གསེར་དངུལ་རྩྭ་ཐང་སྟེང་གི་སྨན་པ་བཟང་པོ།
2019.04.23 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 81

མཛེས་སྡུག་ལྡན་པའི་མཚོ་སྔོན་པོ་འགྲམ་རྒྱུད་དང་།  འཆར་ཡན་གྱིས་གཏམས་པའི་གསེར་དངུལ་རྩྭ་ཐང་དུ། གནས་འདི་དང་འདྲ་བར་སེམས་པ་བཟང་པོའི་མི་ཞིག་ཡོད་དེ། འབྲོག་པ་ཚོས་ཁོའི་མིང་ལ་ཨ་ཁུ་སྨན་པ་ཞེས་འབོད་བཞིན་ཡོད།  ཁོ་ནི་གཞི་རིམ་ཞང་དང་གྲོང་བརྡལ་གྱི་འཕྲོད་བསྟེན་ཁང་གི་སྨན་པ་ཞིག་ནས་རྫོང་སྨན་ཁང་གི་བོད་སྨན་ཚན་ཁག་གི་འགན་ཁུར་བ་དང་། ཡོན་ཀྲང་གཞོན་པ་བྱས་མྱོང་བ་དང་། དེ་ནས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བོད་སྨན་ཁང་གི་ཡོན་ཀྲང་གཞོན་པ་དང་། ཡོན་ཀྲང་བྱས་མྱོང་། ཟླ་ཡི་ཁར་ལོ་མཐུད་དེ། ཁོས་བློ་གཅིག་སེམས་གཅིག་གིས་ནད་ལ་ལྟ་བའི་བླ་མེད་ཀྱི་སྤྱོད་བཟང་དང་སྨན་བཅོས་ལག་རྩལ་མཐོན་པོ་ལ་བརྟེན་ནས། མི་མང་པོའི་ཚེ་སྲོག་ལ་རེ་བ་བསྩལ། ཁོ་ནི་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བོད་སྨན་ཁང་གི་ཡོན་ཀྲང་རིན་ཆེན་རེད།

སྨན་བཅོས་བྱེད་མཁན་ཞིག་ཡིན་ཚེ། སྨན་པའི་དམིགས་བསལ་རང་བཞིན་དེ་ལག་རྩལ་མཐོན་པོ་དང་བྱ་བར་འགན་ཁུར་བའི་སྟེང་དུ་ཡོད་པར་མ་ཟད། ད་དུང་དཀའ་སྤྱད་སྡུག་རུས་ཡོད་པ་དང་ལྷག་བསམ་དག་པའི་གཅེས་སེམས་འབུལ་མཁན་ཞིག་ཡིན་པ་ཤེས་ཡོད།

ད་ལོ་ལོ་ང་གསུམ་ལ་སླེབས་པའི་ཨ་ཁུ་སྨན་པ་སྨན་ཁང་གི་ཡོན་ཀྲང་ཡིན་པའི་ཆ་ནས། བྱ་བར་ཧ་ཅང་བྲེལ་ཟིང་ཆེ་ཡང་། ཁོ་རང་ཉིན་རྒྱུན་སྒོ་བསྟེན་ཁང་དུ་ཡོང་ནས་ནད་པར་ལྟ་བཞིན་ཡོད་པ་དང་། ད་དུང་དུས་ཚོད་བཙལ་ནས་མཐའ་ཁུལ་གྱི་རོང་འབྲོག་ཁུལ་དུ་སོང་ནས་བསྐོར་བསྐྱོད་སྨན་བཅོས་བྱས་ཤིང་། ལོ་ངོ་སུམ་ཅུ་ལྷག་གི་རིང་ལ་བསྡོམས་པས་ནད་པ་ཁྲི་བཞི་ལྷག་གི་ནད་ལ་ལྟོས།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བོད་སྨན་ཁང་ལ་ནད་པ་ཞག་སྡོད་བྱེད་སའི་མལ་ཁྲི་བརྒྱ་དང་ལྔ་བཅུ་ཡོད་པ་དང་། རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོ་ནས་ཡོང་བའི་ནད་པ་ཡོད་པས་ནད་ཁྲིའི་འདང་ཀིན་མེད་ལ། སྒོ་བསྟེན་ཁང་དུ་ཉིན་རེར་ནད་ལ་ལྟ་མཁན་མང་དུས་ནད་པ་སྟོང་ལ་ཉེ་བ་ཙམ་ཡོད་པ་རེད།

