དུར་ལྡིང་སྡེ་བའི་སེམས་ངོར་འཕྲོད་པའི་མི།
2016.09.12 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 47

དབྱར་གཞུང་གི་ཉིན་ཞིག་ལ། གསར་འགོད་པ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་གཞུང་སྒྲུབ་ཁང་གི་ལས་བྱེད་པ་དག་དང་ལྷན་དུ། རྨ་ཆེན་རྫོང་དབྱུག་གཞུང་ཞང་དུར་ལྡིང་སྡེ་བར་སོང་ནས། གནས་འདིའི་དབུལ་ཕོངས་ཁྱིམ་ཚང་ཉི་ཤུ་ལ“གྲོགས་སྒྲིག་རོགས་སྐྱོར་བྱས”།

འབྲོག་དམངས་ཚེ་རིང་ཕུན་ཚོགས་ཀྱིས་བཤད་རྒྱུར། “ད་ལོའི་ཟླ་དྲུག་པར། ཁུལ་སྲིད་གཞུང་གཞུང་སྒྲུབ་ཁང་གི་ཁའོ་རིམ་པའི་ལས་བྱེད་མི་སྣ་ཉི་ཤུ་ངེད་སྡེ་བར་ཡོང་སྟེ། དབུལ་ཕོངས་ཁྱིམ་ཚང་ཉི་ཤུ་ལ་གྲོགས་སྒྲིག་རོགས་སྐྱོར་བྱས་ཏེ། དངོས་ནས་རོགས་རམ་ཆེན་པོ་བྱས་ཤིང་སྡེ་མི་རྣམས་དགའ་སྤྲོ་ཆེན་པོ་བྱུང་།”

དུར་ལྡིང་སྡེ་བའི་མང་ཚོགས་ཀྱིས་ཅི་ལྟར“སྤྱི་ཚོགས་རང་ལུགས་ཀྱི་སྲོག་ཤིང་གི་རིན་ཐང་ལྟ་བའི”སློབ་གསོའི་བྱ་འགུལ་ཁྲོད་གྲུབ་འབྲས་ལེན་པ་དང་། སྡེ་མི་རྣམས་ལ་སྤྱི་ཚོགས་རིང་ལུགས་ཀྱི་ཁྱིམ་གཞིས་ཆེན་མོའི་དྲོད་ཁོལ་མྱོངས་སུ་བཅུག་སྟེ། ཁུལ་སྲིད་གཞུང་གཞུང་སྒྲུབ་ཁང་གི་ལས་བྱེད་རྣམས་ཀྱིས་གཞུང་སྒྲུབ་ཚོམས་ཆེན་ཁང་གི་ལྡེབས་ལོགས་སུ་བཀལ་ཡོད་པའི“ཁ་ཞེ་གཉིས་མེད་ཀྱིས་མི་དམངས་ལ་ཞབས་ཞུ་སྒྲུབ་”ཤེས་པ་ནམ་ཡང་ཡིད་ལ་བརྟན་པོར་བཟུང་ཡོད།

