གཞན་ལ་རོགས་རམ་བྱ་རྒྱུར་དགའ་བའི་མི་བུ་ཕལ་བ་ཞིག
2019.03.13 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 51

ཉིས་སྟོང་བཅུ་གཅིག་ལོའི་ཟླ་བདུན་པར། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་ཞིན་ཡོན་གྲོང་བརྡལ་མཁར་ཤར་སྡོད་ཁུལ་དུ་བོད་རིགས་གཞོན་ནུ་ཞིག་ཐོན་བྱུང་ལ། ལོ་བརྒྱད་ཀྱི་རྗེས་སུ། ཁོས་གནས་དེའི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་ཀྲུའུ་རིན་གཉིས་ཀྱི་འགན་གཅིག་ལྕོགས་སུ་ཁུར་བ་རེད།

ད་ལོ་ལོ་ན་ཉེར་དགུ་ལ་སོན་པའི་བསོད་ནམས་རྣམ་རྒྱལ་གྱིས་དུས་ཚོད་ཆུད་ཟོས་སུ་མ་བཏང་ལ། མང་ཚོགས་ཀྱི་རེ་བ་དེ་ལས་ཀྱང་སྟོང་ཟད་དུ་བཏང་མ་མྱོང་། བྱ་བ་བསྒྲུབ་ནས་ལོ་ངོ་བརྒྱད་ཀྱི་རིང་ལ་ཁོའི་ངལ་གསོ་ཐེངས་གཅིག་ཀྱང་བྱས་མ་མྱོང་། ཆེས་སྤྱིར་བཏང་གི་བྱ་བའི་ལས་རྐང་ཁྲོད་དུ་ཁོའི་རང་ཉིད་ཀྱི་བརྩེ་བ་ངོ་མ་དེ་མང་ཚོགས་ལ་བཞག་པ་དང་། ཐེངས་རེར་ཁྱིམ་ཚང་རེ་རེར་སོང་ནས་སྡོད་ཁུལ་གྱི་སྡོད་དམངས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། སྡོད་ཁུལ་གྱི་ཏང་ཡོན་ལ་སེམས་ཁུར་བྱས་ཏེ། ལེ་ཧྥུན་གྱི་སྙིང་སྟོབས་སྡོད་ཁུལ་དུ་བརྒྱུད་སྒྲོག་བྱེད་བཞིན་ཡོད།

སྡོད་ཁུལ་དུ་ཁོ་ངོ་ཤེས་པའི་མང་ཚོགས་ཀྱིས་སྙིང་ཉེ་བའི་སྒོ་ནས་ཁོ་ལ་བསོད་ནམས་ཆུང་བ་ཞེས་འབོད་ཀྱིན་འདུག་ལ། ཁོས་རོགས་རམ་བྱས་མྱོང་བའི་མི་ཚང་མས་བཤད་རྒྱུར།" ང་ཚོ་ལ་བར་ཚང་ཅན་གྱི་སྲིང་བལ་ཆུང་ཆུང་ཞིག་ཡོད། ཁོ་ལ་དོན་དག་གང་ཡིན་ཡང་བཤད་ན་ཆོག དོན་ཅི་ཞིག་བཅོལ་ནའང་ང་ཚོ་ཚང་མ་ཁོ་ལ་ཡིད་ཆེས་བརྟན་པོ་ཡོད། ཁོས་བྱ་བ་བསྒྲུབ་ན་སེམས་བདེ་ཞིང་། གནད་དོན་ག་འདྲ་ཞིག་ལ་འཕྲད་རུང་ཁོས་ཐག་གཅོད་བྱེད་མི་ཐུབ་པ་གཅིག་ཀྱང་མེད་"ཅེས་ཟེར།