ལོ་ངོ་སུམ་ཅུ་ལྷག་གི་རིང་ལ། རིན་ཆེན་ལ་ནད་ཐོག་ཉམས་མྱོང་ཕུན་སུམ་ཚོགས་པ་ལྡན་པ་མ་ཟད། བོད་ལུགས་གསོ་རིག་གི་ཁྱབ་ཁོངས་ཀྱི་མི་སྣ་ཁྱད་དུ་འཕགས་པ་ཞིག་ཡིན་པས། མཚོ་བྱང་བོད་ལུགས་གསོ་རིག་གི་སྣེ་ཁྲིད་མི་སྣ་ཞིག་ཏུ་གྱུར་ཡོད།

ལོ་ངོ་སུམ་ཅུ་ལྷག་གི་རིང་ལ། ཁོ་རང་མཚོ་བྱང་རྩྭ་ཐང་གི་གང་ས་གང་དུ་བསྐྱོད་མྱོང་བ་དང་། མི་དམངས་མང་ཚོགས་ལ་དགོས་མཁོ་བྱུང་ཚེ། ཁོ་རང་གནས་དེ་རུ་ཐོན་སྲིད། རང་གི་དཀའ་སྤྱད་ཀྱི་རྔུལ་ཁྲག་གིས་མི་དམངས་མང་ཚོགས་བདེ་ཐང་ཡོང་དུ་བཅུག་པ་དང་མང་ཚོགས་ཀྱིས་བསྟོད་བསྔགས་ཀྱང་ཐོབ།

རིན་ཆེན་གྱིས་རང་ཉིད་ལ་སྒྲིག་ལམ་ཞིག་བཙུགས་ཡོད་དེ། སྨན་ཐོ་མང་པོ་བྲིས་ནས་ནད་པར་སྨན་མང་པོ་མི་སྟེར་བ་དང་། དགོས་མཁོ་མེད་པའི་བརྟག་དཔྱད་མི་བྱེད་ལ། སྒོ་བསྟེན་ཁང་དུ་སྨན་བཅོས་བྱེད་ཐུབ་པའི་ནད་པ་ཞག་སྡོད་གཏན་ནས་བྱེད་དུ་འཇུག་མི་སྲིད། ཐེངས་གཅིག་ལ་ཐག་གཅོད་བྱེད་ཐུབ་པའི་ནད་པ་ཡང་བསྐྱར་འོང་བའི་དཀའ་ངལ་ལའང་མི་གཏོད། ང་ཚོ་གནས་འདིའི་མང་ཚོགས་ལ་དཀའ་ངལ་ཤིན་ཏུ་ཆེ། གལ་ཏེ་སྒོར་མོ་ཉུང་ཙམ་བོ་དེ་ཁྱེར་ཡོང་ནས་ནད་ལ་ལྟོས་རྗེས། འཚོ་བ་ཇི་ལྟར་རོལ་དགོས། ཁོ་ཚོར་དགོས་མེད་ཀྱི་འགྲོ་སྒོ་གཏོང་དུ་མི་འཇུག་རྒྱུ་ནི་ངའི་འགན་ཁུར་ཡིན་ཟེར། རིན་ཆེན་གྱིས་བློ་གཅིག་སེམས་གཅིག་གིས་མང་ཚོགས་བསམ་བཞིན་ཡོད་པ་དང་། བརྩེ་བ་དེ་མང་ཚོགས་དང་དཀྱུས་གཅིག་ཏུ་འབྲེལ་ཡོད།

