གུང་ཁྲན་ཏང་ཡོན་རྒན་པ་ཞིག་གི་བདེ་སྐྱིད་ཀྱི་རྩིས་ཐོ་ཞེས་པ་སྟེ།  ཏང་ཡོན་རྒན་པ་མཁའ་འགྲོ་ཐར་གྱི་གནས་ཚུལ་བཀོད་པ།
2019.07.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 70


མཁའ་འགྲོ་ཐར་ཀྱིས་བྲིས་པའི་ཁ་ཆེམས་ཡི་གེ

རྐང་ཚ་རྫོང་ཁྱོན་རྒྱས་ཞང་མི་རིགས་བཅའ་སྡོད་ཆ་ཚང་སློབ་ཆུང་གི་སློབ་མ་རྣམས་དགའ་སྤྲོའི་ངང་ཐག་མཆོང་རྩེད་བཞིན་པའི་རྣམ་པ། 
               
              

                                 མཁའ་འགྲོ་ཐར་བཟའ་ཟླ་གཉིས་དང་བུ་མོ་ཀླུ་མོ་སྐྱིད། 
                 
               མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གི་གུང་ཁྲན་ཏང་ཡོན་རྒན་པ་མཁའ་འགྲོ་ཐར་གྱིས་མི་ཚེ་གང་བོར་ཏང་གི་དྲིན་ལན་ཚོར་ཞིང་ཚེ་གང་བོར་དཀའ་སྤྱད་འབད་བརྩོན་གྱིས་འཚོ་བའི་ཐད་གྲོན་ཆུང་བྱེད་ཅི་ཐུབ་བྱེད་བཞིན་ཡོད། ཁོས་ཁ་ཆེམས་བཞག་པ་ནི་འདི་ལྟ་སྟེ། ཏང་རྩ་འཛུགས་ཀྱི་དམིགས་གསལ་གྱི་ཏང་དངུལ་སྒོར་ཁྲི་གཅིག་དང་སྨན་བཅོས་འགྲོ་གྲོན་གྱི་དངུལ་སོགས་བཏང་རྗེས་དངུལ་བྱང་ནང་གི་གསོག་དངུལ་ཡོད་ཚད་མ་ཡུམ་སློབ་གྲྭར་ཞལ་འདེབས་སུ་ཕུལ་བ་དང་ཁྱོན་བསྡོམས་སྒོར་མོ་ཁྲི་ལྔ་བཅུ་ང་གཅིག་ལྷག་བཏང་། ཏང་ཡོན་རྒན་པ་མཁའ་འགྲོ་ཐར་གྱི་ཡ་རབས་གཞུང་དྲང་གི་བྱ་སྤྱོད་ལ་སྤྱི་ཚོགས་སྟེང་དུ་གདེང་འཇོག་ཆེན་པོ་བྱེད་བཞིན་ཡོད་ལ། མཚོ་བྱང་ཁུལ་གྱི་ཏང་ཡོན་ལས་བྱེད་པ་ཡོངས་ཀྱིས་ཏང་ཡོན་རྒན་པ་མཁའ་འགྲོ་ཐར་ལ་སློབ་སྦྱོང་བྱེད་པའི་ཚོགས་འདུ་བསྡུས། 

    རྩིས་ཐོ་འདི་ནི་བདེ་སྐྱིད་ལྡན་ཞིང་དེ་ནི་བརྩེ་དུང་ཟབ་པའི་མངགས་བཅོལ་ཞིག་ཡིན་པ་དང་སྒེར་སེམས་མེད་པའི་བརྩེ་སེམས་ཤིག་ཀྱང་ཅི་ལ་མིན།མངག་བཅོལ་མཁན་གྱི་མིང་ལ་མཁའ་འགྲོ་ཐར་ཟེར་ལ་མངག་བཅོལ་བྱ་ཡུལ་ནི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་ཁྱོན་རྒྱས་ཞང་མི་རིགས་བཅའ་སྡོད་ཆ་ཚང་སློབ་ཆུང་རེད།

ཚེ་ལས་འདས་པའི་མཁའ་འགྲོ་ཐར་ནི་ངོ་མཚར་གཏམ་རྒྱུད་ཡོད་པའི་ཏང་ཡོན་རྒན་པ་ཞིག་ཡིན་ཏེ། ཁོས་ཏང་རྩ་འཛུགས་ལ་སྒོར་ཁྲི་གཅིག་གི་དམིགས་བསལ་གྱི་ཏང་དངུལ་སྤྲད་པ་དང་སྨན་བཅོས་གྲོན་དངུལ་སྤྲད་རྗེས་ཤུལ་དུ་ལུས་ཡོད་པའི་རང་ཉིད་ཀྱི་གསོག་དངུལ་མཐའ་དག་གཅིག་ཀྱང་མ་ལུས་པར་རང་གི་མ་ཡུམ་སློབ་གྲྭར་ཞལ་འདེབས་སུ་ཕུལ་རྗེས་ང་ཚོའི་མིག་ལམ་དུ་མཐོང་བྱུང་བ་ནི་རྩིས་ཐོ་འདི་ལས་མ་འདས།དུས་དེ་ནས་བཟུང་མཁའ་འགྲོ་ཐར་ཞེས་པའི་མིང་འདི་ཡུལ་དངོས་མི་འདྲ་བ་དང་མི་མང་ས་ན་ཡང་དང་བསྐྱར་དུ་གླེང་གིན་འདུག་པས་ང་ཚོས་ཐེངས་མང་དུ་གོ་མྱོང་།

