ཕྱུག་བསྒྱུར་སྣེ་ཁྲིད་པ་དོན་གྲུབ།
2016.11.28 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 21

“ ཐང་ལ་འགྱིག་ཤོག་བཏང་རྗེས་དང་ཐག་པས་དམ་པོར་སྡོམ་དགོས། ཚང་མས་ད་རུང་ཉིན་ཁ་ཤས་ལ་འབད་བརྩོན་བྱས་ནས་ལས་ཀ་འདི་བསྒྲུབ་ཚར་རྗེས།  ང་ཚོའི་དགུན་ཁར་སྔོ་ཚོད་ཟ་བར་སེམས་ཁུར་བྱེད་མི་དགོས”ཞེས་དོན་གྲུབ་ཀྱིས་ཡུལ་མི་ཚོར་རྫ་དམར་གྱི་བཟོ་སྟངས་ངོ་སྤྲོད་བྱས། 
ཟླ་བརྒྱད་པའི་ཚེས་དགུ་ཉིན། གསར་འགོད་པ་མཚོ་སྔོན་ཞིང་ཆེན་གྱི་ལྷོ་སྒོ་ཆེན་མོར་བརྗོད་པའི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་དུ་ཐོན་པ་ན། རྫ་དམར་གྱི་ཕ་ས་སྟེ་ཇོ་ལ་ཞང་ཁ་ཡོང་ནེ་སྡེ་བའི་དོན་གྲུབ་ཀྱིས་མཉམ་ལས་ཁང་གི་ཡུལ་མི་ཚོའི་སྣེ་ཁྲིད་དེ་དྲོད་ཁང་འཛུགས་སྐྲུན་བྱེད་བཞིན་ཡོད་པ་དང་།  ཁོ་རང་ཐང་ཆད་ནས་རྔུལ་ཆུ་ཤམ་ཤུམ་དུ་བཞུར་བཞིན་ཡོད་ལ།   དོར་མ་སྐྱ་བོ་དེའི་སྟེང་དུ་བུ་ག་ཆེན་པོ་ཞིག་ཡོད་པ་དེའང་ཁོས་ཤེས་མེད་པ་འདྲ། 

དོན་གྲུབ་ནི་ཇོ་ལ་ཞང་ཁ་ཡོང་ནེ་སྡེ་བའི་འབྲོག་པ་ཞིག་ཡིན་ལ།   ལོ་འགའི་སྔོན་དུ་ཚོང་ལས་གཉེར་བས་ལོ་གཅིག་གི་ཡོང་སྒོ་སྒོར་ཁྲི་སུམ་བཅུ་ཡིན། སྒོར་མོ་བཙལ་རྗེས་དོན་གྲུབ་ནང་ལོག་ནས་ཟླ་གཉིས་ལྷག་བསྡད་ནས། སྒོར་མོ་བཀོལ་ཚར་རྗེས་ཕྱིར་ནང་ཆེན་དུ་ལོག་པ་རེད།  འདས་ཟིན་པའི་བྱ་བ་གླེང་སྐབས་དོན་གྲུབ་ཀྱིས་དོར་མ་རལ་ཡོད་པ་དེ་སྟོན་བཞིན་བཤད་རྒྱུར།   སྐབས་དེར་ཁོས་སྒོར་ལྔ་བརྒྱ་མན་གྱི་དོར་མ་ཞིག་གོན་མ་མྱོང་བར་འཚོ་བ་ཧ་ཅང་བཟང་མོད།     འོན་ཀྱང་ཁོ་ལ་བློ་འགྱོད་ཞིག་ཡོད་པ་ནི་མི་ཞིག་ཡིན་ན་དེ་ལྟར་འཚོ་བ་རོལ་ན་མི་འགྲིག་སྙམ། ད་ལྟ་ངའི་གྱོན་ཡོད་པའི་དོར་མ་འདི་ལ་སྒོར་མོ་བརྒྱ་ཡང་མི་དགོས། ཟ་མ་ཡང་རྒྱུན་ཟས་ཤིག་ཟོས་པ་ཡིན། 

