ཁྱི་འབྲི་སྡེ་བའི་སྣེ་ཁྲིད་པ་བཟང་བོ།
2018.08.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 52

འཕགས་པ་ཞེས་པའི་མིང་དེར་ང་ཚོས་ཇི་ལྟར་གདེང་འཇོག་བྱས་པ་ཡིན་ཟེར་ན། ད་ལོའི་ཟླ་དྲུག་པའི་ཟླ་འགོར། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་ཏང་ཨུ་དྲིལ་སྒྲོག་པུའུ་རྩ་འཛུགས་བྱས་ཏེ“དགའ་བདེ་རྫོང་གི་དཔེ་མཚོན་ཅན་གྱི་བྱས་རྗེས་སྐོར་སྐྱོད་སྒྲོག་སྤེལ་ཚོགས་པ”བཙུགས་མ་ཐག་ཡིན་ལ། དཔེ་མཚོན་ཅན་གྱི་མི་སྣའི་གཏམ་རྒྱུད་ལེགས་སྒྲིག་བྱེད་བཞིན་ཡོད། གཞུང་སྒྲུབ་ཅོག་ཙེའི་སྟེང་དུ་ལག་པས་བྲིས་བའི་གཏམ་རྒྱུད་མང་པོ་ཡོད་ལ། དེའི་ཁྲོད་གཏམ་རྒྱུད་ཞིག་ལས་བྲིས་པ་ལྟར་ན། ཁོས་སྡེ་བའི་ལས་བྱེད་མི་སྣའི་འགན་ཁུར་ཏེ་ལོ་ངོ་ཉེར་གཉིས་འགོར་ཡོད་པ་དང་། འབད་འབུངས་ཆེར་བསྐྱེད་བྱས་པས་ཁྱི་འབྲིའི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ཁོ་རང་ཀྲུང་གོ་གུང་ཁྲན་ཏང་དུ་ཞུགས་ནས་ལོ་ངོ་སོ་གསུམ་འགོར་ཡོད་པ་དང་། སྒེར་སེམས་མེད་པར་ཡོད་ཚད་ཕུལ་བས་མང་ཚོགས་ཀྱི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ཁོ་ནི་ལོ་ངོ་རེ་གསུམ་ཡིན་ལ། དཀའ་སྤྱད་སྡུག་རུས་ལ་བརྟེན་ནས་བྱ་བ་སྣ་ཚོགས་སྒྲུབ་པས་མི་ཚེ་ལ་འགྱོད་མེད་ཀྱི་བྱས་རྗེས་བསྐྲུན་ཡོད། ཁོ་ཁྱི་འབྲི་ཞང་ཁྱི་འབྲི་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་འཕགས་པ་རེད།

འདི་ནི་འཕགས་པའི་མིང་མཐོང་དེ་རྒྱུས་ལོན་པའི་ཡིག་ཐོག་གནས་ཚུལ་ཡིན་ལ། བལྟས་པ་ཙམ་གྱིས་ཧ་ཅང་ཁྱད་པར་བ་ཞིག་རེད། དེའི་རྗེས་སུ། མི་མང་པོ་ཞིག་གི་ཁ་ནས་ཁོའི་མིང་ཐོས་ལ། ཁྱི་འབྲི་སྡེ་བར་སོང་ནས་གནས་ཚུལ་ལ་རྒྱུས་ལོན་བྱེད་འདོད་པའི་འདུན་པ་འགོག་ཐབས་བྲལ།

