན་པའི་འགན་ཁུར་མྱོངས་པའི་མོས་མི་གཞན་དང་བསྡུར་ན་རང་ཉིད་ལ་བླང་བྱ་ན་མོ་བཏོན་ནས་རྟག་ཏུ་རང་ཉིད་གུང་ཁྲན་ཏང་ཡོན་ཞིག་ཡིན་པ་ཡིད་ལ་དམ་པོར་བཅངས་པ་དང་། རང་ཉིད་ཏང་གི་ལས་དོན་སྒྲུབ་མཁན་ཞིག་ཡིན་པ་ཡིད་ལ་དམ་པོར་བཟུང་ནས་ནན་ནན་ཏིག་ཏིག་གིས་བྱ་བ་བསྒྲུབས་ཏེ་ཚད་མཐོ་བའི་ཆབ་སྲིད་ཀྱི་འགན་འཁྲི་འདུ་ཤེས་མངོན་པར་བྱས་ཏེ་གྲོང་རྡལ་ཡོངས་ཀྱི་ཏང་ཡོན་ལས་བྱེད་མི་སྣ་ཚང་མར་མིག་དཔེ་བཟང་པོ་བསྟན།

ཕལ་ཆེར་མོ་ནི་ཞོགས་པ་རེ་རེ་ལ་གཞུང་ལས་ཁང་ལ་ཡོང་མཁན་ཐོག་མ་ཡིན་ཞིང་། ལས་ཚོགས་གྲོལ་དུས་ཀྱང་ཆེས་རྗེས་མ་དེ་ཡིན། ཆུང་མ་དང་ཨ་མར་གྱུར་བའི་ཁོ་མོར་མཚོན་ན་ལུས་སེམས་གཉིས་བྱ་བའི་སྟེང་དུ་ཕུལ་ཞིང་། ཁྱོ་གས་ཟི་ལིང་དུ་བྱ་བ་སྒྲུབ་བཞིན་ཡོད་པས་གཟའ་ཟླ་གཉིས་ཡུན་རིང་དུ་ཕྱོགས་གཉིས་སུ་འཚོ་སྡོད་བྱེད་པ་དང་བུ་བུ་མོ་གཉིས་ད་ལྟར་སློབ་གྲྭར་འགྲོ་བཞིན་ཡོད་ཀྱང་མོར་ནམ་ཡང་ལྟ་རྟོག་བྱེད་པའི་ཁོམ་ལོང་་མེད། ཁྱོ་ག་དང་བྱིས་པའི་མིག་ནང་དུ་ལས་ཁུངས་ནི་ད་བཟོད་མོའི་ཁྱིམ་ཡིན་ལ། ལས་གྲོགས་དང་གྲོགས་པོ་མང་བོ་ཞིག་གིས་མོར་བྱ་བའི་ལས་གནས་བརྗེ་བའི་སྙན་ཞུ་འབུལ་དགོས་པའི་རེ་བ་ཞུས་ཀྱང་། མོ་ནམ་རྒྱུན་འཛུམ་མདངས་ཀྱིས་ཁེངས་ནས་ངའང་ཁྱིམ་མི་དང་ལྷན་དུ་འདུག་འདོད་མོད། འོན་ཀྱང་རྩ་འཛུགས་ཀྱིས་ང་ལས་གནས་འདིའི་སྟེང་དུ་བཞག་ཚེ་ངས་ཀྱང་ཧུར་ཐག་སྒོས་སྒྲུབ་དགོས། སྐྱོན་མི་འདུག  གལ་ཏེ་མང་ཚོགས་ལ་བདེ་སྐྱིད་ལྡན་ཚེ་ང་ཡང་བདེ་སྐྱིད་ལྡན་པ་ཡིན། ཐོག་མར་ལག་སྣེར་སོན་པའི་བྱ་བ་འདི་དག་བསྒྲུབ་ཚར་དགོས་ཞེས་བཤད་ཀྱིན་འདུག  ཏང་གི་ལས་དོན་བསྒྲུབས་པའི་ལོ་མང་པོའི་རིང་ལ། ཏིང་མོས་བྱ་བཞག་བཟང་བོ་ཞིག་བསྒྲུབ་ཆེད་རང་ཉིད་སྤྲོ་སེམས་ཀྱིས་ཁེངས་བར་བྱས། ཞང་དང་གྲོང་རྡལ་ཏང་ཨུ་ནི་ཏང་གི་གཞི་རིམ་བྱ་བཞག་གི་མདུན་སའི་བཀོད་འདོམ་པུའུ་ཡིན་ལ། གཞི་རིམ་ཏང་འཛུགས་ལེགས་པོར་སྒྲུབ་པའི་ལམ་སྣེའམ་གནད་འགག་ཀྱང་ཡིན