ཉིས་སྟོང་བཅུ་གཉིས་ལོར།    ཡུལ་མི་ཚོའི་རེ་བ་ལྟར།  དོན་གྲུབ་གྱིས་ཁ་ཡོང་ནེ་སྡེ་བའི་ནང་དུ་ཁ་སྒང་པོའི་འདེབས་འཛུགས་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་བཙུགས། ཁྱིམ་ཚང་ཉེར་ལྔ་ཡི་མི་བརྒྱ་དང་ལྔ་བཅུ་ལྷག་མཉམ་ལས་ཁང་གི་ནང་དུ་ཞུགས། དོན་གྲུབ་ཀྱིས་མཉམ་ལས་ཁང་དུ་ཞུགས་པའི་རོང་འབྲོག་མང་ཚོགས་ཀྱི་ལག་ནས་སྒོར་མོ་སྐར་མ་གང་ཡང་བླངས་མ་མྱོང་། སྐབས་དེར་ཁོས་རང་ཉིད་ཀྱི་སྒོར་མོ་བཀོལ་ནས་ཐོན་ལས་གཉེར་བ་དང་ཕྱོགས་ཡར་མར་ལ་སོང་ནས་ལས་གཞིའི་རྣམ་གྲངས་བརྩོན་ལེན་བྱས།  

ཉིས་སྟོང་བཅུ་བཞི་ལོར། དོན་གྲུབ་ཀྱིས་ནང་ཆེན་རྫོང་གི་ཞིང་ཕྱུགས་ཅུའུ་ནས་དྲོད་ཁང་ཆེན་མོ་བཅུའི་ལས་གཞི་བརྩོན་ལེན་བྱས་པ་དང་།    དྲོད་ཁང་རེ་རེ་ལ་སྨི་གྲུ་བཞི་མ་བརྒྱ་ལྷག་ཡོད། དྲོད་ཁང་ཆེན་མོའི་ནང་དུ་ཚོད་དཀར་དང་། ཚེ་ཀྭ ལ་ཕུག་སོགས་སྔོ་ཚོད་ཀྱི་རིགས་སྣ་ཚོགས་བཏབ་རྗེས་སྔོ་ཚོད་དེ་དག་ཞང་གི་སློབ་གྲྭ་དང་། དགོན་པ། ཡུལ་མི་ཚོར་བཙོང་བས། ས་གནས་མང་ཚོགས་དང་མཉམ་ལས་ཁང་དུ་ཞུགས་པའི་རོང་འབྲོག་མང་ཚོགས་ཀྱིས་ཀྱང་དགུན་ཁར་སྔོ་ཚད་གསར་བ་ཟ་ཐུབ་པར་མ་ཟད། ད་དུང་ལོ་རེར་སྔོ་ཚོད་བཙོང་བའི་ཡོང་སྒོ་སྒོར་ཁྲི་ཁ་ཤས་ཡོད་པ་རེད།

ད་ལྟའི་བར་དུ། དྲོད་ཁང་ཆེན་མོ་བཅུ་བོ་ལ་འདྲ་མིན་སྣ་ཚོགས་ཀྱི་གནོད་པ་ཐེབས་ཡོད་པ་དང་།    བཀོལ་སྤྱོད་བྱས་ཆོག་པའི་དྲོད་ཁང་གསུམ་མ་གཏོགས་མེད།   དོན་གྲུབ་ཀྱིས་ཡང་བསྐྱར་ནང་ཆེན་རྫོང་ཕྱུགས་ལས་ཅུའུ་ལ་དྲོད་ཁང་ཆེན་མོ་གཉིས་དགོས་པའི་རེ་ཞུ་བྱས་པ་དང་། དེ་མིན་ད་རུང་སོ་ཕག་དམར་པོའི་གྲུབ་པའི་དྲོད་ཁང་ཡང་རེ་ཞུ་བྱས། གསར་འགོད་པས་དོན་གྲུབ་མཐོང་སྐབས་ཁོས་དྲོད་ཁང་ཆེན་པོ་དེ་གཉིས་འཛུགས་སྐྲུན་གྱི་ལས་ལ་བྲེལ་བཞིན་ཡོད།

ཇོ་ལ་ཞང་ནི་རོང་མ་འབྲོག་གི་ཞང་ཞིག་ཡིན་པ་དང་། ཕྱུགས་ལས་འཕེལ་རྒྱས་ཀྱི་ཕྱོགས་ལ་མདུན་ལམ་ཧ་ཅང་ཆེན་པོ་ཡོད། དེའི་སྐབས་སུ་མཉམ་ལས་ཁང་དུ་ཞུགས་པའི་འབྲོག་པའི་ཁྱིམ་ཚང་ཉེར་ལྔ་ལ་སྡོམས་པས་འབྲི་གཡག་སྟོང་གཅིག་ཡོད། དོན་གྲུབ་ཀྱིས་མཉམ་ལས་ཁང་དུ་ཞུགས་པའི་འབྲོག་ཁྱིམ་ལ་ཞོ་དང་འོ་མ་བཙོང་རོགས་བྱས།   སྐབས་དེར་ཡུལ་མི་ཚོར་ནངས་སྔ་མོའི་ཆུ་ཚོད་གཉིས་སྟེང་ཡར་ལངས་ནས་འོ་མ་བཞོ་བ་དང་།   ཆུ་ཚོད་བཞིའི་སྟེང་འོ་མ་བཞོས་ཚར་རྗེས་ཡང་བསྐྱར་གཉིད་ལོག་པ་རེད།   