འཕགས་པར་བཅར་འདྲི་བྱ་ཆེད། ང་ཚོ་མཚོ་ངོས་ལས་མུས་སྟོང་བཞི་དང་ཉིས་བརྒྱ་ཡོད་པའི་དགའ་བདེ་རྫོང་ཁྱི་འབྲི་ཞང་ཁྱི་འབྲི་སྡེ་བར་སོང་བ་དང་། ཐོག་དང་པོར་ཁོ་རང་མཐོང་དུས་ཁོ་ནི་གཟུགས་བོངས་ཆེ་ཞིང་ཤ་མདངས་ཅུང་ནག་ལ། མིག་འབྲས་གསལ་བ་དང་། བྱ་སྤུའི་བར་ཚངས་ཅན་གྱི་སྟོད་གོས་ཤིག་གྱོན་ཡོད་པས་བལྟས་ཚོད་ཀྱིས་སྤྲོ་བས་ཁེངས་ཡོད་པའི་མི་ཞིག་རེད། འཕགས་པ་དང་འབྲེལ་འདྲིས་བྱེད་སྐབས། ཁོ་ནི་མི་གུས་པ་ཅན་ཞིག་ཡིན་ལ། མི་རྣམས་ལ་ཐུགས་བརྩེ་བའི་ཚོར་སྣང་སྟེར་སྲིད། གྱང་ངོས་སུ་གཟི་བརྗིད་དཔང་ཡིག་གིས་ཁེངས་ཡོད་པ་དང་། སྒྲོག་ཙེའི་སྟེང་ཡིག་ཆས་ཁེངས་པའི་ཁང་བ་ཞིག་གི་ནང་ནས་འཕགས་པར་ཁ་བརྡ་བྱེད་མགོ་བརྩམས། ཁང་པའི་གྱང་ངོས་སུ་རྒྱལ་ཡོངས་ཀྱི་དཔལ་ཡོན་ལྡན་པའི་ཞང་གྲོང་དང་། རྒྱལ་ཡོངས་ལྔ་བཞིའི་དར་དམར་གུང་གཞོན་ཚོགས་པའི་ཀྲི་པུའུ། ཞིང་ཆེན་རིམ་པའི་ཏང་འཛུགས་བྱ་བའི་དཔེ་སྟོན་སྡེ་བ་སོགས་ཀྱི་གཟི་བརྗིད་མཚན་སྙན་དག་བཀལ་ཡོད་ལ། དེ་ནས་ཁྱི་འབྲི་སྡེ་བའི་འགྱུར་ལྡོག་ལ་ལྟ་དུས། གྲལ་འགྲིག་པའི་དབུལ་སྐྱོར་གནས་སྤོར་ཁང་པ་དང་། དེང་རབས་ཅན་གྱི་མཉམ་ལས་ཁང་གི་ཞིང་ལས་བཀོལ་སྤྱོད་འཕྲུལ་ཆས་འཇོག་སའི་ཁང་པ་དང་གཟན་རྩྭའི་ཁང་པ། དར་སྲོལ་ཅན་གྱི་རིག་གནས་ཞབས་ཞུའི་ལྟེ་གནས་བཅས་ཀྱིས་མིག་དབང་འཕྲོག་པ་དང་། ཁྱིམ་ཚང་རེ་རེར་རྒྱུ་ནོར་ཡོད་པ་དང་། མ་རྐང་ཡོད་པ། མི་ཚང་མ་ལས་ཀར་ཞུགས་ནས། ལོ་རེར་ཁེ་སྤོགས་བགོ་རྒྱུ་ཡོད་པའི་གནས་ཚུལ་གྱིས་ང་ཚོ་ཧ་ལས་སུ་བཅུག

ལོ་ངོ་དུ་མའི་སྔོན་ལ། མཚོ་སྔོན་འབྲོག་ཁུལ་གྱི་བས་མཐའ་རུ་གནས་པའི་ཁྱི་འབྲི་སྡེ་བ་ནི་མིང་དུ་གྲགས་པའི་དབུལ་ཕོངས་སྡེ་བ་ཞིག་ཡིན་པ་དང་། གྲང་ངར་ཆེ་ཞིང་དབྱང་དབུགས་དཀོན་པ་དང་། རང་བྱུང་ཁོར་ཡུག་ཞན་པ། གནོད་འཚེ་རང་བཞིན་གྱི་གནམ་གཤིས་མང་པ། ཐོན་སྐྱེད་འཚོ་བའི་ཆུ་ཚད་ཧ་ཅང་དཀའ་ཁག་ཆེ་བར་མ་ཟད། འབྲོག་པ་མང་ཚོགས་ཀྱིས་མི་རབས་ནས་མི་རབས་བར་གནམ་ལ་བརྟེན་ནས་ཕྱུགས་སྐྱོང་བའི་འཚོ་བ་རོལ་བཞིན་ཡོད།

ཇི་ལྟར་འགྱུར་ལྡོག་བྱུང་བའི་སྐོར་ནས་ཁ་བརྡ་བྱེད་དུས། འབྲོག་པ་མང་ཚོགས་ཀྱི་ཁ་ན་རླུང་ལྟར་རྒྱུ་བ་སྟེ་འཕགས་པ་ནི་ཁོ་ཚོའི་རྟེན་ས་གཙོ་བོ་ཡིན་ལ། ཁོའི་རོགས་རམ་དང་སྣེ་ཁྲིད་ལ་བརྟེན་ནས་ང་ཚོའི་ཁྱིམ་གཞི་ཆེན་པོ་འདི་བསྟུད་མར་འཕེལ་རྒྱས་དང་འབྱོར་ཕྱུག་ལྡན་པའི་ལམ་དུ་བསྐྱོད་བཞིན་ཡོད་ཟེར།

མང་ཚོགས་ལ་དཀའ་ཁག་ཡོད་དུས་སེམས་ནས་བྲེལ་བ་ལངས་པ་དང་ངུ་ཡང་སྲིད། འོན་ཀྱང་། དཀའ་ཁག་རང་འགར་སྒོ་སེལ་མི་སྲིད་ལ། ང་ཚོས་ཐབས་རྒྱ་ཇུས་སྟོང་གིས་དཀའ་ཁག་སེལ་དགོས།

འཕགས་པ་མཐོང་བ་ནས་ཁོ་དང་མཉམ་དུ་སྡེ་བའི་ཁྱིམ་ཚང་དུ་འགྲོ་སྐབས། ཁོས་བཤད་པའི་སྐད་ཆ་ཆེས་མང་བ་ནི་དཀའ་ཁག་ཇི་འདྲ་ཆེ་རུང་། མང་ཚོགས་ཀྱི་རེ་འདོད་བློ་སྐོང་དགོས་ཞེས་པ་དེ་རེད།