 ཁོང་གིས་ངོ་མཚར་བའི་གཏམ་རྒྱུད་འདིས་ང་ཚོ་ལ་མཁའ་འགྲོ་ཐར་གྱི་གཏམ་རྒྱུད་ཤེས་འདོད་ཀྱི་འདུན་པ་རབ་ཏུ་སྐྱེས། ལྷག་པར་དུ་“རྩིས་ཐོ”འདིའི་གསང་བར་རྒྱུས་ལོན་བྱེད་འདོད་པའི་བསམ་བློ་ཞིག་ངང་ངམ་ཤུགས་ཀྱིས་སྐྱེས་བྱུང་། བདེ་སྐྱིད་རྩིས་ཐོ་ནང་གི་བདེ་སྐྱིད་ཀྱི་མངག་བཅོལ་དེའི་གཏམ་རྒྱུད་ནི་ཉིས་སྟོང་བཅུ་དགུ་ལོའི་ཟླ་གསུམ་པའི་ཚེས་བཅུ་དགུ་ཉིན་ནས་བཟུང་རྐང་ཚ་རྫོང་ཁྱོན་རྒྱས་ཞང་མི་རིགས་བཅའ་སྡོད་ཆ་ཚང་སློབ་ཆུང་ལ་དམིགས་བསལ་ཅན་གྱི་སློབ་སྒྲུབ་ཞལ་འདེབས་རོགས་སྐྱོར་གྱི་མ་དངུལ་གནང་བའི་མཛད་སྒོ་དེ་ལས་མགོ་རྩོམ་དགོས་པ་ཞིག་རེད།

ཁ་ཆེམས་འདི་དང་ཤུལ་བཞག་རྒྱུ་རྫས་འདི་ལས་བདེ་སྐྱིད་ཀྱི་རྩིས་ཐོ་འདི་གྲུབ་པ་རེད། མཁའ་འགྲོ་ཐར་གྱིས་རང་ཉིད་ཀྱི་མི་ཚེ་གང་བོའི་དཀའ་སྡུག་གི་དངུལ་ཁྲག་ལས་བྱུང་བའི་གསོག་དངུལ་ཡོད་ཚད་སློབ་གྲྭ་འདི་ལ་ཞལ་འདེབས་སུ་ཕུལ་བ་རེད།

ཞལ་འདེབས་མཛད་སྒོའི་སྟེང་ཁྱོན་རྒྱས་ཞང་མི་རིགས་བཅའ་སྡོད་ཆ་ཚང་སློབ་ཆུང་གི་སློབ་གཙོ་གཞོན་པ་ཧུའུ་ཅི་ཏུང་གིས་ཡིད་འགུལ་ཐེབས་པའི་སྒོ་ནས་བཤད་རྒྱུར། “དེ་རིང་ང་ཚོའི་སློབ་གྲྭ་ལ་དམིགས་བསལ་གྱི་ཞལ་འདེབས་ཤིག་འབྱོར་བ་རེད། འདི་ལས་ཏང་ཡོན་རྒན་པ་མཁའ་འགྲོ་ཐར་གྱིས་རང་གི་མ་ཡུམ་སློབ་གྲྭ་ལ་བཅངས་པའི་བརྩེ་བ་ཟབ་མོ་དེ་མཚོན་ཡོད་ལ། ང་ཚོས་ཐོག་མར་སྒོར་མོ་འདིས་དཀའ་ཁག་ཅན་གྱི་སློབ་མར་རོགས་སྐྱོར་དང་། སློབ་གྲྭའི་དཔེ་ཆ་ཁག་ཅིག་གསར་བརྗེས་བྱས་ཏེ་ཆད་ལྷག་བྱུང་བའི་དཔེ་ཆའི་སྟོང་ཆ་སྐོང་བ། དེ་ལས་གཞན་སློབ་གྲྭར་མྱུར་མཁོའི་སློབ་ཁྲིད་ཀྱི་ཡོ་བྱད་དང་མཁོ་ཆས་སོགས་ཉོ་དགོས་ཟེར། ”