དོན་གྲུབ་ཀྱིས་སྐབས་དེར་མཚན་མོར་རླངས་འཁོར་གྱི་འོ་མ་དྲུད་ནས་རྫོང་དང་ཁུལ་ཐོག་ཏུ་སྐྱེལ་བཞིན་ཡོད་པ་དང་།  ཉིས་སྟོང་བཅུ་གསུམ་ལོར།   དོན་གྲུབ་ཀྱི་རྫོང་ཐོག་ནས་འཁྱགས་སྒམ་ཅན་གྱི་རླངས་འཁོར་ཞིག་བརྩོན་ལེན་བྱས་ནས་དུས་རྒྱུན་ཞོ་དང་འོ་མ་བཙོང་བའི་སྐབས་སུ་རླངས་འཁོར་དེ་བེད་སྤྱོད་གཏོང་བཞིན་ཡོད།

ཉིས་སྟོང་བཅུ་གསུམ་ལོར་ང་ཚོས་ཞོ་དང་འོ་མ་བཙོང་བའི་ཡོང་འབབ་སྒོར་ཁྲི་བཅུ་ལས་བརྒལ་བ་དང་། ངས་གོ་ཐོས་ལྟར་ན་འཁྱག་སྒམ་ཅན་གྱི་རླངས་འཁོར་ཞིག་ཉོས་ན་ཕལ་ཆེར་སྒོར་ཁྲི་དགུ་ལྷག་དགོས། སྲིད་གཞུང་གིས་ང་ཚོ་ལ་འདི་ལྟ་བུའི་རླངས་འཁོར་ཞིག་ཉོས་ཏེ། ང་ཚོའི་འགྲོ་སྒོའི་ཕྱོགས་ལ་གྲོན་ཆུང་བྱས་པ་དང་། མཉམ་ལས་ཁང་འདིའི་དཀའ་ཁག་ཅན་གྱི་ཁྱིམ་ཚང་དག་ལ་བགོ་བཤའ་མང་པོ་རྒྱག་རྒྱུ་ཡོད་ཞེས་དོན་གྲུབ་ཀྱིས་མཉམ་ལས་ཁང་གི་ར་སྐོར་ནང་བཞག་ཡོད་པའི་རླངས་འཁོར་སྟོན་ཞོར་དུ་དེ་ལྟར་བཤད་བྱུང་། གདང་ལ་ཞང་དང་ཡང་ན་ནང་ཆེན་རྫོང་གི་རྫ་དམར་ཞང་དུ་སྔོན་ཆད་ཁྱིམ་ཚང་ཚང་མས་དུས་རྒྱུན་བཀོལ་བའི་སྡེར་མ་དང་སྣོད་སོགས་ནི་རང་ཉིད་ཀྱིས་བཟོས་པ་ཡིན།ཡིན་ཡང་གྲོང་རྡལ་རང་བཞིན་དང་དུས་རབས་རང་བཞིན་ཀྱི་འགྱུར་ལྡོག་གི་ཁྲོད་ནས་རང་ཡུལ་ནས་རྫ་དམར་བཀོལ་མཁན་ཧ་ཅང་ཇེ་ཉུང་སོང་། དོན་གྲུབ་ཀྱིས་མཉམ་ལས་ཁང་གི་འཇོན་ཐང་ཅན་གྱི་ན་གཞོན་མང་པོ་མཉམ་དུ་བསྡུས་ནས་རྫ་དམར་བཟོ་སྟངས་སྔོག་འདོན་བྱས་ཏེ་སློབ་སྦྱོང་བྱས། རྗེས་སུ་མི་བཅོ་ལྔ་ལྷག་གིས་རྫ་དམར་བཟོ་སྟངས་ཤེས་སོང་ལ། ན་ནིང་ལོ་གཅིག་པུར ། མཉམ་ལས་ཁང་གི་རྫ་དམར་གྱི་ཡོང་སྒོ་སྒོར་ཁྲི་ཉི་ཤུ་ལྷག་ལ་བུད། དོན་གྲུབ་ཀྱིས་ཕ་ཡུལ་གྱི་མི་རྣམས་ལ་རྫ་དམར་བཟོ་བར་སྣེ་ཁྲིད་བྱས་པར་མ་ཟད། མི་རབས་སྔོན་མའི་ཤུལ་བཞག་གི་ལག་རྩལ་རྒྱུད་འཛིན་བྱས་པ་དང་།   ཕ་ཡུལ་གྱི་མི་རྣམས་ཀྱི་ཡོང་སྒོ་ཡང་ཇེ་མང་དུ་བཏང་།