ལོ་ངོ་མང་པོའི་སྔོན་ལ། ཐོག་མར་སྡེ་བའི་ཀྲི་པུའུ་ཧྲུའུ་ཅིའི་འགན་འཁུར་བའི་འཕགས་པར་མཚོན་ན། འཕེལ་རྒྱས་སུ་གཏོང་རྒྱུ་ནི་ཁོའི་ཕྲག་སྟེང་དུ་བབས་པའི་འགན་འཁྲི་ལྗིད་མོ་ཞིག་རེད། “རྩ་འཛུགས་ཀྱིས་ང་ལ་ཡིད་ཆེས་པ་དང་། མང་ཚོགས་ཀྱིས་ང་ལ་རེ་བ་བཅངས་ཡོད་པས། ངས་མི་སྒྲུབ་ཟེར་སྲོལ་ག་ལ་ཡོད།”སྤོབས་པས་ཁེངས་པའི་འཕགས་པས་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་འདི་ལྟ་བུའི་གྲུབ་འབྲས་བརྩོན་ལེན་བྱས་པ་རེད།2001ལོའི་སྔོན་ལ། ཁྱི་འབྲི་སྡེ་བར་སྡེ་བ་རིམ་པའི་གཞུང་ལམ་གཅིག་ཀྱང་མེད་ལ། སྡེ་དམངས་རྣམས་ཞང་སྲིད་གཞུང་དུ་འགྲོ་ནའང་དུས་ཚོད་གཉིས་ཙམ་དགོས་ཤིང་། ཆར་དང་ཁ་བའི་གནམ་གཤིས་ལ་འཕྲད་ཚེ་འདམ་རྫབ་ཀྱིས་ཁེངས་པའི་གཞུང་ལམ་དེ་ནི་མང་ཚོགས་ལ་མཚོན་ན་ཆེས་མཐོང་མི་འདོད་པའི་དོན་དག་ཞིག་རེད།

ཉིན་ཞིག་སྡེ་མི་ཞིག་ལ་མྱུར་བའི་རང་བཞིན་གྱི་རྒྱུ་ལྷག་གཉན་ཚད་བྱུང་བ་དང་། ཉིན་དེར་ཁངས་ཆར་འདྲེས་མ་འབབ་བཞིན་ཡོད་ལ། ནམ་ཟླ་ཧ་ཅང་མི་བཟང་། འཕགས་པས་མི་འགའ་ཁྲིད་ནས་ནད་པ་དེ་ཞང་གི་འཕྲོད་བསྟེན་ཁང་དུ་བསྐྱལ། སྤྱི་ལེ་བཅུ་ཕྲག་འགའ་ཡོད་པའི་ལམ་དེ་དུས་ཚོད་གཉིས་ཀྱི་རིང་སོང་བ་དང་། ནད་པས་ན་ཟུག་མ་བཟོད་པར་འུར་རྒྱབ་པས། འཕགས་པས་སེམས་སུ་བཤད་མི་ཤེས་པའི་ཚོར་བ་སྦྱིན།

དོན་དག་དེས་ཁོ་ལ་ལམ་ལས་དགོས་པའི་འདུན་པ་སྐྱེས་པ་དང་། ངེས་པར་དུ་སྡེ་མི་རྣམས་ལ་འབྱོར་ཕྱུག་གི་ལམ་དང་བདེ་འཇགས་ཀྱི་ལམ་ཞིག་ལས་རྒྱུའི་ཆོད་སེམས་བཅངས།

འཕགས་པས་ཕྱོགས་མང་པོ་ནས་རོགས་སྐྱོར་ཞུས་པ་དང་། ཞང་ཏང་ཨུས་ཤུགས་ཆེན་པོས་རོགས་སྐྱོར་བྱས་འོག མ་དངུལ་གྱིས་མི་འདང་བ་དང་ལག་རྩལ་རྗེས་ལུས་ཡིན་པའི་གནས་ཚུལ་འོག འཕགས་པ་དང་སྡེ་བའི་ལས་བྱེད་མང་ཚོགས་ཀྱིས་རྒྱུ་དངོས་དང་ལུས་ཤུགས་གང་ཡོད་བཏོན་ནས་ཕྱི་ཕྱོགས་སུ་འགྲོ་བར་སྟབས་བདེ་པའི་གཞུང་ལམ་སྤྱི་ལེ་དྲུག་ཅུ་ལྷག་ལས།

དེའི་རྗེས། རྒྱལ་ཁབ་ཀྱིས་ཚད་གཞི་མཐོ་བའི་སྡེ་བར་ཐོན་པའི་གཞུང་ལམ་ལས་གཞི་ལག་བསྟར་བྱེད་མགོ་བརྩམས་པ་དང་། ཉིན་དེ་དག་གི་རིང་ལ། འཕགས་པ་ལས་ཀ་ལས་སའི་ཡུལ་དངོས་སུ་རྒྱུན་འདུག་བྱས་ཏེ། ཨར་ལས་འཛུགས་སྐྲུན་བྱེད་པའི་གོ་རིམ་ཁྲོད་འཕྲད་པའི་གནད་དོན་རིགས་མཐུན་སྦྱོར་ངང་ཐག་གཅོད་བྱེད་རོགས་བྱས། ལོ་ངོ་གཅིག་གི་རྗེས་སུ། ཁྱི་འབྲི་གོང་མ་དང་ཁོ་སྲིབ་ལུང་པའི་སྣུམ་ལམ་ལས་ནས་རླངས་འཁོར་ཤར་གཏོང་བྱུང་བས། དུས་ཡུན་རིང་པོར་མང་ཚོགས་ཀྱི་འགྲོ་འོང་ཐད་འཕྲད་པའི་གནད་དོན་ཆེན་པོ་རྩ་བ་ནས་ཐག་གཅོད་བྱས།