ཏང་ཨུའི་ཧྲུའུ་ཅི་ནི་ལས་རྐང་ཞིག་གི་འགོ་གཙོའམ་སྣེ་ཁྲིད་མཁན་ཡིན་ལ། གཞི་རིམ་ཏང་གི་རྩ་འཛུགས་ཀྱི་ཐོག་མའི་འགན་ཁུར་བའང་ཡིན། ཁོ་མོས་ཐེངས་མང་པོ་ཞིག་ལ་ཧྲུའུ་ཅི་གཅིག་པུས་གཞུང་སྒྲུབ་ཁང་དུ་མུ་མཐུད་དེ་བྱ་བ་སྒྲུབ་ཀྱིན་པ་མཐོང་། ཐེངས་ཤིག་ལས་ཚོགས་གྲོལ་རྗེས་ངའི་ལྡེ་མིག་གཞུང་སྒྲུབ་ཁང་དུ་ལུས་སོང་བས་ཕྱིར་ལྡེ་མིག་ལེན་དུ་འགྲོ་དུས་དགོང་མོའི་ཆུ་ཚོད་10ལ་སླེབས་འདུག་མོད་ཧྲུའུ་ཅིས་ད་དུང་གཞུང་སྒྲུབ་ཁང་དུ་གཅིག་པུས་བྱ་བསྒྲུབ་ཀྱིན་འདུག སྐབས་དེར་ངའི་སེམས་སུ་བཤད་མི་ཤེས་པའི་ཚོར་བ་ཞིག་སྐྱེས་བྱུང་། ཏིང་མོ་ཧྲུའུ་ཅིས་སྒྲུབ་པ་ཐ་དག་ང་ཚོས་སློབ་སྦྱོང་བྱེད་སའི་མིག་དཔེར་ལྟ་ས་ཡིན་ཞེས་གཡུ་སྒང་ཉིན་གྲོང་རྡལ་ཕྱུགས་རྐྱལ་སྡེ་བའི་ལས་བྱེད་པ་བཀྲ་ཤིས་འཚོས་དེ་ལྟར་བཤད་བྱུང་། 

མདོར་ན་མང་ཚོགས་ནི་གུང་ཁྲན་ཏང་གི་ཚེ་སྲོག་གི་ཆུ་མགོ་ལྟ་བུ་ཡིན། ཉེ་བའི་ལོ་འགའི་རིང་ལ་ཏིང་མོའི་ཧུར་བརྩོན་དང་སྐུལ་ཁྲིད་འོག་མ་ལག་རང་བཞིན་ཅན་གྱི་དམངས་ཀྱི་འཚོ་བའི་འགན་སྲུང་དང་རྨང་གཞིའི་སྒྲིག་ཆས་ཀྱི་འཛུགས་སྐྲུན་སོགས་ཕྱོགས་མང་པོའི་ཐད་དུ་ཡུན་རིང་ཐག་གཅོད་མ་བྱས་པའི་དམངས་ཀྱི་ཁེ་ཕན་ལ་རག་ལས་པའི་ལས་གཞི་གཙོ་བོ་སྣ་ཁ་9ཚང་མ་དོན་ཐོག་ཏུ་འཁྱོལ་བར་བྱས། ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་དང་གཞིའི་ཆགས་ཕྱུགས་འཚོའི་འཛུགས་སྐྲུན་སོགས་དམངས་ཀྱི་ཁེ་ཕན་ལ་རག་ལས་པའི་རྣམ་གྲངས་མང་པོ་མགྱོགས་མྱུར་སྒོས་དོན་ཐོག་འཁྱོལ་བར་བྱས། ཁོ་མོས་མགོ་ཁྲིད་ནས་འགལ་ཟླ་མང་པོའི་རྩོད་གཞི་རིམ་པ་ལྟར་ཐག་གཅོད་བྱས། མང་ཚོགས་འཚམས་འདྲིར་ཕེབས་པར་ལྷག་བསམ་འཁོལ་བའི་ངང་ནས་སྣེ་ལེན་བྱས་ཏེ།ཧུར་ཐག་སྒོས་ཏང་དང་རྒྱལ་ཁབ་ཀྱི་བྱེད་ཕྱོགས་དང་སྲིད་ཇུས་ཁྱབ་བསྒྲགས་བྱས་ནས། ཞང་ཡོངས་ཀྱི་འགལ་ཟླའི་རྩོད་གཞི་ཡར་མི་སྤྲོད་པར་རང་སར་ཐག་གཅོད་བྱེད་པ་དང་སློབ་གསོ་གཏིང་སར་ཁྱབ་བསྒྲགས་བྱེད་པ་མངོན་འགྱུར་བྱས། ཁོ་མོ་རང་ཉིད་ལའང་སྔ་གཞུག་ཏུ་རྒྱལ་ཡོངས་སུམ་བརྒྱད་དར་དམར་བསྒྲེང་མཁན་དང་ཁུལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་མི་སྣ་ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་གསར་འཛུགས་ཡར་ཐོན་ས་ཆའི་སྔོན་ཐོན་མི་སྒེར། རྒྱལ་ཡོངས་ཕུལ་བྱུང་ཏང་གི་་ལས་དོན་སྒྲུབ་མཁན་གྱི་གཟེངས་བསྟོད་མཚན་སྙན་མང་པོ་ཐོབ་མྱོང་།

ལོ་ཙཱ་བ། བསོད་ནམས་བཀྲ་ཤིས།