དུར་ལྡིང་སྡེ་བ་ནི་ཆ་སྙོམས་མཚོ་ངོས་ལས་མཐོ་ཚད་སྨི་བཞི་སྟོང་ཉིས་བརྒྱའི་ཡན་ཡིན་ལ། ས་བབས་མཐོ་ལ་དབྱང་དབུགས་དཀོན་པ། འགྲིམ་འགྲུལ་སྟབས་མི་བདེ་བ། འཚོ་བའི་ཆ་རྐྱེན་ཞན་པས་དབུལ་ཕོངས་ཀྱི་སྡེ་བ་ཞིག་ཡིན། བོད་རིགས་འབྲོག་དམངས་རིག་བྷ་ནི་ཡོང་འབབ་དམའ་བའི་ཁྱིམ་ཚང་ཞིག་ཡིན་ལ། ན་ནིང་གློ་བར་དུ་གློ་གཅུང་གི་ནད་བྱུང་བའི་སྐབས་སུ་བུ་ཕྲུག་དང་ཉེ་མི་གཅིག་ཀྱང་གམ་དུ་མེད། དེ་བས་འུ་ཐུག་ཐབས་ཟད་ཀྱིས་སྒོ་ནས་ཁུལ་སྲིད་གཞུང་གཞུང་སྒྲུབ་ཁང་ལ་ཁ་པར་བཏང་ནས་རོགས་རམ་བྱེད་པའི་རེ་བ་ཞུས། གཞུང་སྒྲུབ་ཁང་གི་ཀྲུའུ་རེན་འབྲུག་ཐར་གྱིས་ཁ་པར་ལ་ཉན་རྗེས། དེ་མ་ཐག་ཏུ་ཁོང་ཚང་ལ་སོང་སྟེ་ནད་པ་མྱུར་སྐྱོབ་ཁང་དུ་བསྐྱལ་ནས་ནད་པ་ཉེན་ཁ་ལས་ཐར་རག་བར་དུ་གཉོར་སྐྱོང་བྱས་ནས་བསྡད།

“དུར་ལྡིང་སྡེ་བར་བསྡད་ཡོད་པའི་དཔུང་སྡེ་ནི། དང་བླངས་བའི་ཞབས་ཞུའི་དཔུང་སྡེ་དང་དམངས་ཀྱི་ཞབས་ཞུའི་དཔུང་སྡེ། མཉམ་གནས་མཉམ་འཛུགས་འབྲེལ་མཐུད་དཔུང་སྡེ། ཏང་ཡོན་གདོང་ལེན་རུ་ཁག་སོགས་ཡོད་ལ། དཔུང་སྡེ་དེ་དག་བརྒྱུད་ནས་དུར་ལྡིང་སྡེ་བའི་རྒྱུན་ལྡན་རང་བཞིན་ཅན་གྱི་གཞི་རིམ་ཞིབ་འཇུག་རྟག་དཔྱད་དང་འཕྲོད་བསྟེན་ལེགས་བཅོས། གྲོགས་སྒྲིག་རོགས་སྐྱོར་སོགས་བྱ་འགུལ་སུམ་བཅུ་ལྷག་ལྷག་སྤེལ། འབད་པ་དེ་དག་ལས་དུར་ལྡིང་སྡེ་བའི་རྣམ་པ་ཇེ་ལེགས་ནས་ཇེ་ལེགས་སུ་གྱུར་ཅིང་།”ཞབས་ཞུའི་བྱ་བ་གླེང་ཚེ་ཁུལ་སྲིད་གཞུང་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་འབྲུག་ཐར་ལ་རྒྱུས་མངའ་ཤིན་ཏུ་ཆེ།

མིང་ལ་ཚེ་འབུམ་ཟེར་བའི་འབྲོག་པ་ཞིག་གིས་གསར་འགོད་པར་བཤད་རྒྱུར། “ད་ལོ་ངའི་ཨ་ཕ་ཚེ་ལས་འདས་ཤིང་། རང་ཉིད་ལ་གྲུམ་བུའི་ནད་བྱུང་ཡོད། ཨ་ཕ་ཚེ་ལས་འདས་རྗེས་ཁྱིམ་ཚང་གི་ཆ་རྐྱེན་མངོན་གསལ་གྱིས་མར་ཆགས་པ་དང་། བྱིས་པ་གཉིས་ད་དུང་ལོ་ཆུང་ཡིན། ཁུལ་སྲིད་གཞུང་གཞུང་སྒྲུབ་ཁང་གི་ལས་བྱེད་པ་རྣམས་རེས་བསྐོར་ནས་བདག་ལ་གཉོར་སྐྱོང་བྱེད་དུ་ཡོང་བ་ཡིན། ནམ་ཡང་རྒྱུན་ཆད་མ་མྱོངས། ལོ་གསར་དུས་ཆེན་གྱི་སྐབས་སུ་ཡང་ཆེད་དུ་ལེགས་སྐྱེས་བཟུང་ནས་ང་ལ་ལྟ་རུ་ཡོང་བ་ཡིན། དེ་བས་ངས་ངོ་མ་སེམས་ཀྱིས་མི་བཟོད་ཀི དབུལ་ཕོངས་ཁྱིམ་ཚང་ཞིག་ཡིན་པའི་ཆ་ནས་ངས་ཁོ་ཚོར་སློབ་སྦྱོང་ལེགས་པོ་བྱས་ཏེ། རྗེས་ཕྱོགས་སུ་ཚང་ལ་དཀའ་ཁག་ཡོད་ཚེ་རང་ཉིད་ཀྱིས་ནུས་པ་ཚད་བཏོན་ནས་རོགས་བྱེད་ངེས།”