2006ལོར། ཁྱི་འབྲི་སྡེ་བའི་འབྲོག་པ་ཁྱིམ་ཚང་ཉིས་བརྒྱའི་ཁྲོད་ཀྱི་ཁྱིམ་ཚང་བརྒྱ་དང་བརྒྱད་ཅུ་ལྷག་ལ་གློག་འཐེན་མེད་པ་དང་། འཕགས་པ་ཐེངས་མང་པོར་གློག་ཤུགས་སྡེ་ཁག་ལ་སོང་ནས་སྡེ་མིར་གློག་མེད་པའི་གནས་ཚུལ་ཡར་ཞུ་བྱས་ཏེ། གློག་ཤུགས་སྡེ་ཁག་གི་མི་སྣ་དང་མཉམ་དུ་འབྲོག་པའི་ཁྱིམ་ནས་མཉམ་སྡོད་མཉམ་ལས་ཀྱིས་ལས་ཀར་འབད་པ་བྱས་མཐར་ཁོ་ཚོའི་རྒྱབ་སྐྱོར་དང་རོགས་རམ་ཐོབ་པ་དང་། 2007ལོར་གློག་དྲའི་ལས་གཞི་དེ་གཞི་ནས་ཁྱི་འབྲི་སྡེ་བ་རུ་མགོ་བརྩམས་ནས་སྡེ་བ་ཡོངས་ཀྱི་འབྲོག་པ་ཁྱིམ་ཚང་བརྒྱ་ཆའི་གོ་གསུམ་གྱིས་གློག་བཀོལ་སྤྱོད་བྱེད་ཐུབ་པ་བྱུང་། འཕགས་པས་སྡེ་དམངས་ཚོ་དང་མཉམ་དུ་གནད་དོན་རེ་རེ་བཞིན་ཐག་གཅོད་བྱས་པ་དང་། སྡེ་དམངས་ཚོའི་བཤད་རྒྱུན་ཁྲོད། གནད་དོན་རེ་རེ་ཐག་གཅོད་བྱེད་པའི་གོ་རིམ་དེ་བརྗེད་པར་དཀའ་བ་ཞིག་རེད། ཁོའི་ཞིབ་ཆའི་རྣམ་པ་དེ་དག་གིས་ཁོ་རང་ཏང་ཡོན་ཞིག་ཡིན་པ་དང་། སྡེ་དམངས་ཚོ་ཁོ་ལ་ཡིད་ཆེས་པར་རྨང་གཞི་བརྟན་པོ་བཏིངས།

2014ལོར། འབྲོག་མོ་མཚོ་སྐྱིད་ཀྱི་བུ་མོར་ཀླད་པའི་འདུས་འདྲིལ་གཅོང་ནད་བྱུང་བ་དང་། ཁོ་མོས་བུ་མོར་སྨན་བཅོས་བྱ་ཆེད་ཁྱིམ་ཚང་གི་གསོག་དངུལ་ཡོད་ཚད་བཀོལ་བར་མ་ཟད།བཙོང་ཆོག་པའི་རྒྱུ་དངོས་ཡོད་ཚད་བཙོངས་ནས་སྨན་བཅོས་བྱས་ཀྱང་ཕན་ཆེན་པོ་མ་ཐོགས་པར་ཅི་བྱ་གཏོལ་མེད་དུ་གྱུར་ཡོད།

འཕགས་པས་གནས་ཚུལ་དེ་ཐོས་རྗེས། མྱུར་མོར་འབྲོག་མོ་མཚོ་སྐྱིད་ཀྱི་བུ་མོ་ཚའེ་ཚའེ་ལ་ལྟ་རུ་སོང་། ནད་བབ་ཚབས་ཆེན་ཡིན་པ་དང་ཁོ་མོའི་ཉམས་ཆུང་གི་མིག་མདངས་ཀྱིས་འཕགས་པར་སྙིང་རྗེ་སྐྱེས་སུ་བཅུག་པས། འཕགས་པས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་རང་ཁྱིམ་ནས་སྒོར་ཁྲི་གཉིས་འཁྱེར་ཡོང་ཏེ་སྨན་རིན་ལ་རོགས་སྐྱོར་གནང་།

ཡིན་ཡང་། སྨན་རིན་ད་རུང་མི་འདང་བ་དང་། ཚའེ་ཚའེ་ཐེངས་མང་པོར་བརྒྱལ་བས་འཕགས་པའི་སེམས་སུ་གཤག་བཅོས་བྱེད་པར་འགོར་འགྱངས་བྱེད་མི་རུང་བ་ཤེས།