ཉིན་གསུམ་གྱི་རྗེས་སུ་གསར་འགོད་པ་རྐང་ཚ་རྫོང་ཁྱོན་རྒྱས་ཞང་མི་རིགས་བཅའ་སྡོད་ཆ་ཚང་སློབ་གྲྭའི་གཞུང་ལས་ཁང་དུ་བསྐྱོད་པ་ན། སློབ་གཙོ་ཀུན་བཟང་དོན་གྲུབ་དང་དགེ་རྒན་ཚོས་བྱམས་བརྩེ་ལྡན་པའི་ཏང་ཡོན་རྒན་པ་མཁའ་འགྲོ་ཐར་གྱིས་སྦྱིན་པ་བཏང་བའི་མ་དངུལ་ལ་ཅི་ལྟར་དོ་དམ་བྱ་དགོས་པའི་སྐོར་ལ་འཆར་འགོད་བྱེད་བཞིན་པའི་སྒང་རེད། ཁོང་གིས་ཁྱོན་བསྡོམས་སྒོར་ཁྲི་ལྔ་བཅུ་ང་གཅིག་ཞལ་འདེབས་སུ་ཕུལ་བའི་མ་དངུལ་ལ་ཚད་ཡོད་ནའང་ད་ལྟ་སློབ་གྲྭར་འགྲོ་བཞིན་པའི་ཕ་ཡུལ་མི་དམངས་ཀྱི་བྱིས་པ་ཚོའི་རིག་གནས་ཤེས་བྱ་སྦྱངས་འདོད་ཀྱི་སྐོམ་པ་ཆུ་འདོད་ལྟ་བུའི་འདུན་པ་བསྐངས་སོང་བས།   འདི་ནི་ཕལ་བའི་མི་སྣ་ཞིག་གིས་སློབ་གསོ་ལ་བཅངས་པའི་བསམ་པའི་རྒྱུ་ནོར་རླབས་ཆེན་ཞིག་ཡིན་ལ་ཁོང་གི་བླ་ན་མེད་པའི་སྙིང་སྟོབས་འདི་ནི་ནམ་ཡིན་རུང་ཕ་ཡུལ་མི་དམངས་ཀྱི་སེམས་སུ་ཉར་ཡོད་ལ་ཕ་ཡུལ་གྱི་མི་རྣམས་ལ་མཚོན་ན་འདི་ནི་རྫོགས་མཐའ་མེད་པ་ཞིག་རེད།

ཀུན་བཟང་དོན་གྲུབ་ཀྱིས་བཤད་རྒྱུར། མཁའ་འགྲོ་ཐར་གྱི་བྱམས་བརྩེ་ལྡན་པའི་མ་དངུལ་གྱིས་སློབ་གྲྭར་ཕན་འབྲས་བཟང་བོ་ཞིག་ཐོབ་ཆེད། སློབ་སྒྲུབ་ཀྱི་མཁོ་ཆས་འཐུས་ཚང་དུ་བཏང་བ་དང་ལྷག་པར་དུ་སློབ་མ་རྣམས་ལ་ཤེས་རིག་གིས་མིའི་ལས་དབང་ལ་ཁ་ལོ་བསྒྱུར་ཐུབ་ཅེས་པ་འདི་ནི་མཁའ་འགྲོ་ཐར་གྱིས་བྱིས་པ་ཚོར་བཅངས་པའི་མངག་བཅོལ་ཉག་ཅིག་རེད། མཁའ་འགྲོ་ཐར་ལ་མཚོན་ནས་བཤད་ན་ཁོང་གིས་རེ་བ་ཡོད་ཚད་བྱིས་པ་ཆོར་བཅངས་ཡོད་པ་དང་།  ཤེས་རིག་གིས་ཁོ་ཚོའི་ལས་དབང་བསྒྱུར་ནས་ཕ་ཡུལ་འཛུགས་བསྐྲུན་བྱས་ཏེ་ཕ་ཡུལ་གྱི་རྣམ་པ་བསྒྱུར་དགོས་པ་འདི་ནི་བདེ་སྐྱིད་ཀྱི་མངག་བཅོལ་ཞིག་ཅི་ལ་མིན།

མཁའ་འགྲོ་ཐར་གྱི་མི་ཚེའི་བརྒྱུད་ལམ་རིང་མོའི་ཁྲོད་མི་མང་པོ་ཞིག་གིས་ཁོའི་བླ་ན་མེད་པའི་མི་གཤིས་བཟང་བོའི་ངོ་མཚར་གྱི་གཏམ་རྒྱུད་འདི་ལ་དགའ་མགུ་དང་ཡིད་རང་བྱེད་བཞིན་ཡོད་པ་རེད།
                                                                                                                                   ལོ་ཙཱ་བ། སྐར་མ་མཚོ།