ང་ནི་ཇོ་མོ་གླང་མའི་རི་རྩེ་ནས་ཏང་ནང་དུ་ཞུགས་པ་ཡིན །
2016.08.03 ཁུངས། ཀློག་གྲངས། 48

 1975ལོའི་ཟླ་5ཚེས་4ཉིན་ཇོ་མོ་གླང་མའི་རི་རྩེར་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་ཐོག་ས་བབ་མཐོ་ཤོས་ཀྱི་ཏང་ཞུགས་དམ་བཅའ་འཇོག་པའི་མཛད་སྒོ་འཚོགས་ཤིང་། ལོ་ན་གཞོན་པའི་བུད་མེད་རི་འཛེག་རུ་མི་ཀུན་བཟང་གཟི་བརྗིད་ལྡན་པའི་གུང་ཁྲན་ཏང་ཡོན་དུ་གྱུར།

ད་ལོ་ལོ་59ཡིན་པའི་ཀུན་བཟང་ནི་བོད་ལྗོངས་རྣམ་གླིང་རྫོང་ལྷ་བུ་ཕུ་ཞང་གི་ཡར་ལངས་ཞིང་བྲན་གྱི་ཁྱིམ་ཚང་ཞིག་ཏུ་སྐྱེས། ཁོ་མོ་སྔོན་ཆད་ཇོ་རིར་ཐེངས་གཉིས་འཛེགས་མྱོང་བ་དང་རི་མཐོན་པོ་མང་པོར་འཛེགས་མྱོང་ཞིང་། རྒྱལ་ཁབ་ཕྱི་ནང་གི་རི་འཛེགས་པ་གྲགས་ཅན་ཞིག་རེད། ད་སྐབས་ལས་འཁྱུར་ངལ་གསོ་བྱས་ཟིན་པའི་ཀུན་བཟང་སྤྱིར་ན་རི་འཛེག་བྱ་གཞག་དང་ཁ་གྱེས་ནས་ལོ་མང་འགོར་ནའང་། རྟག་ཏུ་ཁོ་མོའི་སེམས་སུ་ལོ་41སྔོན་གྱི་ཇོ་རིར་འཛེག་པའི་བརྒྱུད་རིམ་འཆར་གྱིན་ཡོད།

1975ལོར་འཛམ་བུ་གླིང་དུ་སྐད་གྲགས་ཆོད་པའི་ཀྲུང་གོའི་ཇོ་རིར་འཛེག་པའི་བྱེད་སྒོར་ཁོ་མོ་ཏོག་ཙམ་མ་གཏོགས་འཛམ་གླིང་གི་ཇོ་རིར་འཛེག་པའི་བུད་མེད་དང་པོར་གྱུར། འོན་ཀྱང་རྡོ་ལ་རི་མོ་བརྐོས་པ་ལྟ་བུའི་བརྗེད་ཐབས་བྲལ་བའི་ཏང་ཞུགས་དམ་བཅའ་འཇོག་པའི་མཛད་སྒོ་དེས་ཀུན་བཟང་ལ་སྔར་བཞིན་གཟི་བརྗིད་ཀྱི་མྱོང་བ་ཆེན་པོ་བྱུང་བཞིན་ཡོད་པས། རྟག་ཏུ“ང་ཇོ་མོ་གླང་མའི་རི་རྩེ་ནས་ཏང་ནང་ཞུགས་པ་ཡིན”ཞེས་བཤད་ཀྱིན་ཡོད།