གནས་ཚུལ་ཛ་དྲག་ཆེ་བའི་དབང་གིས་འཕགས་པས་ཉིན་མང་པོར་མཚོ་སྐྱིད་ཚང་གི་གཉེན་ཉེ་སྤུན་གྲོགས་དང་སྡེ་མི་རྣམས་ལ་བསམ་བློའི་སློབ་གསོ་བཏང་བས། མཇུག་མཐར་སྒོར་ཁྲི་བཞི་འདུས་ཤིང་། མཚན་བརྒྱབ་སྟེ་བུ་མོ་ཚའེ་ཚའེ་ཞིང་ཆེན་སྨན་ཁང་དུ་བསྐྱལ་བས། ཚའེ་ཚའེ་ཡི་ནད་གཞི་སངས་དྲག་ཏུ་སོང་ནས་ཁོ་མོའི་ཚེ་སྲོག་ལ་སྟོབས་ཤུགས་གསར་པ་བསྣན་སོང་།

དང་ཐོག ནད་གྲོགས་མང་པོ་ཞིག་གིས་འཕགས་པ་ནི་ཚའེ་ཚའེ་ཡི་ཉེ་མི་ཡིན་འདོད་ཡོད། གནས་ཚུལ་དངོས་ཤེས་རྗེས། མི་ཚང་མས་སེམས་སུ་ཧྲུའུ་ཅི་འདི་དངོས་གནས་མི་བཟང་ཞིག་རེད་འདོད་ཡོད།

རྗེས་སུ། ཚའེ་ཚའེ་ཡི་ནད་རྩ་བ་ནས་དྲགས་པ་དང་། ཚེ་སྲོག་ལ་གསོན་ཤུགས་གསར་བ་བསྣན།

འཕགས་པ་གླེང་སྐབས། མཚོ་སྐྱིད་ངུས་ནས་སྐད་ཆ་བཤད་མི་ཐུབ་པར་གྱུར་བ་དང་། སྐབས་དེར་ཕུ་བོ་འཕགས་པ་མེད་ན། ང་ཚོས་དངོས་གནས་ཅི་ཞིག་བྱེད་དགོས་པ་ཡང་མི་ཤེས་ལ། ཁོ་ནི་ངེད་བཟང་མི་གང་བོས་སྲོག་སྐྱོབ་དྲིན་ཆེན་ཡིན་ཟེར།

འཕགས་པའི་བརྩེ་སེམས་ཀྱིས་མཚོ་སྐྱིད་ཁྱིམ་མི་གང་བོར་དྲོད་སྐྱིད་སྦྱིན་པ་དང་། འཕགས་པས་རོགས་རམ་བྱས་པའི་བྱ་བ་འདི་ལྟ་བུ་ནི་རེ་གཉིས་ཙམ་མིན། 2016ལོར། ཁྱི་འབྲི་སྡེ་བའི་ཡིག་ཚགས་བཙུགས་ནས་བྱང་བུ་ལས་པའི་དབུལ་ཕོངས་ཁྱིམ་ཚང་རིག་མཚོའི་ཁྱོ་གར་ནད་བྱུང་ནས་ཚེ་ལས་འདས་བ་དང་། 2017ལོར་རིག་མཚོའི་བུ་ཆེ་བའང་སྟབས་མ་ལེགས་པར་ཚེ་ལས་འདས་པས། ཁྱིམ་ཚང་གི་ཆ་རྐྱེན་མི་ལེགས་པའི་ཁར་ཁྱིམ་མི་གཉིས་འདི་ལྟར་ཁོ་མོ་དང་གཏན་དུ་བྲལ་བས། བཟའ་མི་གང་བོའི་འཚོ་བ་རོལ་ཐབས་མེད་པར་གྱུར། སྐབས་དེར་འཕགས་པས་ཡང་བསྐྱར་སྡེ་མི་རྣམས་ལ་སྐུལ་སློང་བྱས་ཏེ་མཉམ་དུ་རིག་མཚོར་རོགས་སྐྱོར་བྱས་པར་མ་ཟད། ཆེད་དུ་རོགས་མི་བཀོད་སྒྲིག་བྱས་ནས་དུས་ཡུན་ངེས་ཅན་ནང་སེམས་གསོ་བྱས་ཏེ། རིག་མཚོ་བཟའ་མི་ཡོངས་འཚོ་བར་ཡིད་ཆེས་ཡོད་པར་རོགས་རམ་གང་མང་བྱས།

འཕགས་པ་ཡི་དོན་དངོས་བྱ་སྤྱོད་དང་བརྩེ་བའི་ཕྱག་ཟུང་བསྐྱངས་བ། ཕན་ཚུན་རོགས་རམ་གྱི་སྙིང་སྟོབས་ཆེན་པོ་དེས་སྡེ་མི་རྣམས་ཀྱི་སེམས་སུ་རྒྱབ་བརྟེན་ཡོད་པར་ཡིད་ཆེས་བྱེད་དུ་བཅུག

ང་ནི་གཞི་རིམ་གྱི་ཏང་ཡོན་ཞིག་ཡིན་ལ། མི་དམངས་མང་ཚོགས་ཀྱི་དོན་ཆུང་རེ་རེ་ནི་ང་ལ་མཚོན་ན་དོན་ཆེན་ཡིན་ལ། དུས་ནམ་ཡང་མང་ཚོགས་ཀྱི་ཁེ་ཕན་སྔོན་ལ་བསམ་དགོས།

