མི་རིགས་སློབ་གསོ་ལ་དུང་བ་ཟབ་པའི་འདས་པོ་མཁའ་འགྲོ་ཐར།
2019.03.22 ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཀློག་གྲངས། 38

 2019ལོའི་ཟླ3པའི་ཚེས19ཉིན། རྐང་ཚ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་བགྲེས་པོ་མཁའ་འགྲོ་ཐར་གྱི་མི་ཚེའི་གསོག་དངུལ་དང་འདས་པོའི་གྱོང་གསབ་དངུལ་བསྡོམས་པའི་དམངས་སྒོར་ལྔ་འབུམ་ཆིག་ཁྲི་ཆིག་སྟོང་བདུན་བརྒྱ་གོ་དགུ་དང་སྐར་ལྔ(511799.05)མ་ཡུམ་སློབ་གྲྭ་ཕུལ་བའི་མཛད་སྒོ་མཚོ་འཁྱིལ་ཞང་མི་རིགས་བཅའ་སྡོད་ཆ་ཚང་སློབ་ཆུང་དུ་སྤེལ་བ་རེད།


བགྲེས་པོ་མཁའ་འགྲོ་ཐར་ནི1930ལོར་རྐང་ཚ་རྫོང་མཚོ་འཁྱིལ་ཞང་ཉིན་ཞྭ་སྡེ་བར་སྐྱེས། ཆུང་དུས་ནས་ཨ་ཕ་དང་མཉམ་དུ་ཤིང་བཟོ་དང་མགར་བ་སོགས་ལས་ཀ་ཆེ་མ་ཆུང་གསུམ་བྱེད་མ་མྱོང་བ་མེད་དེ། ཨ་མ་དང་ནུ་མོ་གཉིས་ཕྱུགས་བདག་གི་གཡོག་པོར་གྱུར་ནས་གང་བྱས་གཉའ་གནོན་གྱིས་མ་བཟོད་པར་གར་སོང་ཆ་མེད་དུ་གྱུར། ཁོང་ནི1956ལོར་རྩ་འཛུགས་ཀྱི་སྐུལ་སློང་འོག་བྱ་བར་ཞུགས་པ་ཡིན་ལ། 1958ལོར་མཚོ་འཁྱིལ་ཞང་ཀུང་ཧྲེའམ(ད་སྐབས་ཀྱི་མཚོ་འཁྱིལ་ཞང་)དུ་བྱ་བ་བསྒྲུབས། 1963ལོར་རྐང་ཚ་རྫོང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པར་བསྐོས།

1962ལོར་ཕྱུགས་ཟོག་ལ་སྨན་ཁྲུས་བྱེད་སྐབས། ལུག་འགའ་སྨན་ཆུར་ལྷུང་ནས་ཤི་ལ་ཉེ་བ་མྱུར་སྐྱོབ་བྱེད་སྐབས་ཁོང་གི་ཁ་ནང་དུ་རྔོ་སྨན་སོང་བ་རེད། དུས་དེ་ནས་བཟུང་ཁོའི་གློ་ནད་བྱུང་མགོ་བརྩམས། རྩ་འཛུགས་ཀྱིས་ཁོ་རང་གཞུང་དོན་རྨས་སྐྱོན་ཅན་དུ་ངོས་ལེན་བྱས་ཏེ་ཁོང་གི་བདེ་ཐང་ཆེད་དུ་ལས་གནས་ཐེངས་གཉིས་ལ་སྤར། ཕ་ཡུལ་དུ་ས་བབ་མཐོ་བས། ཁོང་གི་ནད་གཞི་ཉིན་རེ་ནས་ཉིན་རེར་ཇེ་སྡུག་དུ་ཕྱིན་ནས་དབུགས་ཀྱང་ལེན་དཀའ་ཕྱིར།1964ལོར་རྩ་འཛུགས་ཀྱིས་ཞིབ་འཇུག་ཐག་གཅོད་ལྟར། གློ་ནད་ཚབས་ཆེན་དུ་འགྱུར་གྱིན་པའི་ཁོང་ཕ་ཡུལ་དང་ཁ་གྱེས་ཏེ། ས་བབ་དམའ་བའི་ཞི་ཨན་གྲོང་ཁྱེར་གྱི་ལས་འཁྱེར་ནད་གསོ་ཁང་དང་པོར་བཀོད་སྒྲིག་བྱས། བཟའ་ཟླ་ལ་རྒྱལ་ཁབ་ཀྱིས་གླ་ཕོགས་བྱིན་ནས་ཁོ་ལ་གཉོར་སྐྱོང་བྱེད་དུ་བཅུག