ཀུན་བཟང་ནི་མ་གཞི་བོད་དམག་ཁུལ་སྤྱི་ཁྱབ་སྨན་ཁང་གི་ནད་གཡོག་པ་ཞིག་ཡིན་མོད། 1974ལོར་རྒྱལ་ཁབ་རི་འཛེག་རུ་ཁག་ཏུ་སྐོང་འཐེན་བྱས། 1975ལོའི་དཔྱིད་ཀར་རྒྱལ་ཁབ་རི་འཛེག་རུ་ཁག་སླར་ཡང་ཇོ་མོ་གླང་མར་འཛེག་པའི་བྱེད་སྒོའི་སྟེང་ཀུན་བཟང་འཕྲལ་སྒྲུབ་རུ་ཁག་ཏུ་བདམས་ཤིང་། ཀུན་བཟང་གིས1975ལོའི་ཟླ་3པར་ངས་ཇོ་རིའི་སྒར་ས་ཆེ་མོར་ཏང་ནང་ཞུགས་པའི་རེ་ཞུ་ཡི་གེ་ཕུལ་བ་ཡིན་ཞེས་བཤད།

“ཏང་ཡོན་ནི་གདོང་ལེན་དཔེ་བཟང་ཡིན་ལ་ཏང་ནང་ཞུགས་པ་ནི་གཟི་བརྗིད་ལྡན་པའི་དོན་དག་ཅིག་རེད། ཚང་མས་ལུའེ་ཧྥུང་ལ་སློབ་སྦྱོང་དང་ཅའོ་ཡུས་ལུའུ་ལ་སློབ་སྦྱོང་བྱེད་འདོད་ཡོད་པ་རེད”ཅེས་ཀུན་བཟང་གིས་བཤད་ཅིང་། ཁོ་མོས་ཏང་ཞུགས་རེ་ཞུའི་ནང“རི་འཛེག་ནི་རྒྱལ་ཁབ་ཀྱི་ལས་འགན་རེད། ང་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་ནས་ཏང་ཡོན་གྱི་སྣེ་ཁྲིད་ནུས་པ་འདོན་པ་དང་། ཇོ་རིར་འཛེགས་ནས་རྒྱལ་ཁབ་ལ་གཟི་བརྗིད་བརྩོན་ལེན་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་བྲིས་ཡོད་པ་རེད།
“བསམ་ཡུལ་ལས་འདས་པ་ཞིག་ལ་ང་ཏང་ནང་ཞུགས་ཆོག་པའི་ཆོག་མཆན་གནང་བྱུང་། སྐབས་དེར་ང་ལ་སེམས་འགུལ་དང་དགའ་སྤྲོ་ཚད་མེད་སྐྱེས་བྱུང་”ཞེས་བཤད་ཅིང་། འདས་སོང་གི་ལོ་41སྔོན་གྱི་གནས་ཚུལ་སྐོར་ཀུན་བཟང་གིས་སྔར་བཞིན་དགའ་སྤྲོ་ཆེན་པོས་བཤད་ཀྱིན་འདུག

ཀུན་བཟང་གིས་ཡིད་ལ་གསལ་པོ་ངེས་པ་ནི་ཉིན་དེའི་ཕྱི་དྲོའི་ཆུ་ཚོད་5ཙམ་ལ་ས་བབ་སྨི་8200ཟིན་པའི་ཇོ་རིའི་སྒར་ས་6པར་གནམ་སྔོ་དྭངས་ཞིང་རླུང་འཇམ་པ་དང་ཉི་མ་དྲོ་ལ་བརྗིད་ཆགས་ཀྱི་ཇོ་མོ་གླང་མ་ཀྲོང་ངེར་འགྱིངས་ཡོད། གུ་དོག་པའི་བྲག་རིའི་ལྡེབས་སུ་རི་འཛེག་ལུས་རྩལ་པ་གཉིས་ཀྱིས་དམར་མདངས་བཀྲ་བའི་ཀྲུང་གོ་གུང་ཁྲན་ཏང་གི་ཏང་དར་བསྒྲེངས་བཞིན་ཡོད།

