ཐོག་མའི་སེམས་འདུན་མི་བརྗེད་པར། ནམ་ཡིན་ཡང་ཞིང་སྡེའི་ས་གཞི་ཆེན་པོ་འདིའི་སྟེང་དུ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་སུ་འཇུག་དགོས།
2019.01.15 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 51

  ཧྲིན་ཅི་ལེན་གྱིས་ལོ་ངོ་བཞི་བཅུའི་རིང་ལ་སྐྲ་འདབས་རྣ་ཤལ་མ་གཏོགས་མི་ཐོན་པའི་ཆ་བྱད་དང་མདོག་སྔོན་པོ་ཅན་གྱི་ལྭ་བ་གྱོན་ཏེ་ཞིང་སྡེའི་བུད་མེད་ཅིག་གི་བབ་ཆགས་ཀྱི་སྣང་བརྙན་སྤྱིར་བཏང་དེ་རྒྱུན་འཁྱོངས་བྱས།

ཁོ་མོའི་མི་ཚེ་གང་བོར་ངལ་རྩོལ་དང་གཏན་ནས་ཁ་བྲལ་མ་མྱོང་ལ། ད་བར་ལོ་ན་གྱ་དགུ་ལ་སོན་ཡོད་ནའང་། ཉིན་རྒྱུན་དུ་ད་དུང་རང་ནུས་གང་ཡོད་ཀྱིས་ངལ་རྩོལ་ཁྲོད་ཞུགས་བཞིན་ཡོད།

"ཡུལ་མི་རྣམས་དང་མཉམ་དུ་འདུག་དགོས་ན། ནམ་ཡིན་ཡང་ཞིང་སྡེའི་ས་གཞི་ཆེན་པོ་འདིའི་སྟེང་དུ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་དགོས།"ཞེས་མོའི་དེ་ལྟར་བཤད་ལ། འདི་ནི་མོའི་ཐོག་མའི་སེམས་འདུན་ཡང་ཡིན།

ཧྲིན་ཅི་ལེན་ནི་གཅིག་དགུ་ཉེར་དགུ་ལོར་ཧྲན་ཞི་ཞིང་ཆེན་ཕེན་ཧྲོན་རྫོང་ཧྲན་ནན་ཏེ་སྡེ་བ་རུ་འཚར་ལོངས་བྱུང་ཞིང་། བསྟུད་མར་རྒྱལ་ཡོངས་ཀྱི་སྐབས་བཅུ་གསུམ་ལ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིར་བདམས་པའི་མི་སྣ་གཅིག་པུ་ཡིན་པས། མོའི་མི་ཚེ་ཧྲིལ་པོ་ནི་ངོ་མཚར་བའི་གཏམ་རྒྱུད་ཅིག་ཅི་ལ་མིན།

མོ་རང་ཞིས་ཀུག་སྡེ་བའི་ནང་དུ་མནའ་མར་བསྐྱལ་ཡོང་དུས་ལོ་ན་བཅོ་བརྒྱད་ལས་སོན་མེད་ནའང་། གཉེན་སྒྲིག་བྱས་རྗེས་ཀྱི་ཉིན་དྲུག་པར་ཞིང་ཁར་སོང་ནས་ལས་ཀ་ལས་པ་རེད། མོས་མི་ཚེ་གང་བོར་"ངལ་རྩོལ་བྱས་ན་རྒྱལ་ཁ་ལེན་ཐུབ་པའི་ཡིད་ཆེས་སེམས་སུ་དམ་པོར་བཅངས་ཡོད།"

དུས་རབས་སྔོན་མའི་ལོ་རབས་ལྔ་བཅུའི་ནང་། མོས་ལྕམ་སྲིང་བཅུ་ཁ་ཞིག་ཁྲིད་ནས་རོགས་རེས་ཚན་ཆུང་དུ་ཞུགས་ནས། སྐྱེས་པ་དང་འདྲ་བར་སྡོང་བོ་འཛུགས་པ་དང་ས་རྒོད་སློག་པ་སོགས་ཀྱི་ལས་ཀ་གཉེར་ལ། སྐྱེས་པ་དང་བུད་མེད་རྣམས་ཀྱི་ལས་ཀ་འདྲ་བ་ལ་ཐོབ་ཆ་འདྲ་བའི་དངོས་ཡོད་གནས་ཚུལ་མངོན་འགྱུར་བྱེད་ཐུབ་བྱུང་། ད་སྐབས་སྡེ་བའི་ནང་དུ་"འབད་བརྩོན་ལྷོད་མེད་ཀྱི་གཏམ་རྒྱུད་སྙན་མོ་"འདི་ལྟ་བུ་ཞིག་ངག་རྒྱུན་དུ་ཆགས་ཡོད་པ་རེད།

