སྤྱི་ཞབས་པའི་རང་མདངས་ཇི་སྲིད་བར་དུ་ཉམས་པ་མེད།
2016.10.17 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 30

བློ་མཐུན་རྒྱ་མཚོས་ཧི་ནན་སོག་རིགས་རང་སྐྱོང་རྫོང་ནས་ལོ་ངོ་ཉེ་བཞི་རུ་བྱ་བ་བསྒྲུབས་ལ། དེ་ནི་བརྟན་པོར་སྲུང་བའི་ལོ་ངོ་ཉེར་བཞི་ཡིན་པ་དང་། ཏང་གི་གཞི་རིམ་ལས་བྱེད་པ་ཞིག་གིས་བློ་རྩེ་གཅིག་ཏུ་བསྒྲིམས་ནས་སེམས་ཤུགས་ཡོད་རྒུས་བློ་དཀར་གཞུང་དྲང་བྱས་པ་དང་བྱ་བ་མཐར་ཕྱིན་དུ་བསྒྲུབས་པ། འགན་ཁུར་ཁྲག་ཏུ་ཁུར་པའི་ལོ་ངོ་ཉེར་བཞི་ཡང་རེད།

སྤྱི་ཞབས་པ་ནི་ཅི་ཡིན་ཟེར་ན་འགན་འཁྲི་རེད།“གཟའ་འཁོར་འགའི་ནང་དུ་སྲིད་འཛིན་སྡེ་བ་བཅུ་ལ་བསྐྱོད།”“རྫོང་ཡོངས་ཀྱི་གྲོང་རྡལ་གཅིག་དང་ཞང་བཞི་ཡི་འབྲོག་དམངས་ཨུ་ཡོན་ལྷན་ཁང་སོ་དགུ་དང་ཕྱུགས་ལས་མཉམ་ལས་ཁང་བརྒྱ་དང་སོ་གསུམ་རུ་ཐེངས་གྲངས་མེད་དུ་སོང་།” རྒྱ་མཚོས་གཞུང་ལས་ཁང་རྩྭ་ཐང་གི་སྟེང་དང་གནམ་སའི་བར་དུ་གནས་སྤར་བ་དང་། སྡེ་ཁུལ་དང་དགོན་པ། རྩྭ་ས། སློབ་གྲྭ་སོགས་ནས་ཁོའི་ལག་པ་འགུལ་ཞིང་གོམ་པ་སྤོས་ཤིང་སེམས་ཚེགས་བྱས། དུས་རྒྱུན་མང་ཚོགས་ཀྱི་དྲོད་ཁོལ་དང་བདེ་སྐྱིད་དེ་ཡུལ་ཕྱོགས་གཅིག་གི་འཕེལ་རྒྱས་དང་དམ་པོར་སྦྲེལ་བཞིན་ཡོད་ལ། ཁོས་མི་ཚེའི་འཚོལ་སྙེག་དང་བརྩོན་པ་ཚང་མ“རྨ་ཆུའི་ལྷོ་ཕྱོགས”ཀྱི་ཕུགས་འདུན་བསྐྲུན་པའི་སྟེང་བཀོལ་ལ། སེམས་འགུལ་ཐེབས་པའི་བྱ་བ་དང་འགན་འཁྲི་རེ་རེ་ནི་བླ་ན་མེད་པ་ཞིག་རེད། ལོ་ངོ་ཉེར་བཞིའི་རིང་ལ་ཐེངས་གཅིག་ལའང་ངལ་གསོ་མ་མྱོང་། དེ་ནི་སྤྱི་ཞབས་པའི་རང་མདངས་རེད།