ལོ་ན་18ཡིན་པའི་རི་འཛེག་ལུས་རྩལ་པ་ཀུན་བཟང་གིས་ཏང་དར་ལ་ཁ་ཕྱོགས་ཏེ་དགའ་སྤྲོའི་ངང་ལག་གཡས་པ་ཡར་བསྒྲེངས།
“ང་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་རྒྱུའི་རེ་འདོད་ཡོད……”རྩལ་འཁྲིད་པ་ཝུའུ་ཙུང་གཡོད་ཀྱི་སྣེ་ཁྲིད་འོག་ལོ་ན་གཞོན་པའི་ཀུན་བཟང་གིས་སྐད་གསང་མཐོན་པོས་ཏང་ཞུགས་དམ་ཚིག་བཀླགས་པ་དང་། ཉེ་འགྲམ་གྱི་མི་རྣམས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་ཁོ་མོ་གཟི་བརྗིད་ལྡན་པའི་གུང་ཁྲན་ཏང་ཡོན་ཞིག་ཏུ་གྱུར་པར་བཀྲ་ཤིས་བདེ་ལེགས་ཞུས།

“ཏང་ནང་ཞུགས་རྗེས་རི་རྩེར་འཛེག་པའི་སྒུལ་ཤུགས་སྔར་བས་ཆེ་རུ་སོང་ཞིང་། ཁོ་མོས་ཇོ་རིར་ཏང་ནང་ཞུགས་པའི་ཆོག་མཅན་གནང་བ་ནི་རྩ་འཛུགས་ཀྱིས་རང་ཉིད་ལ་ཡིད་ཆེས་བྱས་པ་ཞིག་ཡིན་ལ་གཟི་བརྗིད་ཅིག་ཀྱང་ཡིན་པས་དེ་ནས་ངེས་པར་དུ་ཇོ་རིའི་རྩེ་མོར་འཛེགས་རྒྱུའི་སེམས་ཐག་བཅད་ཅེས་བཤད། ཡིད་ཕངས་པ་ཞིག་ལ་ས་བབ་སྨི་8600ཟིན་པའི་སར་འཛེགས་རྗེས་ཀུན་བཟང་ལ་རྨས་སྐྱོན་ཕོག་པས་ཕྱིར་འཐེན་མི་བྱེད་ཀ་མེད་བྱུང་།

ལོ་དེའི་ཕམ་ཁ་ཡིད་ལ་འཆར་དུས་ལོ་ངོ་40འདས་ཀྱང་ཀུན་བཟང་གིས་སྔར་བཞིན་མགོ་བོ་རྒྱུན་ཆད་མེད་པར་གཡུག་བཞིན“དེ་དུས་དངོས་གནས་ཕངས་སེམས་དྲག་པོ་སྐྱེས་བྱུང་། རང་ཉིད་ལ་ཏང་ཞུགས་དམ་བཅའི་ཁས་ལེན་འགྲུབ་མེད་པའི་སྣང་བ་སྐྱེས་བྱུང”ཅེས་བཤད།
ཀུན་བཟང་གིས་སེམས་སུ་ཉིན་ཞིག་རང་ཉིད་ཀྱི་ཁས་ལེན་བསྒྲུབས་ཏེ་སོ་སོའི་ཕུགས་འདུན་འགྲུབ་པར་བྱ་རྒྱུ་ཡིན་ཞེས་དམ་བཅའ་བཞག་ཡོད། འོན་ཀྱང་ཕུགས་འདུན་དེ་འགྲུབ་པར་ཁོ་མོས་ལོ་15བསྒུགས་དགོས་བྱུང་།

1990ལོར་ཀྲུང་གོ་དང་། ཨ་རི། དེ་སྔའི་སུའུ་ལེན་བཅས་ཀྱི་མཉམ་འབྲེལ་ཚོགས་ཆུང་ཇོ་མོ་གླང་མར་འཛེག་པའི་ཁྲོད་ཀུན་བཟང་ནི་ཀྲུང་གོའི་བུད་མེད་རུ་མི་འབའ་ཞིག་ཡིན་པའི་ངོས་ནས་བདམས་ཤིང་། 1975ལོར་ཕམ་ཁ་བྱུང་བས་ཀུན་བཟང་ལ་གནོན་ཤུགས་ཧ་ཅང་ཆེན་པོ་བྱུང་། ཁོ་མོས“ང་རང་ལོ་ན་ཆེ་བས་ཡར་འཛེགས་ཐུབ་མིན་ལ་གདེང་ཚོད་མེད། གལ་སྲིད་འཛེགས་མ་ཐུབ་ན་ཅི་ལྟར་བྱ་སྙམ་བྱུང་ ། ”ཞེས་བཤད།