བསོད་ནམས་རྣམ་རྒྱལ་ཡོད་སའི་སྡོད་ཁུལ་ནི་དཔེ་མཚོན་རང་བཞིན་ལྡན་ལ་མི་གྲངས་ཅུང་མང་བའི་འབྲོག་ཁུལ་དང་ཕྱི་ནས་ཡོང་བའི་མི་གཙོ་བྱས་པའི་སྡོད་ཁུལ་ཞིག་རེད། ཁོ་རང་གནས་འདིར་ཡོང་ནས་ལས་ཀ་ལས་པ་ནས་བཟུང་། གཟའ་མཇུག་དང་དུས་ཆེན་གྱི་ཉིན་མོ་གང་ཡིན་ནའང་འདྲ། སྡོད་དམངས་ཀྱི་ཁྱིམ་དུ་དཀའ་གནད་ལ་འཕྲད་ཚེ་ཁོས་རང་ནུས་ཅི་ལྕོགས་ཀྱིས་རོགས་རམ་བྱས་ནས་ཐག་གཅོད་བྱེད་པ་དང་། མང་ཚོགས་ཀྱི་འདོད་བློ་ཚིམ་པར་བྱས། གལ་ཏེ་མགོ་བརྩམས་པ་ནི་དེ་ནི་བྱ་གཞག་ལ་བཅིངས་པའི་སྤྲོ་སེམས་ཀྱི་ཆེད་དུ་ཡིན་ཚེ། རྗེས་ཕྱོགས་ཀྱི་བྱ་བ་དང་འཚོ་བའི་ཁྲོད་དུ་ཁོས་ཐོག་མའི་སེམས་འདུན་མི་བརྗེད་པར་རང་ཉིད་ལ་བཅིངས་པའི་ཁས་ལེན་དང་དམ་བཅའ་སྟེ། "ཏང་ཡོན་ཞིག་ཡིན་པའི་ཆ་ནས་ལེ་ཧྥུན་གྱི་སྙིང་སྟོབས་བརྒྱུད་སྒྲོག་མཁན་བྱེད་དགོས་པ་དང་། བློ་སེམས་རྩེ་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་དགོས་"ཟེར།

"ཁོ་རང་ནི་བྱ་བ་ཁོ་ནར་འབད་པའི་དོན་དངོས་བསྒྲུབ་མཁན་ཞིག་རེད། ཁོ་དང་མཉམ་དུ་འདུག་ཡུན་རིང་བའི་ཚེ།ང་ཚོའི་བྱ་བའི་ཕན་འབྲས་ཤེས་མེད་ཚོར་མེད་ངང་མཐོར་འདེགས་སུ་གཏོང་ཐུབ། ད་ལྟ་ཁོམ་སྐབས་རེ་བཙལ་ནས་ངལ་ཅུང་ཙམ་གསོ་འདོད་མོད།འོན་ཀྱང་བྱ་བ་མ་སྒྲུབ་ན་སེམས་འཚབ་ནས་འདུག་མི་གཟོད། "ཅེས་བསོད་ནམས་རྣམ་རྒྱལ་གྱི་ལས་གྲོགས་རྣམས་ཀྱིས་ཁོ་ལ་འདི་ལྟར་གདེང་འཇོག་བྱེད་བཞིན་ཡོད།