དཔྱིད་འདེབས་མྱུར་མོར་འགོ་རྩོམ་རྒྱུ་རེད། ལུད་ཕུང་གསོག་ཡོད་པའི་སྨན་ལུད་ས་ཞིང་སྟེང་དུ་སྙོམ་བཞིན་འདུག བུད་མེད་ཚོས་ཉིན་གཅིག་ལ་སྨན་ལུད་བདུན་ལྟར་དུ་ལས་བགོས་བྱེད་དགོས། སྐྱེས་པ་ཚོའི་ལུད་སྨན་ཁུར་པོ་ཉིན་གཅིག་ལ་བསྡོམས་པའི་སྐར་མ་བཅུ་ལ་ལས་བགོས་བྱེད་དགོས། ཉིན་གཅིག་ལ་ལས་ཀ་ལས་ལས་མཐར་བུད་མེད་ཚོ་ཚང་མའི་སྨན་ལུད་ཁུར་འདོད་པ་དང་སྨན་ལུད་སྙོམ་འདོད་ཡོད། སྐྱེས་པ་ཚོ་འཐད་པ་མ་བྱུང་པས་རྐྱེན་གྱིས་འགྲན་བསྡུར་བྱེད་འགོ་བརྩམས་པ་རེད། སྐྱེས་པ་ཚོ་དང་བུད་མེད་ཚོ་ཚང་མར་མི་མང་ཉུང་མེད་པ་དང་ས་ཞིང་ཡང་མང་ཉུང་མེད་མོད།  ཡིན་ནའང་སྐྱེས་པ་ཚོ་ངལ་གསོས་འདུག་ལ། བུད་མེད་ཚོ་ད་དུང་ངལ་གསོ་མ་བྱས་པར་ལས་ཀ་ལས་བཞིན་འདུག  ཉིན་གུང་མ་ཐོན་བར་དུ་བུད་མེད་ཚོས་ལུད་ཡོད་ཚད་སྙོམ་ཚར་འདུག སྐྱེས་པ་ལ་ལ་ཞིག་གིས་ད་དུང་སྙོམ་ཚར་མེད། ཐ་ན་ལས་ཀ་འདྲ་ལ་ཐོབ་ཆའང་འདྲ་བ་ཡིན་པར་དགག་པ་རྒྱག་པའི་སྡེ་མི་སྐྱེས་པ་དེའི་ཡང་བཤད་རྒྱུར། "ད་ནི་བུད་མེད་ཚོའི་ལས་ཀའི་ཟླ་ཕོགས་ཀྱང་མཐོར་འདེགས་སུ་གཏོང་རེམ་འདུག་ཟེར།"

གཅིག་དགུ་གྱ་གསུམ་ལོར། ཞིས་ཀུག་སྡེ་བས་ཁྱིམ་ཚང་མཉམ་འབྲེལ་གྱི་ཐོན་སྐྱེད་འགན་གཙང་ལེན་འགན་འཁྲི་ལམ་ལུགས་ལག་བསྟར་བྱས་ནས། བཅོས་བསྒྱུར་སྒོ་འབྱེད་རྗེས་ཀྱི་མགོ་འཛུགས་ས་གསར་བ་ཞིག་བསུ་མ་བྱས། ལོ་ངོ་གཉིས་ཀྱི་རྗེས་སུ། ཧྲིན་ཅི་ལེན་གྱིས་ཡུལ་མི་རྣམས་ཀྱི་སྣེ་ཁྲིད་དེ་ཕིང་ཧྲིན་རྫོང་གི་ཐོག་དང་པོའི་སྡེ་བའི་གཉེར་བའི་ཁེ་ལས་ཤིག་གསར་འཛུགས་བྱས་ལ། ཞི་གུག་སྡེ་བའི་རྣམ་པའང་ཉིན་རེ་ནས་ཉིན་རེར་བཞིན་མགྱོགས་མྱུར་སྒོས་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་དུ་ཞུགས།