བཟའ་ཟླ་འདས་རྗེས་ཀྲའོ་པོ་ཞང་བཟའ་ཟླ་གཉིས་ཀྱིས་བགྲེས་པོ་ཁོང་ལ་གཉོར་སྐྱོང་བྱས་ནས་ཚེ་མཇུག་རྫོགས་པར་བྱས། ཁ་ཆེམས་སུ་ཁོང་གི་མི་ཚེ་གང་བོར་བསགས་པའི་མ་དངུལ་དང་འདས་པོའི་གྱོང་གསབ་དངུལ་བཅས་བསྡོམས་པའི་དམངས་སྒོར་ལྔ་འབུམ་ཆིག་ཁྲི་ཆིག་སྟོང་བདུན་བརྒྱ་གོ་དགུ་དང་སྐར་ལྔ(511799.05)མ་ཡུམ་སློབ་གྲྭར་འབུལ་རྒྱུ་ཡིན་ཞེས་ཁ་ཆེམས་ཡི་གེ་ཡང་བྲིས་ཡོད།


ཁ་ཆེམས་ཡི་གེ

2019ལོའི་ཟླ3པའི་ཚེས19ཉིན། རྐང་ཚ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་བགྲེས་པོ་མཁའ་འགྲོ་ཐར་གྱི་མི་ཚེའི་གསོག་དངུལ་དང་འདས་པོའི་གྱོང་གསབ་དངུལ་བསྡོམས་པའི་དམངས་སྒོར་ལྔ་འབུམ་ཆིག་ཁྲི་ཆིག་སྟོང་བདུན་བརྒྱ་གོ་དགུ་དང་སྐར་ལྔ(511799.05)མ་ཡུམ་སློབ་གྲྭ་ཕུལ་བའི་མཛད་སྒོ་མཚོ་འཁྱིལ་ཞང་མི་རིགས་བཅའ་སྡོད་ཆ་ཚང་སློབ་ཆུང་དུ་སྤེལ།

ཚོགས་ཐོག་ཏུ་རྐང་ཚ་རྫོང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཆིས་མཱེ་ཡིས་མཛད་སྒོའི་གཏམ་བཤད་གནང་ལ། རྫོང་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གཞོན་པ་ཉིས་ལེན་ཆི་ཡིས་མཛད་སྒོར་མགོ་འཛིན་མཛད། རྫོང་སློབ་གསོ་ཅུའུ་ཡི་ཅུའུ་ཀྲང་ཀླུ་ཕྱུག་དང་མཚོ་འཁྱིལ་ཞང་ཏང་ཨུ་ཧྲུའུ་ཅི་ལིས་བན་ལུའུ། མངག་བཅོལ་མི་སྣ་ཀྲའོ་པོ་ཞང་བཟའ་ཟླ་གཉིས། ལས་བྱེད་རྒན་པའི་ཚབ་བྱེད་མི་སྣ། ཉིན་ཞྭ་སྡེ་བའི་ཏང་ཀྲི་པུའུ་ཡི་འགན་འཛིན་མི་སྣ། གསར་འགྱུར་སྡེ་ཁག་གི་མི་སྣ། མཚོ་འཁྱིལ་ཞང་མི་རིགས་བཅའ་སྡོད་ཆ་ཚང་སློབ་ཆུང་གི་དགེ་སློབ་སོགས་མི200ལྷག་འདས་པོ་མཁའ་འགྲོ་ཐར་གྱི་ཞལ་འདེབས་མཛད་སྒོར་ཞུགས་པ་རེད།