འོན་ཀྱང་ཇོ་རིར་འཛེག་སྐབས་བསམ་ཡུལ་ལས་འདས་པ་ཞིག་ལ་གནམ་གཤིས་ཀྱི་གནས་ཚུལ་དང་རི་འཛེགས་སྒྲིག་ཆས་སྔོན་ཆད་ལས་ལེགས་པས། 1990ལོའི་ཟླ5ཚེས་9ཉིན་ཀུན་བཟང་བདེ་བླག་ངང་ཇོ་རིའི་རྩེ་མོར་འཛེགས་ཐུབ་པ་བྱུང་ནས་ལོ15འགོར་བའི་ཁོ་མོའི་ཁས་ལེན་ལེགས་འགྲུབ་བྱུང་བ་རེད།

དེ་རྗེས་ཀུན་བཟང་ཇོ་བོ་དབུ་ཡག་དང་ཤི་ཤ་སྦང་མ་སོགས་ས་བབ་སྨི་8000ཟིན་པའི་རི་རྩེ་གཉིས་ལ་བདེ་བླག་ངང་འཛེགས་ཐུབ་པ་དང་ཆབས་ཅིག་1999ལོར་སླར་ཡང་ཇོ་མོ་གླང་མར་འཛེགས་ནས་འཛམ་གླིང་གི་ས་བབ་མཐོ་ཤོས་སུ་རྒྱལ་ཡོངས་ཀྱི་མི་རིགས་ལུས་རྩལ་འགྲན་ཚོགས་སྐབས་དྲུག་པའི་དཔལ་འབར་སྒྲོན་པ་རེད།
ཀུན་བཟང་གིས་ཇོ་མ་གླང་མར་བདེ་བླག་ངང་ཐེངས་གཉིས་འཛེག་སྐབས་དམ་བཅའ་འཇོག་ཡུལ་ལ་སླེབས་ཐེངས་རེར་ཁོ་མོ་སེམས་འགུལ་ཐེབས་ཏེ་རང་དབང་མེད་པར་རང་ཉིད་ཏང་ནང་ཞུགས་སྐབས་ཀྱི་བྲག་རྡོ་དེ་འཚོལ་གྱི་ཡོད་ཅིང་། ཏང་ནང་ཞུགས་པའི་རྣམ་པ་ཡིད་ལ་འཆར་སྐབས་ངས་རི་འཛེག་སྐབས་དཀའ་ངལ་སྣ་ཚོགས་ཁྱད་བསད་བྱ་རྒྱུར་སྐུལ་ལྕག་ཐེབས་བྱུང”ཞེས་བཤད།

“ཏང་དང་རྒྱལ་ཁབ་ལ་ལྷག་བསམ་ཟོལ་མེད་བྱ་རྒྱུ་ནི་ངའི་དད་སེམས་ཡིན”ཞེས་མི་ཚེ་གང་པོར་རྒྱལ་ཁབ་ཀྱི་གཟི་བརྗིད་ཀྱི་ཆེད་རི་འཛེག་མཁན་ཀུན་བཟང་གིས་དེ་ལྟར་བཤད་ཅིང་། ཁོང་གིས་ང་ནི་ཞིང་བྲན་གྱི་རྗེས་རབས་པ་ཞིག་ཡིན། གལ་སྲིད་ཏང་མེད་ཚེ་ངའི་ད་ལྟའི་གྲུབ་འབྲས་ཡོད་དོ་ཅོག་ཐོབ་མི་སྲིད་ཅེས་བཤད་བྱུང་།
 

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།