ད་ལྟ་ཞི་གུག་སྡེ་བ་ན་ཐུན་མོང་གི་ཁེ་ལས་བཞི་དང་། དམངས་གཉེར་ཁེ་ལས་བཅུ་གཉིས་བཅས་ཡོད། ཉིས་སྟོང་བཅོ་བརྒྱད་ལོར། སྡེ་བ་ཐུན་མོང་གིས་ཡོང་འབབ་སྒོར་མོ་ཁྲི་གཅིག་དང་འབུམ་གཉིས་བཀོད་སྤྱོད་བྱེད་བཞིན་ཡོད་པ་དང་། ཞིང་བའི་ཆ་སྙོམས་ཀྱི་ཡོང་སྒོ་རྐྱང་བ་སྒོ་མོ་སྟོང་དགུ་དང་བརྒྱད་བརྒྱ་ཡོད།

ཧྲིན་ཅི་ལེན་གྱིས་མི་དམངས་བརྗེད་མི་རུང་བ་དང་ངལ་རྩོལ་བརྗེད་མི་རུང་པའི་ཐོག་མའི་སེམས་འདུན་དེ་མོའི་ལུས་སྟེང་གི་ཟུང་ཁྲག་ལྟ་བུ་ཞིག་ཏུ་གྱུར་འདུག  ཐ་ན་ཧྲན་ཞི་ཞིང་ཆེན་བུ་མེད་ལྷན་ཚོགས་ཀྱི་ཀྲུའུ་རིན་གྱི་འགན་འཁུར་ཡོད་པའི་སྐབས་སུ་ཡང་མོ་ནངས་སྔ་མོ་མལ་ལས་ལངས་ཏེ་ཚང་མར་ཐང་ཕྱགས་རོགས་བྱེད་པ་དང་། ཆུ་སྒོ་ཕྱེས་ཤིང་ཅོག་ཙེ་ལ་གཙང་སྦྲ་བྱེད་པ་སོགས་ཀྱི་ལས་ཀ་ཙག་ཙིག་ཡོད་ཚད་ལས་བཞིན་ཡོད། ཡིན་ནའང་མོས་རང་ཉིད་དང་རང་གི་བུ་ཕྲུག་གི་ཁྱིམ་ཐོ་གྲོང་ཁྱེར་དུ་གནས་སྤོར་མ་བྱས་པ་རེད།

ཧྲིན་ཅི་ལེན་གྱིས་དངོས་པོའི་འཚོ་བ་ལ་བཅངས་པའི་ལྟ་སྟངས་ཧ་ཅང་ཡང་། མོ་སྡོད་ས་ནི་དུས་རབས་སྔོན་མའི་ལོ་རབས་དྲུག་བཅུའི་ཁང་རྙིང་རེད། ཅོག་ཙེ་རྙིང་བ་ཞིག་དང་གནའ་དེང་མའི་ཆ་སྒམ་ཆུང་ཆུང་ཞིག  དེ་མིན་ད་དུང་བཟོ་ལྟ་རྙིང་བའི་མལ་ཁྲི་སོགས་ཀྱིས་ཁང་བའི་ཕྱེད་ཀ་ཟིན་ཡོད་ལ། དེང་རབས་ཀྱི་ཁྱིམ་ཆས་དང་ཐོན་རྫས་གྲགས་ཅན་གྱི་གློག་ཆས་གཅིག་ཀྱང་མེད། ཡིན་ནའང་མོས་ཐེངས་མང་པོར་བྱ་དགའི་དངུལ་སྡེ་བ་ཐུན་མོང་ལ་ཞལ་འདེབས་སུ་ཕུལ་བ་རེད། མོས་ཐཱིན་རིམ་པའི་ལས་བྱེད་པའི་གླ་ཕོག་མ་བླངས་པར་རྒྱུན་འཁྱོངས་བྱས་ནས་སྔོན་ཆད་ཟླ་རེར་སྡེ་བའི་ཐུན་མོང་གི་ཁ་གསབ་མ་དངུལ་སྒོར་བརྒྱ་དང་ལྔ་བཅུ་མ་རྟོགས་ལེན་གྱིན་མེད་ལ། ལོ་འདི་གཉིས་ལ་ད་གཟོད་སྒོར་མོ་སུམ་བརྒྱ་འཕར་སྣོན་བྱས་པ་རེད།

“ནམ་ཡིན་ཡང་ཏང་གི་སློབ་སྟོན་བརྗེད་མི་ཉན་ལ། མང་ཚོགས་དང་ཁ་འབྲལ་མི་རུང་པ་དང་། མང་ཚོགས་ཀྱི་ཆེད་དུ་བྱ་བ་བསྒྲུབ་དགོས།”ཞེས་ཧྲིན་ཅི་ལེན་གྱིས་དེ་ལྟར་བཤད་བྱུང་། 
                                                                                                                              ཡིག་བསྒྱུར་བ། སྐར་མ་མཚོ།