ལས་བཟོ་བ་བང་ཧྥ་ཅིན་གྱིས་ཚང་མར་སེམས་འགུལ་ཐེབས་པའི་གཏམ་རྒྱུད་ཅིག་བཤད་བྱུང་། ད་ལོའི་དབྱར་ཁའི་ཉིན་ཞིག་ལ། ལོ་བརྒྱད་ཅུར་སོན་པའི་སྡེ་མི་ཇོ་སྐྱབས་འཁར་བར་བརྟེན་ནས་ཁུལ་སྲིད་གཞུང་གཞུང་སྒྲུབ་ཁང་དུ་ཡོང་ནས་ཁོ་ཚང་ལ་བྱ་བ་གལ་ཆེན་ཞིག་ཡོད་པས་མྱུར་དུ་རོགས་རམ་བྱེད་དགོས་པའི་རེ་བ་བཏོན།ཉིན་གུང་ང་ཚོ་ངེས་པར་དུ་ཁོ་ཚང་ལ་འགྲོ་དགོས་ཟེར། ཚང་མ་ཁོང་ཚང་ལ་ཐོན་རྗེས། ཇོ་སྐྱབས་ཚང་ཀྱིས་འགྲུལ་ཁང་གི་ཅོག་ཙེ་སྟེང་དུ་གོ་རེ་དམར་པོ་དང་མར། རྩམ་པ་སོགས་ཀྱི་སྡེར་ཁ་བསྒྲིགས་ནས་བློ་མཐུན་དག་ལ་སྣེ་ལེན་བྱས། སྐབས་འདིར་ཚང་མར་སེམས་འགུལ་ཐེབས་པ་ཞིག་ནི། མ་གཞི་ན་ནིང་ལོ་མཇུག་ལ་འབྲོག་ཁུལ་ནས་རྒན་པོ་ཇོ་སྐྱབས་ཐོག་མར་ཞིང་འབྲོག་གཏན་སྡོད་ས་ཁུལ་ལ་གནས་སྤར་བས་ཕན་ཚུན་ལ་རྒྱུས་ལོན་དེ་འདྲ་མེད་ལ་དོན་དག་མང་པོ་ཞིག་ཅི་ལྟར་ཐག་གཅོད་བྱེད་དགོས་པ་མི་ཤེས་པས། གཞུང་སྒྲུབ་ཁང་གི་ལས་བྱེད་པ་རྣམས་སུ་ལ་ཁོམ་པ་ཡོད་ཚེ་རྒན་པོ་ཚང་ལ་སོང་ནས་རོགས་བྱེད་པ་དང་གཏན་སྡོད་འགྲོ་ལུགས་བསྒྲུབས་རོགས་བྱས། སྐུད་ཡོད་བརྙན་འཕྲིན་འཐེན་པ་དང་། འཚོ་བའི་མཁོ་ཆོས་སོགས་ཉོ་རོགས་བྱས། དེ་བས་“སེམས་བཟང་ཅན”འདི་འདྲའི་མང་པོ་ཞིག་གིས་ཁོ་ལ་རོགས་བྱས་པ་རེད། ལོ་གཅིག་ཕལ་ཆེར་འདས་ལ་ཉེ་བའི་སྐབས་འདིར་བབ་ཆགས་གཞུང་དྲང་གི་བོད་རིགས་རྒན་པོ་འདིས་ཁོ་ཚོར་ཅི་ལྟར་བཀའ་དྲིན་ཞུ་དགོས་པ་མ་ཤེས་པར། ད་གཟོད་བསམ་ཚུལ་འདི་འདྲ་ཞིག་དྲན་ཡོང་བ་རེད།

