དབུལ་ཕོངས་ཕྱུགས་ལས་སྡེ་བ་ཞིག་གི་དབུལ་ཐར་གཏམ་རྒྱུད།
2017.04.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 40

 ཟླ་གསུམ་པའི་ཚེས་བདུན་ཉིན་གྱི་སྔ་དྲོར། གསར་འགོད་པ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་འཕྲང་དམར་སྡོད་ཁུལ་གྱི་ཚོང་ཁང་ཞིག་གི་སྒོར་ཐོན་པ་ན།འོ་མའི་ཐོན་རྫས་ཕྱིར་འཚོང་བྱེད་སའི་ཚོང་ཁང་དེའི་ནང་དུ་སྦྱིན་བདག་གིས་ཞོ་དང་མར་སོགས་འོ་མའི་ཐོན་རྫས་སྣ་ཚོགས་རླངས་འཁོར་ནང་དུ་བཞག་ནས་རྫོང་ཐོག་གི་ཚོང་རྭ་དང་ཡང་ན་སྡོད་ཁུལ་གྱི་སྒོ་འགྲམ་དུ་འཚོང་དུ་འགྲོ་བར་གྲ་སྒྲིག་བྱེད་བཞིན་ཡོད།

 “འདི་དག་ནི་ང་ཚོ་རང་ཉིད་ཀྱིལས་སྣོན་བྱས་པའི་ཐོན་རྫས་དག་ཡིན་ལ། རྒྱུ་ཆ་དག་ནི་ང་ཚོའི་སྡེ་བའི་ནང་ནས་བསྐྱལ་ཡོང་བ་ཡིན ” ཚོང་ཁང་གི་བདག་པོ་ཟོན་ཐར་རྒྱལ་གྱིས་ཐོན་རྫས་དག་རླངས་འཁོར་ནང་འཇོག་ཞོར་མུ་མཐུད་དུ་བཤད་རྒྱུར།

“གལ་སྲིད་སྲིད་གཞུང་གི་རོགས་སྐྱོར་དང་ཧྲུའུ་ཅི་དང་པོའི་མཛུབ་སྟོན་མེད་ན། ང་ལྟ་བུ་ཞིག་ལས་རིགས་གསར་སྤེལ་གྱི་སྦྱིན་བདག་ཅིག་ཏུ་གྱུར་བ་ཡིད་ལའང་མ་ཤར་བའི་དོན་དག་ཅིག་རེད། ད་སྐབས་ཟླ་རེར་སྒོར་སྟོང་གཅིག་རེ་བཙལ་ཐུབ”ཅེས་བཤད།

ཉིས་སྟོང་བཅུ་དྲུག་ལོའི་ཟླ་བརྒྱད་པར་དབུལ་སྐྱོར་སྡེ་ཁག་དང་ཧྲུའུ་ཅི་དང་བོ་རྡོ་ཁོ་ཡི་རོགས་རམ་འོག འཕྲང་དམར་གྲོང་རྡལ་ཆོས་ཚ་སྡེ་བའི་ཁྱིམ་ཚང་གི་ཕྱུགས་རཐོག་མ་སྟེ། བདེ་ལེགས་ཁྱིམ་ཚང་ཕྱུགས་ར་དངོས་སུ་བཙུགས་པ་ཡིན་ལ། ཟོན་ཐར་རྒྱལ་གྱི་ད་སྐབས་ཀྱི་འོ་ཞོ་ཐད་འཚོང་ཁངདེ་ཡང་ཕྱུགས་ར་དེ་ཡིན་ངེས། ཐད་འཚོང་ཁང་དེ་གསར་དུ་བཙུགས་མ་ཐག་ཡིན་མོད། འོན་ཀྱང་ཚོས་ཚ་སྡེ་བར་མཚོན་ན་སྡེ་དམངས་དབུལ་ཐར་བྱེད་པའི་གནད་འགག་གི་གོ་སྐབས་བཟང་བོ་ཞིག་ཡིན་ལ། མི་ཚང་མས་དོན་དངོས་ཀྱི་སྟེང་ནས་ཐོན་ལས་འཕེལ་རྒྱས་ལས་བསྐྲུན་པའི་ཁེ་ཕན་ཉམས་སུ་མྱོང་ཐུབ་པ་མ་ཟད། ད་དུང་སྡེ་བའི་མཉམ་ལས་ཚོང་རའི་ཚོང་ལམ་གྱི་གནད་དོན་ཡང་ཐག་གཅོད་བྱས་ཡོད་ཞེས་རྡོ་ཁོས་དེ་ལྟར་བཤད།