2011ལོའི་དགུན་ཁར། ཁྱི་འབྲིའི་མངའ་ཁོངས་སུ་ཁངས་གནོད་ཆེན་པོ་བྱུང་བ་དང་། ཁྱི་འབྲི་སྡེ་བར་གནོད་འཚེ་ཚབས་ཆེན་ཐེབས།

འཕགས་པ་ཡིས་མྱུར་དུ་སྡེ་བའི་ཏང་ཡོན་ལས་བྱེད་རྩ་འཛུགས་བྱས་ཏེ། བགྲོད་ལམ་གྱི་ཁངས་གཙང་སེལ་བྱས་པ་དང་། མང་ཚོགས་ཕྱི་རུ་འགྲོ་བའི་བདེ་འཇགས་ལ་ཁག་ཐེག་བྱས། ཚང་མས་ལག་ཏུ་ལྕགས་ཁེམ་བཟུང་ནས་ནན་ཏན་སྒོས་ལས་ཀ་ལས་བཞིན་ཡོད་ལ། ཚང་མས་ནན་ཏན་བྱོས། ལམ་འདི་རུ་གཙང་སེལ་ནན་ཏན་མ་བྱས་ཚེ་ཉེན་ཁ་ཧ་ཅང་ཆེ་ཞེས་སྐད་རྒྱག་བཞིན་ཡོད།

གནོད་འཚེ་བྱུང་རྗེས། འཕགས་པས་རང་ཁྱིམ་མ་བསམ་པར་དོན་ཆེན་སྒྲུབ། རང་ཁྱིམ་གྱི་རླངས་འཁོར་བསྐོར་ནས་གནོད་འཚེ་ཚབས་ཆེན་ཐེབས་པའི་འབྲོག་པར་གཟན་རྩྭ་སྐྱེལ་བཞིན་ཡོད། ཁངས་ཆེན་བབས་རྗེས། རི་ནང་གི་འབྲོག་པས་ཕྱི་རུ་འབྲེལ་གཏུག་བྱེད་མ་ཐུབ་པ་དང་། དུས་ཐོག་ཏུ་རོགས་སྐྱོར་བྱེད་མི་ཐུབ་པས། འཕགས་པས་སྡེ་བའི་ལས་བྱེད་མི་སྣ་ཁྲིད་དེ་རྒྱབ་ཏུ་ཁུར་བ་དང་ཕྱུགས་ཟོག་ལ་ཁལ་འགལ་བ་སོགས་ཀྱི་བྱེད་ཐབས་སྤྱད་ནས། འཚོ་བའི་མྱུར་མཁོའི་དངོས་རྫས་དང་སྨན་རྫས་དུས་ཐོག་ཏུ་གནོད་ཐེབས་མང་ཚོགས་ཀྱི་ལག་ཏུ་བསྐྱལ།

ངལ་དུབ་ཆེ་དྲགས་པའི་དབང་གིས་འཕགས་པ་ཐེངས་ཤིག་གི་རོགས་སྐྱོར་བརྒྱུད་རིམ་ཁྲོད། ཁངས་ནང་དུ་བརྒྱལ་བ་རེད། ཅུང་ཙམ་ངལ་གསོས་རྗེས། ཁོས་མུ་མཐུད་དུ་ལས་མགོ་བརྩམས་པ་དང་། ཚང་མས་ཁོ་རང་ཕྱིར་སོང་ནས་ངལ་གསོ་བྱས་ཞེས་བཤད་རུང་། ཁོས་བཤད་རྒྱུར། ང་ནི་མང་ཚོགས་ཀྱིས་བདམས་པའི་ལས་བྱེད་མི་སྣ་ཡིན་པས། མང་ཚོགས་རྣམས་ལ་ཆེས་དཀའ་ཁག་ཡོད་པའི་སྐབས་སུ་ངས་ཁྱིམ་དུ་ངལ་གསོ་བྱས་ན་མི་འགྲིག ངས་ངེས་པར་དུ་ཁོ་ཚོར་ལས་ཀ་སྒྲུབ་དགོས་ཟེར། འཕགས་པའི་རྒྱབ་གཟུགས་ལ་བལྟས་ནས་མི་ལ་ལ་ཞིག་གིས་མིག་ཆུ་དབང་མེད་དུ་ཤོར།

འཕགས་པས་མི་སྐུལ་སློང་བྱས་ཏེ་མང་ཚོགས་ལ་ཧུར་ཐག་གིས་རང་སྐྱོབ་དང་གནོད་ཤུལ་བསྐྱར་བསྐྲུན་བྱེད་པའི་བྱ་བ་སྤེལ་བས། ཕྱུགས་ལས་ཐོན་སྐྱེད་དང་འཚོ་བ་མྱུར་དུ་སླར་གསོ་བྱུང་བ་དང་། ཁྱི་འབྲི་སྡེ་བའི་ལོ་དེའི་ཕྱུགས་ལས་ཐོན་སྐྱེད་དང་འབྲོག་པའི་ཡོང་སྒོ་ཁངས་གནོད་ཀྱིས་ཇེ་དམའ་རུ་བཏང་མེད་པ་མ་ཟད། ཇེ་མཐོར་སོང་ཡོད།