རྒྱུན་མི་ཆད་པར་བྱ་བའི་བྱེད་ཐབས་ལ་བསྒྱུར་བཅོས་བཏང་བ་བརྒྱུད་ནས། ཁོ་ཚོའི་བྱ་བ་སྔར་ལས་ལྷག་པའི་སྒྲུབ་བདེ་ལ་རྣམ་པ་མང་བ་དང་། དེ་ལས་ཀྱང་དམངས་ཀྱི་སེམས་ངོར་འཕྲོད་ཅིང་འཚོ་བར་འཚམ། “ཁོ་ཚོ་ནམ་རྒྱུན་ངེད་ཚང་ལ་ཕེབས་ཐེངས་རེར། བདག་ལ་ཆེས་དགོས་གལ་ཆེ་བའི་ཕྱེ་དང་འབྲས། སྣུམ། ཇ་སོགས་བསྐྱལ་ཡོང་བ་ཡིན་ལ། ང་རྒན་པོས་ཁྱེད་རྣམས་པའི་གཟུགས་གཞི་བདེ་ཐང་ཡོང་བའི་སྨོན་འདུན་ཞུ། མི་བཟང་བོ་འབྲས་བུ་བཟང་བོ་འབྱུང་ངེས།”ཏང་ཡོན་རྒན་པ་ཇོ་སྐྱབས་ཀྱི་མིག་མཐའ་ཆུ་མས་བསྐོར་ནས་དེ་ལྟར་བཤད།

མགོ་ལོག་ཁུལ་སྲིད་གཞུང་གཞུང་སྒྲུབ་ཁང་གི་ལས་བྱེད་པ་རྣམས་དུར་ལྡིང་སྡེ་བའི་མང་ཚོགས་རྣམས་ཀྱི“སེམས་ངོར་འཕྲོད་པའི་མི”རུ་གྱུར་ཡོད། ད་ལྟ་ལས་བྱེད་དེ་དག་གིས་སྡེ་བའི་ནང་དུ་ཧུར་ཐག་གིས་ཏང་གི་དམངས་ཕྱུག་སྲིད་ཇུས་རྒྱུད་སྒྲོག་བྱས་ཏེ། ཕྱུག་འགྱུར་གྱི་ཟབ་སྦྱོང་བསྒྲུབས་པ་དངསྡེ་མི་བར་གྱི་འགལ་བ་དག་སྙོམས་སྒྲིག་བྱས། སྡེ་མི་དག་ལ་རོགས་རམ་བྱས་ཏེ་མྱུར་དུ་ཐག་གཅོད་བྱ་དགོས་པའི་དཀའ་ཁག་དག་ཐག་གཅོད་བྱས་ཤིང་། “སྤྱི་ཚོགས་རང་ལུགས་ཀྱི་སྲོག་ཤིང་གི་རིན་ཐང་ལྟ་བའི”འདུ་ཤེས་མིའི་སེམས་སུ་འཇགས་པར་པར་བྱས་ཏེ། ད་ལོའི་ལོ་སྟོད་དུ། མགོ་ལོག་ཁུལ་སྲིད་གཞུང་གཞུང་སྒྲུབ་ཁང་གི་སྡེ་ཁག་རང་ཉིད་ཀྱི་ལོ་གཅིག་གི་བྱ་བའི་དཔྱད་ཞིབ་ཁྲོད་ཐོབ་པའི་སྔོན་ཐོན་ལས་བྱེད་རུ་ཁག་གི་བྱ་དགའ་སྒོར་ཁྲི་གཅིག་དུར་ལྡིང་སྡེ་བར་ཞལ་འདེབས་སུ་ཕུལ་བ་རེད།
 

ལོ་ཙྰ། བསོད་ནམས་བཀྲ་ཤིས།