སྨན་ཁང་ནང་དུ། བྱ་བར་བྲེལ་བ་ཧ་ཅང་ཆེ་བས་རིན་ཆེན་ལ་ཟ་མ་ཟ་ཁོམ་ཀྱང་མེད་པ་དང་། དུས་རྒྱུན་སྒོ་བསྟེན་གཞུང་སྒྲུབ་ཁང་དང་། སྐམ་ཁབ་དང་གཏར་ཁ་རྒྱག་ས་སོགས་སུ་འགྲོ་བཞིན་ཡོད། ཁོས་བཤད་པའི་སྐད་ཆ་ཆེས་མང་བ་ནི་ཡང་བསྐྱར་སོང་ནས་ནད་པར་ལྟ་ཞེས་པ་དེ་ཡིན། སྨན་པ་ཞིག་ཡིན་པའི་ཆ་ནས། ཁོས་རང་གི་ལས་གནས་ལ་བློ་དཀར་བ་དང་། ཡོན་ཀྲང་ཞིག་ཡིན་པའི་ཆ་ནས། ཁོས་ནན་ཏན་གྱིས་རང་གཅུན་བྱས་ཏེ། དགའ་བས་ངང་མི་ལ་སྣེ་ལེན་བྱས་ཏེ། ལྷག་བསམ་རྣམ་དག་གིས་མི་གཞན་ལ་སེམས་ཁུར་བྱེད་བཞིན་ཡོད་ལ། ནད་པ་དང་། ལས་བཟོ་པ་དང་དེའི་ཁྱིམ་མིར་རང་གི་ཁྱིམ་མི་ལྟར་བརྩི་བཞིན་ཡོད་པ་རེད།

རིན་ཆེན་གྱིས་ང་རྒྱལ་དང་བཅས་པའི་སྒོ་ནས་བཤད་རྒྱུར། “དུས་རྒྱུན་ནད་པ་ཚོས་ང་ལ་བཀའ་དྲིན་ཞུ་བ་དང་། དར་ཆ་གནང་སྐབས། རང་གི་འབད་བརྩོན་ལ་གྲུབ་འབྲས་སྨིན་པར་འདོད། འཇིག་རྟེན་སྟེང་གི་དངོས་པོ་མང་པོ་ཞིག་སྒོར་མོས་ཉོ་ཐུབ་ཡང་། སྨན་པས་མི་སྲོག་སྐྱོབ་པའི་ལས་རིགས་འདིས་མི་རྣམས་ལ་བསྩལ་བ་ནི་བསྐྱར་གསོན་གྱི་རེ་བ་དང་བདེ་ཐང་ཡིན། ང་རང་ཉིད་ཀྱིས་མི་ཚེ་གང་བོར་འདི་ལྟ་བུའི་ལས་རིགས་ཤིག་གཉེར་ཐུབ་པར་སེམས་གཏིང་ནས་ང་རྒྱལ་དང་གཟི་བརྗིད་ཀྱིས་ཁེངས་ཡོད”ཟེར།

སྨན་པ་ཞིག་ཡིན་པའི་ཆ་ནས། རིན་ཆེན་གྱིས་ལོ་བཅུ་ཉིན་གཅིག་ལྟར། གཞི་རིམ་ལ་རྐང་བཙུགས་ཏེ། དཀའ་སྤྱད་འབད་བརྩོན་བྱས་པས། སྨན་པའི་བྱམས་དང་བརྩེ་བ་ཆེན་པོས་མི་སྲོག་སྐྱོབ་པའི་རླབས་ཆེན་གྱི་བྱ་གཞག་ཁུར་ཏུ་བླངས་ནས་མང་ཚོགས་ཀྱི་བདེ་ཐང་སྲུང་ཡོད་པ་རེད། གལ་ཏེ་རིན་ཆེན་གྱི་ལུས་སྟེང་དུ་ལེ་ཧྥུན་གྱི་སྙིང་སྟོབས་ཅི་ཡོད་ཟེར་ན། དེ་ནི་དྲིན་ལན་མི་དགོས་པར་ཡོད་ཚད་ཕུལ་བ་དེ་ཡིན་སྲིད།

                                                                                                     ལོ་ཙཱ། ཚེ་རིང་སྒྲོལ་མ།