ཚོང་ཁང་དེའི་ནང་དུ་སྡེ་བའི་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཁྱིམ་དྲུག་གི་ཁྱིམ་མི་བཅུ་ལས་ཞུགས་བྱས་ཡོད་པ་དང་། ལོ་རེའི་ལོ་མཇུག་ལ་ཚང་མར་ཕན་འབྲས་ལྟར་བགོ་བཤའ་རྒྱག་བཞིན་ཡོད།

སྡེ་བའི་མི་རྣམས་ཕྱུག་འགྱུར་གྱི་ཐབས་ལམ་ལ་བལྟས་ཚར་རྗེས། རྡོ་ཁོས་གསར་འགོད་པརཁྲིད་ནས་ཆོས་ཚ་སྡེ་བར་སོང་ནས་དེང་སྐབས་ཀྱི་འགྱུར་ལྡོག་མཚམས་སྦྱོར་བྱས། རླངས་འཁོར་ཐད་ཀར་དུ་རྫོང་ཐོག་ལ་འཐེན་པའི་དཀྱེལ་ཡངས་པའི་གཞུང་ལམ་དུ་ཞུགས་ཏེ་གཞུང་ལམ་དང་སྡེ་བའི་ལམ་གྱི་འདྲེས་མདོར་ཐོན་དུས།། ཟོན་ཐར་རྒྱལ་གྱིས་སྤྲོ་ཉམས་དང་བཅས་བཤད་རྒྱུར་“ཁྱོད་ཚོས་ལྟོས་དང་། འདི་ནི་ང་ཚོས་ཆོས་ལན་མྱུར་བགྲོད་གཞུང་ལམ་རེད། དུས་ཚོད་སྐར་མ་འགར་སོང་ན་ང་ཚོའི་སྡེ་བར་ཐོན་ངེས་ཡིན།”ཟེར། 

 ཉིས་སྟོང་བཅོ་ལྔ་ལོའི་ཚུན་ལ། རྫོང་དེས་ཞང་དང་གྲོང་རྡལ་བདུན་གྱི་དབུལ་ཕོངས་སྡེ་བ་གྱ་གཅིག་ལ་རྨང་གཞི་སྒྲིག་ཆས་ལེགས་བསྒྱུར་བྱེད་པའི་ལས་གཞི་བཟོ་སྐྲུན་ལག་བསྟར་བྱས་ཤིང་།ཆོས་ཚ་སྡེ་བ་དང་འདྲ་བར་སྡེ་བ་རེར་ཆུ་གློག་ལམ་གསུམ་འཛུགས་སྐྲུན་བྱསསྡེ་བའི་ནང་དུ་ཨར་འདམ་གྱི་ལམ་ལས་པ་དེས་མི་རྣམས་ཕར་ཚུར་འགྲོ་འོང་དཀའ་བའི་གནད་དོན་ཐག་གིས་བཅད་པ་དང་།  གཞུང་ལམ་དེ་བརྒྱུད་ནས་ང་ཚོ་ཆོས་ཚ་སྡེ་བར་ཐོན་པ་ན།  མིག་ལམ་དུ་མངོན་པ་ནི་གསར་དུ་ལས་པའི་སྡེ་བའི་ཨུ་ཡོན་ལྷན་ཁང་དང་། མཛེས་ཤིང་གྲལ་དག་པའི་ར་སྐོར། དེ་མིན་སྡེ་བའི་དུད་ཁྱིམ་རེ་རེ་ལ་ཉི་འོད་ནུས་པའི་ལམ་སྒྲོན་ཡོད་པ་སོགས་ཡིན་པས་དབུལ་ཕོངས་ཀྱི་སྡེ་བ་ཞིག་དང་ཡེ་ནས་མི་མཚུངས།