སྤྱི་ཞབས་པ་ནི་ཅི་ཡིན་ཟེར་ན་བརྩེ་དུང་རེད།“ཟླ་ངོ་གཅིག་ལྷག་གི་རིང་དུ་ཁྱིམ་ཚང་རེ་རེར་བསྐྱོད་ནས་བརྟག་དཔྱད་བྱས་ཏེ། རྩྭ་ས་རྩོད་གླེང་གི་འགལ་བ་གནས་ལུགས་ཡོད་ལ་བདེན་དཔང་ཡོད་པའི་སྒོ་ནས་མེད་པར་བཟོས་པས། ས་དེའི་འབྲོག་པ་རྣམས་ཀྱིས་སེམས་སྟེང་ནས་ཁས་ལེན་བྱས་སོང་།”“ཁ་རོག་ཏུ་དབུལ་ཕོངས་ཁྱིམ་ཚང་བསོད་ནམས་བཀྲ་ཤིས་ལ་རང་གྲབས་བྱས་པའི་སྒོར་ཁྲི་གཅིག་དང་སྟོང་གཉིས་སྤྲད་ནས་ཁོ་ཚོ་སྡོད་ཁང་གསར་པའི་ནང་སྤར་དུ་བཅུག” རྒྱ་མཚོར་མང་ཚོགས་ཀྱི་བརྩི་བཀུར་ཐོབ་པའི་གསང་བ་ཚང་མའང་ཏང་ཡོན་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས་མི་དམངས་མང་ཚོགས་དང་འབྲེལ་བ་ཟབ་མོ་ཡོད་པས། “ང་ནི་སུ་ཡིན་པ”གསལ་པོར་ཤེས། མང་ཚོགས་ཀྱི་ཁེ་ཕན་ནི་བྱ་བའི་མགོ་རྩོམ་ས་དང་རྐང་ཚུགས་ས་ཡིན་པས།“སུའི་ཆེད་ཡིན”པ་ངེས། མང་ཚོགས་དང་འབྲེལ་གཏུག་དམ་པོར་བྱེད་པ་དེ་རྒྱུན་རྣམ་ཅན་དུ་བསྒྱུར་པ་ལས“སུ་ལ་བརྟེན་དགོས་པ”ཤེས།“ཐག་གིས་བཅད་མེད་ཚེ་དུས་ཡུན་ཅི་འདྲ་འགོར་རུང་ཁོས་ནམ་ཡང་སེམས་སུ་བཟུང་ཡོད།”བརྩེ་བ་ཟབ་མོ་ཞིག་མེད་ཚེ་བྱ་བ་དེ་འགྲུབ་ཐབས་མེད།

སྤྱི་ཞབས་པ་ནི་ཅི་ཡིན་ཟེར་ན་ཀུན་གྱིས་གླེང་བ་དེ་རེད།“ཁོ་ནི་མི་བཟང་ཞིག་ཡིན།”“ཁོ་རང་ཡོད་ཚེ་ཚང་མ་སེམས་བདེ་མོར་གནས་ཡོད།” འདི་ལས་བཟང་བའི་གདེང་འཇོག་གང་ནའང་མེད། རྒྱ་མཚོའི་སེམས་འགུལ་ཐེབས་པའི་བྱས་རྗེས་ལས་ང་ཚོར་བརྗོད་པ་ནི། སྤྱི་ཞབས་པའི་བརྩེ་སེམས་དང་བདེན་འཚོལ་གྱི་སྤྱོད་ལམ། ཧུར་བརྩོན་གྱི་སྙིང་སྟོབས། ཀུན་སྤྱོད་ཀྱི་འགན་འཁྲི་བཅས་ཀྱི་ཡང་སྙིང་ནི“དམངས་ཀྱི་ཆེད”ཡིན། ངོ་བོ་ནི་མི་དམངས་མང་ཚོགས་དང་ཤ་ཁྲག་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བྱེད་རྒྱུ་དེ་ཡིན། དམིགས་ཡུལ་དང་ལས་འགན། བསྙེག་བྱ་རྣམས་བྱ་བ་དང་ལས་དོན། འཚོ་བ་བཅས་ཀྱི་ཕྱོགས་སོ་སོ་ནས་ལག་ཏུ་བསྟར་བས། རྒྱ་མཚོ་ཇི་སྲིད་བར་དུ་གནས་ལ། ཁོའི་སྙིང་སྟོབས་དང་སྤྱོད་ལམ་གྱིས་ང་ཚོར་བཞག་པ་ནི་སེམས་འགུལ་ཡིན་ལ། ང་ཚོར་མདུན་སྐྱོད་ཀྱི་སྟོབས་ཤུགས་ཀྱང་བསྩལ་ཡོད་པ་ཡིན།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།