རྒྱལ་ཡོངས་ཡ་རབས་ཁྱིམ་ཚང་འཛོམས་སྐྱིད་ཀྱི་སྒྲུང་།
2017.03.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 42

རྒྱ་མ་གྱེར་རིའི་འདབས་རོལ་ཏུ་ཞིང་སྡེ་དཀྱུས་མ་ཞིག་ཆགས་ཡོད་པ་དེ་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་རྒྱ་མ་ཞང་བཀྲ་ཤིས་སྡེ་བ་རེད། གནས་དེ་གའི་ས་རྒྱུ་གཤིན་པའི་ཐོག་ལས་ལ་བརྩོན་ཞིང་སེམས་རྒྱུད་བཟང་བའི་རྒྱ་མ་མང་ཚོགས་ཀྱིས་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་འཚོ་བ་བསྐྲུན་པ་མ་ཟད། ཀྲུང་ཧྭ་མི་རིགས་ཀྱི་ཡ་རབས་གཤིས་སྤྱོད་མ་ཉམས་རྒྱུན་འཛིན་བྱེད་བཞིན་ཡོད། འཛོམས་སྐྱིད་ཀྱིས་ཀྱང་བརྩེ་བ་ཆེན་པོ་བཅངས་ནས་བདེན་ལེགས་མཛེས་གསུམ་གྱི་གཤིས་སྤྱོད་བཟང་པོ་སྐྱོང་བཞིན་མཆིས། འཛོམས་སྐྱིད་ཀྱིས“བུ་ཆུང་ཕྱིར་སླེབས་ཚེ། པེ་ཅིན་གྱི་གནས་ཚུལ་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཅི་ཞིག་གསུངས་པ་ང་ལ་བཤད་དུ་འཇུག་རྒྱུ་ཡིན”ཟེར། “ང་སྤྱི་ཁྱབ་ཧྲུའུ་ཅི་ལ་མཇལ་བྱུང་། ཁོང་གིས་ང་ཚོར་ཕྱག་འཇུས་གནང་བྱུང”འཛོམས་སྐྱིད་ཀྱི་བུ་པ་སངས་ཚེ་རིང་པེ་ཅིན་ལ་ཕྱིན་ནས་གཟེངས་བསྟོད་ཚོགས་ཆེན་ལ་ཞུགས་པ་དང་། ཁ་པར་ནང་ནས་པ་སངས་ཚེ་རིང་གིས་རང་ཉིད་ཀྱི་མྱོང་ཚོར་གསར་འགོད་པར་བཤད་སྐབས་དགའ་སྤྲོ་ཚད་མེད་སྐྱེས་བྱུང་། ཁང་པ་ཉིས་ཐོག་ཅན་གྱི་འཛོམས་སྐྱིད་ཀྱི་ཁྱིམ་དུ་བལ་ཕྲུག་འཐག་སྤྱད་ཀྱི་འཕྲུལ་ཆས་ཞིག་བཞག་ཡོད། འཛོམས་སྐྱིད་ཀྱིས་ཕྲུག་འཐག་ནས་ཁྱིམ་གྱི་འཚོ་བ་རོལ་ཐབས་བྱེད་ཀྱི་ཡོད། དེང་སྐབས་འཚོ་བ་བདེ་ཞིང་སྐྱིད་ནའང་། ལོ་བཅུའི་ཡར་སྔོན་བྱུང་བའི་གོད་ཆག་དེ་འཛོམས་སྐྱིད་ཀྱིས་བརྗེད་ཐབས་བྲལ