མང་ཚོགས་ལ་ཡོང་སྒོ་བཙལ་བའི་ཐབས་ལམ་ཤེས་སུ་མ་བཅུག་ཚེ། སྡེ་བའི་མི་རྣམས་ད་དུང་དབུལ་ཕོངས་ཀྱི་གནས་སུ་ལྷུང་དགོས། ཕྱུག་བསྒྱུར་བྱས་ཏེ་འབྱོར་འབྲིང་གི་བགྲོད་ལམ་དུ་བསྐྱོད་སྐབས། ཁྱི་འབྲི་སྡེ་བའི་ཁྱིམ་ཚང་གཅིག་ཀྱང་ཆད་མི་རུང་།

ལོ་ངོ་མང་པོར་སྦྲ་ཁྱིམ་དང་ཁྱིམ་ཚང་དུ་གནས་ཚུལ་རྒྱུས་ལོན་བྱེད་དུ་སོང་བའི་དབང་གིས། སྡེ་བ་ཡོངས་ཀྱི་རུ་ཁག་ལྔ་ཡི་ཁྱིམ་ཚང་རེ་རེའི་གནས་ཚུལ་འཕགས་པ་ལ་མཚོན་ན་མིག་བཙུམ་རུང་གསལ་བོ་ཡིན་པའི་ཚད་ལ་བསླེབས་ཡོད། འཕགས་པས་བཤད་རྒྱུར། སེམས་སུ་བཟུང་བ་ཁོ་ནས་མི་ཆོག་པར་དབུལ་ཐར་ཕྱུག་བསྒྱུར་བྱེད་རྒྱུ་ནི་གནད་འགག་རེད།

2015ལོར། ཁྱི་འབྲི་ཞང་གི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གི་བྱ་བ་དངོས་སུ་སྤེལ་མགོ་བརྩམས་པ་དང་། ཁྱི་འབྲི་སྡེ་བའི་ཐོན་ལས་ཅན་གྱི་ནོར་གནག་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་ཡང་ཁུལ་དང་རྫོང་མི་དམངས་སྲིད་གཞུང་གིས་འཕེལ་རྒྱས་ལས་གཞི་གཙོ་བོའི་གྲས་སུ་བཞག་ཡོད།

གོ་སྐབས་དང་འགྲན་སློང་གསར་བར་གདོང་གཏད་ནས། འཕགས་པས་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་འཕེལ་རྒྱས་སུ་གཏོང་བ་དམ་འཛིན་བྱས་ཏེ། སྡེ་བའི་དབུལ་ཐར་འཆར་གཞི་མངོན་འགྱུར་འབྱུང་བར་འབད་པ་བྱས། ཐེངས་མང་པོར་མང་ཚོགས་ལ་ཚོགས་འདུ་བསྡུས་ཏེ་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གི་འཁོར་སྐྱོད་ནང་རྐྱེན་དང་། མ་རྐང་འཇོག་སྟངས། དོ་དམ་བྱེད་སྟངས། དཔལ་འབྱོར་ཕན་འབྲས་སོགས་ཀྱི་གནས་ཚུལ་ཞིབ་ཕྲའི་ངང་མཚམས་སྦྱོར་བྱས།

ཡར་རྒྱུག་མར་རྒྱུག་བྱས་ནས་འབྲོག་པ་མང་ཚོགས་མ་རྐང་ནང་ཞུགས་པར་སྐུལ་སློང་བྱས་པ་དང་། མ་རྐང་ནང་ཞུགས་པའི་མང་ཚོགས་ཇེ་མང་ནས་ཇེ་མང་ཡིན་པས་ཁོའི་བྱ་བའི་བརྩོན་སེམས་བསླང་ཤིང་། ཁོས་དེ་ནི་མང་ཚོགས་ཀྱིས་ཁོ་ལ་ཡིད་ཆེས་བྱེད་བཞིན་པ་ཤེས་ཡོད།

ཡོངས་དགའ་ནི་སྡེ་བའི་ནང་གི་དབུལ་ཕོངས་ཁྱིམ་ཚང་ཡིན་ལ། ནོར་ལུག་གསོ་སྤེལ་ཐད་འཕེལ་རྒྱས་བྱེད་འདོད་མོད། འོན་ཀྱང་མ་དངུལ་མེད་པ་རེད། འཕགས་པས་ཁོའི་ཁྱིམ་གྱི་གནས་ཚུལ་ཤེས་རྗེས། ཀྲི་པུའུ་གཞན་དག་ལ་གྲོས་མོལ་བྱས་རྗེས་སྡེ་བའི་ལུག་ཡོངས་དགའ་འདུས་པའི་དབུལ་ཕོངས་ཁྱིམ་ཚང་བརྒྱད་ལ་འགན་གཙང་ལེན་བྱེད་དུ་བཅུག ལུག་འགན་གཙང་ལེན་བྱས་པ་བརྒྱུད་ནས། དཀའ་ཁག་ཡོད་པའི་མང་ཚོགས་ལ་མ་དངུལ་བཙལ་བའི་རྨང་གཞི་ཡོད་པར་གྱུར།

སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ནི་རྙོག་འཛིང་ལྡན་ལ་འགན་འཁྲི་ཧ་ཅང་ལྕི། འོན་ཀྱང་། འཕགས་པ་དེ་སྒྲུབ་པར་སྤྲོ་བ་ཆེན་པོ་ཡོད། ཕྱུགས་ལས་ཀྱི་ཕན་འབྲས་འཕར་སྣོན་དང་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་། འབྲོག་པ་མང་ཚོགས་ལ་སྔར་ལས་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་དུ་འཇུག་རྒྱུ་ནི་གཞི་རིམ་གྱི་ཏང་ཡོན་ལས་བྱེད་རེ་རེའི་འགན་འཁྲི་རྩ་ཆེན་ཞིག་རེད།

ལོ་ངོ་འདི་དག་གི་རིང་ལ། སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་འཕགས་པའི་སྣེ་ཁྲིད་འོག ཏང་ཀྲི་པུའུ་ཡིས་མང་ཚོགས་ལ་དོན་བཟང་དང་དོན་དངོས་མང་པོ་བསྒྲུབ། 2015ལོར་མུས་གྲུ་བཞི་མ་སུམ་བརྒྱ་དྲུག་ཅུ་ཅན་གྱི་ཏང་ཡོན་བྱ་འགུལ་ཁང་དང་མུས་གྲུ་བཞི་མ་སྟོང་གཉིས་ཅན་གྱི་ར་སྐོར་གསར་དུ་ལས་པ་དང་། 2016ལོར་ཕྱུགས་ཟོག་གསོ་བའི་དྲོད་ཁང་དང་གཟན་རྩྭ་འཇོག་སའི་ཁང་པ་བརྒྱ་དང་ཞེ་བདུན་གསར་དུ་ལས་པ་དང་། དབུལ་སྐྱོར་བྱས་ཏེ་ས་གནས་གཞན་ལ་སྤོར་བའི་ཁང་པ་སོ་དགུ་འཛུགས་སྐྲུན་བྱས། མཉམ་ལས་ཁང་དུ་སྤྱི་ཆིང་རེ་དྲུག་གྲངས་ཆུང་དྲུག་བདུན་ཡོད་པའི་གནས་སུ་གཟན་རྩྭ་བཏབ་པར་མ་ཟད། མཉམ་ལས་ཁང་གི་འཕྲུལ་འཁོར་དང་གཟན་རྩྭ་གསོག་འཇོག་བྱེད་ས་གསར་དུ་ལས། 2017ལོར་མ་དངུལ་སྒོར་ས་ཡ་གཅིག་དང་འབུམ་གཅིག་ཁྲི་ལྔ་བཏང་ནས་སྔོ་ཚོད་འདེབས་སའི་དྲོད་ཁང་ཆེན་པོ་གཉིས་དང་། སྡེ་བ་རིམ་པའི་ཚད་ལྡན་གཞུང་ལམ་སྤྱི་ལེ་བཅོ་ལྔ་གསར་དུ་ལས། སྤྱི་ཆིང་བརྒྱ་ལ་གཟན་རྩྭ་འདེབས་འཛུགས་བྱས་པས། ལོ་འགའི་ནང་། སྡེ་བའི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་།

འཕགས་པའི་སྣེ་ཁྲིད་འོག 2017ལོའི་ལོ་མཇུག་ཏུ་མཉམ་ལས་ཁང་གི་ཁྱིམ་ཚང་བརྒྱ་དང་ཉི་ཤུ་ཡི་མི་གྲངས་བཞི་བརྒྱ་བཅུ་གཉིས་ལ་མ་རྐང་ལམ་ལུགས་ལྟར་སྒོར་འབུམ་བདུན་དང་ཁྲི་ལྔ་བགོ་བཤའ་བརྒྱབ་པ་དང་། ཁྱིམ་ཚང་རེར་ཆ་སྙོམས་ཀྱིས་སྒོར་སྟོང་དྲུག་དང་ཉིས་བརྒྱ་ལྔ་བཅུ་ཡོད་པ་དང་། མི་རེར་ཆ་སྙོམས་ཀྱིས་སྒོར་སྟོང་གཅིག་དང་བརྒྱད་བརྒྱ་ཉི་ཤུ་ཡོད། འདི་ལྟ་བུའི་གཞི་གྲངས་ཀྱིས་ཟིན་ཐོར་བཀོད་པ་ནི་ཁྱི་འབྲི་སྡེ་བའི་ཡར་ངོའི་ཟླ་བཞིན་འཕེལ་བའི་འགྱུར་ལྡོག་ཙམ་མིན་པར། འཕགས་པའི་སྣེ་ཁྲིད་འོག་ཏང་ཀྲི་པུའུ་ཡིས་སྡེ་བ་ཡོངས་ཀྱི་དབུལ་ཐར་ཕྱུག་བསྒྱུར་ཐད་བྱས་རྗེས་བླ་མེད་བཞག་པ་མཚོན་ཡོད།

ལོ་ཙཱ་བ། ཤ་བོ་རིན་མཚོ།