བསོད་ནམས་རྣམ་རྒྱལ་གྱིས་སེམས་ཤུགས་ཡོད་ཚད་སྡོད་ཁུལ་གྱི་བྱ་བའི་ཁྲོད་དུ་བཀོལ་ནས། ཧུར་ཐག་གིས་རང་ཉིད་དང་སྡོད་ཁུལ་གྱི་སྡོད་དམངས་མཉམ་འདྲེས་བྱེད་པ་དང་། བློ་སེམས་རྩེ་གཅིག་གིས་མང་ཚོགས་ཀྱི་ཆེད་དུ་དཀའ་ཁག་སེལ་བཞིན་ཡོད། ཁོ་རང་ཉིས་སྟོང་བཅུ་གཅིག་ལོར་བྱ་བའི་སྟེང་ཞུགས་རྗེས། ཁྱིམ་ཚང་རེ་རེར་སོང་ནས་གནས་ཚུལ་རྒྱུས་ལོན་བྱས་ཏེ། རྒན་གསོ་ཁང་ནང་དུ་ལྔ་སྐྱོང་ཁྱིམ་ཚང་མང་པོ་ཞིག་ཡོད་ལ་ཁོ་ཚོའི་འཚོ་བའི་ཐད་ཀྱི་འགྲོ་འདུག་སྐྱོད་གསུམ་ལ་བདག་སྐྱོང་ལེགས་པོ་ཞིག་བྱེད་ཐུབ་བཞིན་མེད་པ་རེད། ཁོ་ཚོའི་ཚེ་འཇུག་སྐྱིད་པོ་ཞིག་རོལ་དུ་འཇུག་ཆེད་ཁོས་རང་འགུལ་སྒོས་རྒན་གསོ་ཁང་དུ་རོགས་རམ་བྱེད་པ་དང་། རྒན་གསོ་ཁང་གི་ལོ་ལོན་རྒན་པར་འབྲས་དང་ཕྱེ། སིལ་ཏོག་སོགས་ཉོས་ནས་ཁོ་ཚོའི་འཚོ་བའི་ཐད་ལ་རོམས་རམ་བྱེད་པ་དང་། ཁོ་ཚོ་དང་མཉམ་དུ་ཁ་བརྡ་བྱས་ནས་ཕན་ཚུན་ལ་སེམས་གཏམ་བཤད།

ལོ་མང་པོའི་རིང་ལ།   ཁོའི་སྣེ་ཁྲིད་འོག་ཏུ་སྡོད་ཁུལ་གཞན་པའི་ལས་བྱེད་མི་སྣས་ཀྱང་འོས་འགན་ཡོད་པའི་སྒོ་ནས་ལས་ཀའི་ཁྲོད་དུ་ཞུགས་ལ། གཟའ་རེའི་རེ་གཟའ་ལྔ་བར་རྒན་གསོ་ཁང་དུ་ཡོང་ནས་ལོ་ལོན་རྒན་པ་རྣམས་ལ་རོགས་རམ་བྱས་ནས་ཆུ་མོག་ལས་པ་དང་། ཁོར་ཡུག་གཙང་དག་བྱེད་པ། ལྭ་བ་བཀྲུ་བ་སོགས་བྱེད་བཞིན་ཡོད།  ལོ་ལོན་རྒན་པ་ཚོས་དུས་རྒྱུན་བཤད་རྒྱུར། རང་གི་བུ་དང་བུ་མོར་བལྟས་ན་སྡོད་ཁུལ་གྱི་བསོད་ནམ་ཆུང་བས་ང་ཚོ་ལ་ཤ་ཚ་ཟེར།

བསོད་ནམ་ཆུང་བའི་ཁྱིམ་ཚང་གི་ཆ་རྐྱེན་བཟང་རྒྱུ་མེད་པར་སྤྱི་བཏང་ཞིག་ཡིན་མོད། ཡིན་ནའང་སུ་ཚང་ལ་དཀའ་ངལ་ཡོད་ན་ཁོས་དུས་ཚོད་དང་པོའི་ནང་རང་ཉིད་ཅི་ལྕོགས་ཀྱིས་དེ་ལ་རོགས་རམ་བྱེད་ངེས།ཁོས་རོགས་རམ་བྱས་མྱོང་བའི་མི་དང་དོན་བཟང་བསྒྲུབ་པའི་བྱ་བ་ནི་བགྲངས་ལས་འདས། །

བསོད་ནམས་ཆུང་བ་ནི་མི་བབ་ཆགས་ཤིག་ཡིན་པས་ཀུན་གྱིས་བརྩི་བཀུར་དང་ཡིད་ཆེས་ཐོབ་ཡོད།
                                                                                                                                       ལོ་ཙཱ་བ། སྐར་མ་འཚོ།