2006ལོར་འཛོམས་སྐྱིད་ཀྱི་བཟའ་ཟླས་རི་ནས་ཕྱུགས་འཚོ་སྐབས་གློ་བུར་དུ་ཐོག་གིས་བརྒྱབ་ནས་ཚེ་ལས་འདས་པ་དང་། དེ་ནས་བཟུང་འཛོམས་སྐྱིད་ཀྱིས་ནད་ཀྱི་མནར་ཏེ་མལ་སར་ལྷུང་ནས་ལོ་བཅུ་ལྷག་འགོར་བའི་ཨ་ནེ་འོད་ཟེར་དང་། ན་ནས་ཡུན་རིང་པོ་སོང་བའི་གཅེན་པོ་ཞིག ད་དུང་ལོ་བཅུ་དྲུག་ལ་སླེབས་པའི་བུ་ཆུང་དང་ལོ་དྲུག་ལ་སོན་པའི་བུ་མོ་གཅིག་བཅས་ལས་མེད། ། “དེ་དུས་ངའི་སེམས་ལ་ཐོག་མར་ཤར་བ་ནི་ཁྱིམ་ཚང་འདིའི་འཚོ་བའི་ཆེད་དུ་ཅི་བྱུང་རུང་རང་ཉིད་ངེས་པར་བཟང་བོར་གསོན་ནས་ཁྱིམ་ཚང་འདི་ལ་བདག་སྐྱོང་བྱེད་དགོས་པར་སྙམ།”ཞེས་འཛོམས་སྐྱིད་ཀྱིས་བཤད་པ་དང་། མོས་མོ་རང་གི་བཟའ་ཟླ་ཚེ་ལས་འདས་པ་དེས་ང་ལ་སྡུག་བསྔལ་ཆེན་པོ་ཞིག་བྱིན་མོད། འོན་ཀྱང་དེ་དུས་ངུས་ནས་སྡོད་ཁོམ་ག་ལ་ཡོད་ཅེས་བཤད། དེ་ནས་བཟུང་ཉི་མ་རེ་རེའི་ཞོགས་པ་སྔ་མོར་འཛོམས་སྐྱིད་ཀྱི་ཁྱིམ་ནས་ཐོག་མར་མེ་ཁ་གསོས་པའི་དུ་བ་སྔོ་ལྷོག་ལྷོག་ཏུ་འཕྱུར་བ་དང་མཚན་མོའང་འཕྱི་པོར་འདུག་དགོས་པ་སྡེ་མི་རྣམས་ཀྱིས་གསལ་བོར་ཤེས་ཡོད། འཛོམས་སྐྱིད་ཀྱི་འཚོ་བའི་ནང་ཉིན་མཚན་གྱི་དབྱེ་བ་དང་ནམ་དུས་ཀྱི་ཁྱད་པར་མེད་པར། ཉི་མ་རེ་རེ་དང་ལོ་ནས་ལོ་དེད་དེ་རང་ནུས་ཡོད་རྒུས་གཉེན་ཉེ་གཉིས་དང་བྱིས་པ་གཉིས་ལ་དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་ཞིག་སྐྱོང་བཞིན་ཡོད། འོད་ཟེར་ནི་གོམ་པ་སྤོས་ནས་འགྲོ་ཐུབ་ཐབས་བྲལ་བ་ཞིག་རེད། ལོ་བཅུ་ལྷག་གི་རིང་འཛོམས་སྐྱིད་ཀྱི་ལས་ཀར་བྲེལ་བ་ཇི་འདྲ་ཆེའང་འོད་ཟེར་ལ་སྡུག་མྱོང་གི་འཇོག་མ་མྱོང་། དུས་ནམ་ཡིན་ན་ཡང་འོད་ཟེར་གྱིས་ལུས་ལ་གྱོན་ཆས་གཙང་མ་ཞིག་གྱོན་ནས་སྡོད་པ་ཡུལ་མི་ཚོས་མཐོང་ཐུབ། གཅེན་པོ་ནི་ཞ་འཁུམས་སུ་གྱུར་ནས་ཉལ་སར་ལུས་པ་དང་འཚོ་བ་རང་རྐྱ་འཕེར་མི་ཐུབ། 2012ལོའི་ལོ་མཇུག་ཏུ་ཡུན་རིང་ཉལ་སར་ལུས་པའི་གཅེན་པོའི་ན་ཚ་ཇེ་སྡུག་ཏུ་སོང་ནས་སྨན་ཁང་དུ་སྨན་བཅོས་བྱེད་པར་འགྲོ་དགོས་བྱུང་བས། མུ་གེའི་སྒང་ལ་ཟླ་ལྷག་ཟེར་བ་བཞིན་འཚོ་བ་སྡུག་པའི་འཛོམས་སྐྱིད་ཚང་སྔར་ལས་ཀྱང་དཀའ་ངལ་ལ་འཕྲད།“གཅེན་པོ་གྲོང་ཁྱེར་མི་དམངས་སྨན་ཁང་ནས་ཉིན་བཞི་བཅུ་ཙམ་བསྡད་པའི་རིང་ལ། ཨ་ནེ་རང་གི་སྡེ་བའི་ནང་གི་ཁྱིམ་མཚེས་ལ་བཅོལ་ནས་གཅེན་པོར་ལྟ་སྐྱོང་བྱས་ཏེ་བསྡད་པ་ཡིན”ཞེས་འཛོམས་སྐྱིད་ཀྱིས་བཤད། འཛོམས་སྐྱིད་ཀྱི་ཉམ་ཆུང་ཕྲག་པས་ཁྱིམ་དེ་སྐྱོང་བཞིན་པ་མཐོང་སྐབས། འཛོམས་སྐྱིད་ཀྱི་བྱིས་པ་གཉིས་ཀྱང་རང་དང་ན་ཚོད་མཉམ་པའི་བྱིས་པ་གཞན་དང་བསྡུར་ན་བསམ་ཤེས་མཁན་ཞིག་ཏུ་གྱུར། བྱིས་པའི་སྐོར་གླེང་སྐབས། འཛོམས་སྐྱིད་ཀྱིས“བུ་ལོ་ཆུང་ཡང་ཁྱིམ་གྱི་ལས་ཀ་ཕྱེད་ཀ་ཙམ་ལས་ཐུབ་ཀྱིན་ཡོད། ལོ་འདི་དག་གི་རིང་ལ་བུས་རྒན་པའི་ཁ་ལ་ཉན་པ་དང་། གཅུང་མོར་བྱམས་སྐྱོང་བྱེད་ཀྱིན་ཡོད།”ཅེས་སྤོབས་པ་ཆེན་པོའི་ངང་བཤད །བུ་མོ་གཡུ་སྒྲོན་སློབ་གྲྭར་འགྲོ་བཞིན་ཡོད་ནའང་། བུ་མོའི་དོན་དུ་འཛོམས་སྐྱིད་ཀྱིས་་གཏན་ནས་སེམས་ཁྲལ་བྱས་མྱོང་མེད། བུ་མོ་ཁྱིམ་དུ་ལོག་རྗེས་རྟག་ཏུ་ཁྱིམ་གྱི་ལས་ཀར་རོགས་རམ་བྱེད་ཀྱིན་ཡོད།
ན་ནིང་དགུན་ཁ་གཡུ་སྒྲོན་གྱིས་རང་གི་ཨ་མ་འཛོམས་སྐྱིད་ཀྱིས་འགྱིག་ལྷམ་རལ་པ་ཞིག་གྱོན་པ་མཐོང་ནས་རང་ཉིད་ཀྱིས་བསགས་པའི་དངུལ་གྱིས་ཁུངས་མཐུག་ལ་དྲོད་ཆེ་བའི་སྲིང་བལ་ཅན་གྱི་ལྷམ་ཞིག་ཉོས་པ་དང་། ཁྱིམ་དུ་སླེབས་རྗེས་བུ་མོས་ཨ་མར་ལྷམ་ཚད་དུ་བཅུག་ནས་རྐང་པར་འཚམ་པོ་བྱུང་བ་མཐོང་འཕྲལ་བུ་མོ་གཡུ་སྒྲོན་དགའ་པོ་བྱུང་བ་རེད། ཁྱིམ་ཚང་ནི་མི་ཚེ་ཡི་སློབ་ཁང་ཐོག་མ་ཡིན་ལ། ཕ་མ་ནི་བྱིས་པའི་དགེ་རྒན་ཐོག་མ་ཡིན། འཛོམས་སྐྱིད་ཚང་གི་བཟའ་མི་ཚང་མས་ཕན་ཚུན་བརྩི་བཀུར་དང་ཕན་ཚུན་གཅེས་སྤྲས་བྱས་ནས་འཆམ་མཐུན་བདེ་སྐྱིད་ཀྱི་ཁྱིམ་གཞིས་ཞིག་རྒྱུན་ཡུན་ནས་ཡུན་དུ་སྐྱོང་བ་དེ་འཛོམས་སྐྱིད་ཚང་གི་སྲོལ་རྒྱུན་བཟང་བོ་ཞིག་ཏུ་གྱུར་ཡོད། སྔོན་མའི་གནས་ཚུལ་ལ་ཕྱིར་དྲན་བྱེད་སྐབས། འཛོམས་སྐྱིད་ཀྱིས་སྔར་བཞིན་དྲིན་ཚོར་གྱི་བསམ་པ་ཞིག་བཅངས། “ལོ་ངོ་མང་པོའི་རིང་ལ་སྲིད་གཞུང་གིས་ང་ཚོར་སྲིད་ཇུས་བཟང་བོ་དང་མ་དངུལ་གྱིས་རོགས་རམ་གང་ཐུབ་བྱས་བྱུང་། སྔོན་ཆད་ཧ་ཅང་ཐབས་སྡུག་བའི་ངེད་ཚང་གི་ཁྱིམ་ཚང་དེ་ད་སྐབས་དྲོད་སྐྱིད་དང་དགའ་སྤྲོས་ཁེངས་པའི་ཁྱིམ་ཚང་ཆེན་མོ་ཞིག་ཏུ་གྱུར་ཡོད”ཟེར། “འཛོམས་