སྡེ་བའི་ཨུ་ཡོན་ལྷན་ཁང་གི་སྒོ་འགྲམ་དུ་དབུལ་སྐྱོར་གནད་ཕིགས་ཀྱི་ཚོང་ཁང་ཆུང་བ་ཞིག་ཡོད་ལ། ལོ་རེའི་སྡེ་དམངས་ཚོགས་འདུ་དང་སྡེ་བའི་བྱ་འགུལ་གྱི་སྐབས་སུ་ཚོང་ཧ་ཅང་བཟང་ཚོང་ཁང་དེའི་བདག་པོའི་མིང་ལ་བསོད་ནམས་ཚེ་རིང་ཟེར་ལ། སྡེ་བའི་ནང་གི་དབུལ་ཕོངས་ཁྱིམ་ཚང་ཞིག་ཡིན་པ་དང་། ཁོས་ལོ་ན་རྒན་པའི་ཕ་མ་གཉིས་ལའང་བདག་སྐྱོང་བྱ་དགོས་པས་ཕྱི་རོལ་དུ་སོང་ནས་ཞོར་ལས་བཙལ་ཁོམ་མེད་པ་དང་། ཁྱིམ་དུའང་ཁོ་མ་གཏོགས་ལས་ཀ་ས་མཁན་མེད་སྟབས། སྡེ་སྡོད་ལས་བྱེད་རུ་ཁག་གིས་ཐབས་བཀོད་ཤིག་འཐེན་སྟེ། སྡེ་བར་སྔོན་ཆད་ཚོང་ཁང་ཆུང་བ་མེད་པས།  ཐོག་མར་ཁོ་ལ་རོགས་རམ་བྱས་ནས་ཚོང་ཁང་ཆུང་བ་ཞིག་བཙུགས་པ་མ་ཟད། ཚོང་ཁང་དེའི་ནང་དུ་ཚོང་སྒྲོམ་སོགས་སྒྲིག་ཆས་ཁ་ཚང་བསྒྲིགས་ནས་ཚོང་ལས་གཉེར་དུ་བཅུགས་པ་དང་། རིམ་བཞིན་དུ་ཁོའི་ཡོང་སྒོའང་བརྟན་འཇགས་སུ་གྱུར། སྔོན་ཆད། ཁྱིམ་ཚང་དུ་ངལ་རྩོལ་བ་མེད་པས་ཡོང་སྒོ་གཅིག་ཀྱང་མེད་ལ། ཡོད་ཚད་སྲིད་གཞུང་གི་རོགས་སྐྱོར་ཁ་གསབ་ལ་བརྟེན་ནས་འཚོ་བ་རོལ་བ་ཡིན། སྟབས་ལེགས་པ་ཞིག་ལ་སྡེ་སྡོད་པའི་ལས་བྱེད་རུ་ཁག་གིས་ང་ལ་ཚོང་ཁང་ཆུང་ཆུང་འདི་ལྟ་བུ་ཞིག་གཉེར་དུ་བཅུག་པ་དང་། དེ་ལས་ངས་ཡོང་སྒོར་བཙལ་ཐུབ་པ་དང་ཁྱིམ་ལའང་བདག་སྐྱོང་བྱ་ཐུབ། ”ཞེས་བསོད་ནམས་ཚེ་རིང་གིས་དགའ་སྤྲོའི་ངང་བཤད་བྱུང་། བསོད་ནམས་ཚེ་རིང་ལྟ་བུའི་སྡེ་དམངས་མང་པོ་ཞིག་གི་ཡོང་སྒོ་དང་ལས་ཞུགས་གནད་དོན་ཐག་གཅོད་ཆེད། སྡེ་བས་ངལ་དོན་བར་ཁེ་བའི་མི་སྣའི་གསོ་སྦྱོང་གི་ལས་གཞི་ཞིག་ཐོ་འགོད་བྱེད་བཞིན་པའི་སྒང་ཡིན་ལ། འཆར་གཞི་ལྟར་ན་ཟླ་དྲུག་པའི་ཟླ་སྨད་ཙམ་ལ། སྡེ་བའི་ལས་ཞུགས་མི་སྣའི་ངལ་དོན་བར་ཁེ་བའི་སྣེ་ཁྲིད་འོག་གཅིག་གྱུར་གྱིས་སྒོར་སོང་ནས་དབྱར་རྩྭ་དགུན་འབུ་བརྐོ་བ་དང་སྲིང་བལ་བཏོག་པ་བཅས་ཀྱི་ལས་ཀ་གཉེར་ན་ཡོང་སྒོ་ཇེ་མང་དུ་གཏོང་བཞིན་ཡོད།

 ལོ་འདི་དགརིང་གི་དབུལ་སྐྱོར་བྱ་བས་ཆོས་ཚ་སྡེ་བར་མྱུར་བགྲོད་གཞུང་ལམ་ལས་པ་དང་ཁྱིམ་ཚང་སོ་སོར་ཆུ་འཐེན་པ་དང་།  དེ་མིན་ད་དུང་དབུལ་ཕོངས་ཁྱིམ་ཚང་བཞི་བཅུ་ཞེ་གཉིསསྨི་གྲུ་བཞི་མ་བདུན་ཅུ་ཅན་གྱི་ཁང་གསར་ནང་དུ་གནས་སྤོར་དུ་བཅུག་པ་དེ་ཙམ་ཞིག་མིན་པར།   ཧུར་བརྩོན་བྱེད་དགོས་པ་ནི་སྡེ་བའི་ནང་དུ་རྒྱུད་མཐུད་འཕེལ་རྒྱས་སུ་འགྲོ་བའི་ཐོན་ལས་དག་རེད།