ཆིས་མཱེ་ཡིས་བཤད་རྒྱུར། ཐོག་མར་ངས་རྐང་ཚ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གི་ཚབ་བྱས་ཏེ་རླབས་ཆེན་གྱི་མི་བུ་ཁོང་ལ་གུས་འདུད་ཞུ། འདས་པོ་ཁོང་གི་ཁ་ཆེམས་ཡི་གེ་ལྟར་ཁོང་གིས་བསགས་པའི་མ་དངུལ་དང་འདས་པོའི་གྱོང་གསབ་དངུལ་བཅས་བསྡོམས་པའི་དམངས་སྒོར་ལྔ་འབུམ་ཆིག་ཁྲི་ཆིག་སྟོང་བདུན་བརྒྱ་གོ་དགུ་དང་སྐར་ལྔ(511799.05)མ་ཡུམ་སློབ་གྲྭ་ཕུལ་བ་ཡིན་ཟེར། ཁོང་གི་རླབས་ཆེ་བའི་མཛད་པ་འདིའི་མི་སེམས་རེ་རེར་དྲོད་ཁོལ་སྤྱིན་ཐུབ་ལ། བླ་ན་མེད་པའི་ཀུན་སྤྱོད་ནི་ང་ཚོས་ཁ་མིག་ཡར་ལྟ་བྱེད་ས་དེ་ཡིན། རྩ་ཆེ་བའི་རྒྱུ་ནོར་འདི་ལ་སློབ་གསོ་ཅུའུ་དང་མཚོ་འཁྱིལ་ཞང་བཅའ་སྡོད་སློབ་ཆུང་གིས་དོ་དམ་ཡག་པོ་དང་བཀོལ་སྤྱོད་བཟང་བོར་བྱ་དགོས་པར་ནན་གྱིས་བཤད། ངེད་དགེ་སློབ་ཡོངས་ནས་ཀྱང་ཁོང་གི་བླ་མེད་ཀྱི་ཀུན་སྤྱོད་ལ་སློབ་སྦྱོང་དང་། ཁོང་གི་སེམས་འདུན་གསོན་པོ་འདིས་མ་འོངས་རྐང་ཚའི་སློབ་གསོ་ཡར་ངོས་ཟླ་ལྟར་འཕེལ་བར་སྨོན་ཟེར།

མངག་བཅོལ་མི་སྣ་ཀྲའོ་པོ་ཞང་གིས་བཤད་རྒྱུར། མི་བུ་འདི་ལྟ་བུར་སྲི་ཞུ་བྱེད་ཐུབ་པ་ནི་ངའི་བཟའ་ཟླ་གཉིས་ཀྱི་བསོད་ནམས་ཡིན་ལ། འདས་པོའི་ཁ་ཆེམས་ལྟར་དེ་རིང་གི་ཞལ་འདེབས་མཛད་སྒོར་ཞུགས་ཐུབ་པ་འདི་ཡང་ངའི་གཟི་བརྗིད་ཡིན། རྐང་ཚ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་འདས་པོ་ཁོང་གི་རེ་བ་ལྟར། འདས་པོའི་མ་ཡུམ་སློབ་གྲྭ་མཚོ་འཁྱིལ་ཞང་མི་རིགས་བཅའ་སྡོད་ཆ་ཚང་སློབ་ཆུང་དུ་ཞལ་འདེབས་མཛད་སྒོ་སྤེལ་བ་ངས་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་པ་ཡིན་ཟེར།

མཚོ་འཁྱིལ་མི་རིགས་བཅའ་སྡོད་ཆ་ཚང་སློབ་ཆུང་གི་སློབ་གཙོ་ཀུན་བཟང་དོན་འགྲུབ་ཀྱིས་བཤད་རྒྱུར། དེ་རིང་ངེད་སློབ་གྲྭའི་འདི་ལྟ་བུའི་རླབས་ཆེ་ལ། ཁྱད་དུ་འཕགས་པའི་ཞལ་འདེབས་བླངས་བ་ནི། འདས་པོ་མཁའ་འགྲོ་ཐར་གྱི་མ་ཡུམ་སློབ་གྲྭར་དྲིན་གཟོ་བྱས་པ་ཡིན་ལ། རླབས་ཆེན་གྱི་མི་བུ་ཁོང་གི་སེམས་འདུན་དང་རེ་བ་ཡོད་དོ་ཅོག་ནི་ངེད་དགེ་སློབ་ཡོངས་ཀྱི་མིག་དཔེ་བྱེད་ས་དེ་མིན་ནམ། འདས་པོ་ཁོང་ཏང་དང་རྒྱལ་ཁབ་ལ་དགའ་བ། མི་རིགས་དང་སློབ་གསོ་ལ་དགའ་བའི་རླབས་ཆེན་གྱི་བསམ་བློ་ལ་སློབ་སྦྱོང་བྱ་བར་འོས་ལ། འདིས་མི་བུ་ཞིག་གིས་རང་ཡུལ་ལ་བཅངས་པའི་བརྩེ་བ་གཟུགས་ཅན་དུ་མངོན་ཞིང་། ཡུལ་འདིའི་རྒན་རབས་པ་ཞིག་གིས་མི་རིགས་སློབ་གསོར་བཅངས་པའི་འདུན་པའང་གསལ་ལྷང་ངེར་མཚོན་པ་ཅི་ལ་མིན་ཞེས་བཤད་པ་རེད།
                                                                                                                                      རྩོམ་སྒྲིག་པ། སྐར་མ་འཚོ།