སྐྱིད་ཀྱིས་རང་ཁྱིམ་གྱི་དཀའ་སྡུག་གི་དོན་དུ་རང་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་ཐེངས་གཅིག་ལའང་འཚོལ་མྱོང་མེད། ངས་རྒྱུན་དུ་མོའི་ཁྱིམ་གྱི་དཀའ་ངལ་སྐོར་འདྲི་སྐབས། མོས་རྒྱུན་དུ་སྡེ་བས་ངེད་ཚང་ལ་རོགས་རམ་བྱས་པ་ཉུང་ཉུང་མིན། ངེད་ཚང་ལ་རོགས་བྱེད་མི་དགོས། ང་ཚོས་དཀའ་ཁག་ཅན་གྱི་ཁྱིམ་ཚང་གཞན་ལ་རོགས་བྱས་ན་འགྲིག་ཟེར། 2016ལོའི་ཟླ་བཅུ་གཉིས་པའི་ནང་འཛོམས་སྐྱིད་ཚང་ལ་སྐབས་དང་པོའི་རྒྱལ་ཡོངས་དཔལ་ཡོན་ཁྱིམ་ཚང་གི་མཚན་སྙན་ཐོབ། སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བཀྲ་ཤིས་བག་གྲོས་བཤད་རྒྱུར། “སྡེ་མི་ཚོས་འཛོམས་སྐྱིད་ལ་བྱ་དགའ་ཐོབ་པ་ཤེས་རྗེས་ཚང་མ་དགའ་སྤྲོ་ཆེན་པོ་བྱུང་སོང་། དེ་ནི་ང་ཚོའི་སྡེ་བའི་བཀྲ་ཤིས་པའི་བྱ་བ་ཆེན་པོ་ཞིག་རེད”ཅེས་བཤད།
རང་སྐྱོང་ཁུལ་སྲིད་གཞུང་གཞུང་ལས་ཐིན་གྱི་སྡེ་སྡོད་བྱ་བའི་རུ་ཁག་གི་རུ་གཙོ་ལིས་ཐེན་གྱིས་བཤད་རྒྱུར། ང་ཚོ་ཐོག་མར་སྡེ་བ་དེར་སླེབས་སྐབས་འཛོམས་སྐྱིད་ཀྱིས་རང་ཁྱིམ་གྱི་ལྕི་བ་དང་རིལ་མ་སྡེ་བའི་བཅའ་སྡོད་ལས་དོན་རུ་ཁག་སྡོད་སར་སྐྱེལ་བར་སླེབས་བྱུང་། དེ་དུས་འཛོམས་སྐྱིད་ཀྱིས་ཁག་སྔོན་མའི་སྡེ་སྡོད་བྱ་བའི་རུ་ཁག་གིས་ངའི་བུ་ཆུང་ལ་ལྷ་ས་ནས་ལས་ཀ་ཞིག་འཚོལ་རོགས་བྱས་བྱུང་ཞེས་བཤད་བྱུང་། ད་ལྟ་འཛོམས་སྐྱིད་ཀྱི་བུ་ཕྱིར་རང་ཁྱིམ་ལ་ལོག་ནས་ཞིང་ལས་བྱེད་ཀྱི་ཡོད་ནའང་། འཛོམས་སྐྱིད་ཀྱིས་རང་ལ་རོགས་རམ་བྱེད་མཁན་ཚོའི་བཀའ་དྲིན་ནམ་ཡང་བརྗེད་མེད་ཅེས་བརྗོད། བཅར་འདྲི་བྱེད་སྐབས་གསར་འགོད་པ་ཉམ་ཆུང་བུད་མེད་དེར་གུས་བཀུར་དང་ཡིད་སྨོན་གྱི་བསམ་པ་ཞིག་ངང་ངམ་ཤུགས་ཀྱིས་སྐྱེས། ལོ་ངོ་བཅུ་ལྷག་གི་དུས་ཡུན་ཉི་མ་གཅིག་ལྟར་མཐའ་འཁྱོངས་བྱས་པ་དང་དཀའ་བ་ཉིན་རེ་བཞིན་སྤྱད་ནས་བརྩོན་པ་མ་ལྷོད་པ་དང་འཁང་ར་མ་བྱས་པའི་རྐྱེན་གྱིས་ད་སྐབས་ཀྱི་བདེ་སྐྱིད་ཀྱི་འཚོ་བ་འདི་བྱུང་བ་རེད།

ལོ་ཙཱ་བ། སྟོབས་ལྡན་རྒྱལ།