ན་ནིང་ལོར། སྡེ་སྡོད་པའི་ལས་བྱེད་ཚན་ཁག་དང་སྡེ་མི་རྣམས་ཀྱིས་གྲོས་བསྡུར་བྱས་རྗེསསྡེ་བ་སྔར་བཞིན་ཕྱུགས་ལས་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་དགོས་པ་ཐག་གཅོད་བྱས། སྟབས་ལེགས་པ་ཞིག་ལ་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དུས་སྐབས་གཉིས་པའི་བཟོ་སྐྲུན་ལས་གཞི་ཆོས་ཚྭ་སྡེ་བར་དངོས་འབེབས་བྱས་པས། སྡེ་བའི་ནང་གི་དབུལ་ཕོངས་ཁྱིམ་ཚང་སུམ་བཅུ་་སྨི་གྲུ་བཞི་མ་བརྒྱ་དང་ཉི་ཤུའི་ཕྱུགས་སྤྱིལཁང་དང་སྨི་གྲུ་བཞི་མ་བཞི་བཅུ་ཡོད་པའི་་ཕྱུགས་རྩྭ་འཇོག་ས་སུམ་ཅུ་ལྷག་ལས

ཕྱོགས་མང་པོའི་ཐད་བསམ་གཞིགས་བཏང་བ་དང་སྡེ་མིའིི་ཚོགས་ཆེན་ལས་གྲོས་བསྡུར་བྱས་རྗེས།  སྨི་གྲུ་བཞི་མ་དྲུག་བརྒྱ་ཅན་གྱི་ཚད་གཞི་མཐོ་བའི་ཕྱུགས་སྤྱིལ་ཁང་གཉིས་ཡོད་པའི་ཆོས་ཚྭ་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་དངོས་སུ་བཙུགས།

ད་ལྟ། མཉམ་ལས་ཁང་དུཁྱིམ་ཚང་གོ་བཞི་ཡིས་མ་རྐང་བཞག་ཡོད་པ་དང་། གསོ་ཁ་ན་ཡོད་པའིནོར་གནག་བརྒྱ་དང་སོ་གསུམ་ཡོད་པ་དང་།དེའི་ཁྲོད་བཞོན་མ་དོན་བདུན་དང་། ཡ་རུ་ང་དྲུག་ཡོད་ལ། སྡེ་བའི་ནང་གི་དབུལ་ཕོངས་ཁྱི་ཚང་དྲུག་གི་ལས་ཞུགས་གནད་དོན་ཐག་གཅོད་བྱས།

 མཉམ་ལས་ཁང་དུ་ལས་ཀ་ལས་པའི་སྐབས་སུ། སྡེ་བའི་ནང་གི་ལས་བྱེད་པས་ང་ལ་སྤྱི་ཕན་རང་བཞིན་གྱི་ལས་གནས་ཞིག་སྙན་ཞུ་བྱས་ཡོད་པ་དང་།དུས་རྒྱུན་ངས་ལས་ཀ་ཙག་ཙིག་དང་སྒོ་སྲུང་སོགས་ཀྱི་བྱ་བ་སྒྲུབ་པ་དང་ཆབས་ཅིག ད་དུང་མཉམ་ལས་ཁང་གི་ལོ་གཅིག་ནང་གི་བགོ་བྱ་བརྒྱབ་པའི་ཁེ་སྤོགས་བསྣན་ན། འཚོ་བ་དེ་ཉིན་རེ་ནས་ཉིན་རེར་ཇེ་བཟང་དུ་འགྲོ་བཞིན་ཡོད་ཅེས་བཀྲ་ཤིས་དོན་གྲུབ་ཀྱི་ཡིད་ཚིམས་པའི་སྒོ་ནས་དེ་ལྟར་བཤད།

བཀྲ་ཤིས་དོན་གྲུབ་ཀྱིས་དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ་གཙོ་བོ་ཕྱུགས་ལས་དང་ཁྱིམ་དུ་ལས་ཀ་ལས་པར་བརྟེན་ནས་ཡོང་སྒོ་བཙལ་བཞིན་ཡོད་ལ། ད་དུང་སྒོར་ཁྲི་གསུམ་གྱི་དངུལ་བུན་བསྐྱིས་ཡོད། ལོ་མང་པོར་ཚྭ་ཁ་ནས་གཞན་གྱི་ཚབ་བྱས་ཏེ་ཕྱུགས་འཚོ་བཞིན་ཡོད་པ་དང་བྱང་བུ་བཟོས་ཡོད་པའི་སྤྱིར་བཏང་གི་དབུལ་ཕོངས་ཁྱིམ་ཚང་གི་ཁོངས་སུ་གཏོགས། ཡིན་ནའང་ན་ནིང་བཀྲ་ཤིས་དོན་གྲུབ་ལ་མཉམ་ལས་ཁང་གི་མ་རྐང་འཇོག་མཁན་དང་ལས་བཟོ་བ་ཡི་ཐོབ་ཐང་གཉིས་ཡོད་པར་གྱུརཁོས་ཆུང་མ་སྟག་མོ་ཐར་གྱིས་ཀྱང་མཉམ་ལས་ཁང་དུ་འོ་མ་བཞོ་བཞིན་ཡོད་པས། བཟའ་ཟླ་གཉིས་ཀྱི་ཟླ་རེའི་གླ་ཕོག་སྒོར་སྟོང་བཞི་ལྷག་ཡོད།

ང་ཚོ་ཆོས་ཚྭ་སྡེ་བ་དང་ཁ་བྲལབའི་སྐབས་སུ། རྫོང་གློག་དྲ་ཀུང་ཟིའི་ལས་བཟོ་བ་མཉམ་ལས་ཁང་དུ་ཐོན་ནས། མཉམ་ལས་ཁང་གི་འགན་འཁུར་བ་གནམ་འབུམ་རྒྱལ་གྱིས་དགའ་སྤྲོ་དང་བཅས་ཏེ་གན་རྒྱའི་སྟེང་དུ་རང་ཉིད་ཀྱི་མིང་རྟགས་བཀོད་རྗེས་བཤད་རྒྱུར། དེང་སྐབས། མཉམ་ལས་ཁང་གི་གཞི་ཁྱོན་རྒྱ་ཇེ་ཆེ་ནས་ཇེ་ཆེ་རེད། གཟན་རྩྭའི་རྒྱུ་ཆའི་ལས་སྣོན་ལ་གློག་བཀོལ་སྤྱོད་བྱེད་དགོས་པ་དང་།ཆུ་འཐེན་ནའང་གློག་དགོས་པ་ནི་སྨྲོས་མི་དགོས་པ་ཞིག་རེད།ཡིན་ནའང་ད་ལྟ་མི་དམངས་མང་ཚོགས་ཀྱིས་བཀོལ་སྤྱོད་བྱེད་བཞིན་པའི་གློག་རྩ་བ་ནས་མི་འདང་བ་དང་། ང་ཚོས་སྒུལ་ཤུགས་ཀྱི་གློག་སྒྲིག་སྦྱོར་བྱས་ཤིང་གློག་སྒོ་ལྷན་ཅིག་ཏུ་བཞག་པ་ན། འཕྲུལ་ཆས་འཁོར་བའང་ཧ་ཅང་མགྱོགས་པོ་ཡིན་པས། མང་ཚོགས་ཀྱི་ཡོང་འབབ་ཇེ་མང་དུ་འགྲོ་ཐུབ་པ་རེད།

དེང་སྐབས། ཆོས་ཚྭ་སྡེ་བའི་ག་ས་གང་དུམཐོང་བ་ནི་ཡངས་ཤིང་རྒྱ་ཆེ་བའི་གཞུང་ལམ་དང་། ཁྲ་ཆེམ་མེར་ཡོད་པའི་ལམ་སྒྲོནསྡོང་བོ་ཐམས་ཅད་ཀྱང་ལྗང་མདོག་ཅན་དུ་གྱུར་ཡོད། དེ་མིན་ཐོན་ལས་ཀྱི་འདེགས་སྐྱོར་དང་། བྱེད་སྒོ་སྤེལ་ཡུལ། དངོས་ཟོག་ཉོས་བཅས་ཡོད། སྡེ་བའི་ནང་ཤོ་རྒྱག་པ་དང་རྒྱན་ལྐུག་པ་ཇེ་ཉུང་ཡིན་པ་དང་།  ཚན་རིག་ག་བདེ་ཐང་འཚོ་བར་བརྩི་མཐོང་དང་དར་སྤེལ་དུ་གཏོང་བ་ཇེ་མང་དུ་སོང་ནས་འབྲོག་པ་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་མངོན་སུམ་གྱིས་ཇེ་ལེགསསུ་སོང་ཡོད་པ་དང་། རིག་གནས་སྤུས་ཚད་ཀྱང་མངོན་གསལ་སྒོས་མཐོར་འདེགས་བྱུང་ཡོད།

ལོ་ཙཱ་བ། སྐར་མ་འཚོ།