དོན་གྲུབ་ཀྱིས་ཐོན་ལས་གསར་སྤེལ་བྱས་ནས་ཡོང་སྒོ་འཕར་བའི་སྐབས་དེར། རང་ཡུལ་གྱི་ཁོར་ཡུག་དྭངས་གཙང་བྱེད་པའང་མ་བརྗེད་པར་སྐྱེ་ཁམས་སྲུང་སྐྱོབ་བྱས། དོན་གྲུབ་ཀྱིས་ལོ་རེ་རེར་ནགས་ལས་ཅུའུ་ལ་སྡོང་ཕྲུག་སུམ་བརྒྱ་ལྷག་བསླངས་པ་དང་ཉིན་བཅུ་ཡི་དུས་ཚོད་བཀོལ་ནས་མཉམ་ལས་ཁང་གི་མི་རྣམས་ཁྲིད་ནས་ཉེ་འདབས་ཀྱི་རི་འགོར་བཙུགས་པ་རེད། ལོ་རེར་སྡོང་བོ་འདི་དག་གི་སྐྱེ་ཚད་ནི80%གཡས་གཡོན་དུ་སླེབས། མཉམ་ལས་ཁང་གི་གང་སར་སྡོང་ཕྲུག་གིས་གང་ཡོད་ལ། དོན་གྲུབ་ཀྱིས་སྡོང་ཕྲུག་རིང་བོ་ཞིག་ལ་བལྟས་ནས་བཤད་རྒྱུར་སྡོང་ཕྲུག་དེ་དག་ནི་ ང་ཚོས་ན་ནིང་བཏབ་པ་ཡིན། ད་ལྟ་སྐྱེས་ནས་ཆེན་པོར་གྱུར་འདུག་ཟེར།
ཡང་དོན་གྲུབ་ཀྱིས་མཉམ་ལས་ཁང་གི་ལས་བཟོ་བ་རྣམས་ཁྲིད་ནས་གད་སྙིགས་རྣམས་ཕྱོགས་གཅིག་ཏུ་སྤུངས་ཡོད་པ་དང་། ཚང་མར་གད་སྙིགས་གང་སར་མི་འཕེན་པའི་གོམས་སྲོལ་ཆགས་སུ་བཅུག དོན་གྲུབ་རྫོང་ཐོག་ཏུ་འགྲོ་ཐེངས་རེ་རེར་གད་སྙིགས་རླངས་འཁོར་གང་དྲུད་ནས་རྫོང་གི་གད་སྙིགས་འཕེན་སར་འགྲོ་བ་རེད། ད་ལོར་རླངས་འཁོར་ཐེངས་སུམ་བཅུ་ལྷག་དྲུད་འདུག

མདོར་ན་དོན་གྲུབ་ནི་ཁོམ་པ་མེད་པར་ཐབས་བཀོད་སྣ་ཚོགས་འཐེན་ནས་ཕ་ཡུལ་གྱི་མི་རྣམས་ཀྱི་ཡོང་འབབ་ཇེ་མཐོར་གཏོང་ཨེ་ཐུབ་ལྟ་བཞིན་ཡོད་ལ།ན་ནིང་ལོར་ཁུལ་ཉོ་ཚོང་ཅུའུ་ཡིས་སྒོར་ཁྲི་ཉི་ཤུ་དང་། ཇོ་ལ་ཞང་གིས་སྒོར་ཁྲི་བརྒྱད་ལྷག་གིས་རོགས་སྐྱོར་བྱས་འོག ཁོས་སྒོར་མོ་དེ་དག་བཀོལ་ནས་ཁང་བ་ཕུབ་པ་དང་། ལས་གཞི་གཉེར་བ་སོགས་བྱས་པ་དང་། ནས་ནག་གི་བོད་ཆང་དང་ནས་ནག་གི་ཆང་དམར། དེ་མིན་དབྱར་རྩྭ་དགུན་འབུའི་ཐོན་རྫས་སོགས་མཚོ་སྔོན་ཞིང་ཆེན་ཚོང་གཏམ་གྲོས་ཚོགས་སུ་ཞུགས་ནས་འགྲེམ་སྟོན་བྱས།

ལོ་ཙཱ་བ། སྐར་མ་འཚོ།