དུས་ཚོད་གང་ལ་གང་འཚམ་ཞིག་སོང་རྗེས་ལོ14ལ་སླེབས་པའི་བྱམས་པ་ལྷ་མོའི་སྒལ་རུས་ཀྱི་ནད་དྲག་སྐྱེད་བྱུང་ནས་འགྲོ་ཐུབ་པ་བྱུང་། “ང་རང་སླར་ཡང་སློབ་གྲྭར་འགྲོ་ཐུབ་པ་བྱུང་བ་མ་ཟད་གྲོགས་པོ་ཆུང་ཆུང་ཚོ་དང་མཉམ་དུ་རྩེད་མོ་རྩེད་རྒྱུ་བྱུང་སྐབས་ངའི་སེམས་ནང་དགའ་བ་དཔག་མེད་སྐྱེས་འོང”ཞེས་བྱམས་པ་ལྷ་མོས་དེ་ལྟར་བཤད་བྱུང་།
2007ལོ་ནས་ད་བར་ཝང་ཞུའེ་ཅུན་ཁོམ་སྐབས་ཀྱི་དུས་སུ་ཆ་སྙོམས་ས་བབ་མཐོ་ཚད་སྨི་4000ཙམ་ཟིན་པའི་ས་མཐོའི་བོད་རིགས་ས་ཁུལ་དུ་ཡོང་སྟེ། ཉིན་བརྒྱ་ལྷག་གི་རིང་ལ་བཅའ་སྡོད་སྨན་བཅོས་དང་སྐོར་བསྐྱོད་སྨན་བཅོས་བྱས་ཏེ་འབྲོག་པ་མང་ཚོགས་བརྒྱ་ལྷག་ཙམ་ལ་རོགས་རམ་བྱས་ཡོད།
ཝང་ཞུའེ་ཅུན་གྱིས་རྟག་ཏུ་རྫ་དུག་ཕོག་པ་ཁྱད་དུ་བསད་དེ་ནད་པར་གཤགས་བཅོས་བྱེད་བཞིན་ཡོད་པ་དང་། ནད་པ་མང་དུས་སུ་མི་བརྒྱ་ལྷག་ལ་གཤགས་བཅོས་བྱས་མྱོང་།
དབྱར་གཞུང་དུ་འབྲི་ཆུའི་མགོ་ཁུངས་ཀྱི་ལྗང་ཐིང་ངེར་གནས་པའི་ནེའུ་གསིང་ཐོག་མེ་ཏོག་སྣ་ཚོགས་རབ་ཏུ་བཞད་ཅིང་། རླངས་འཁོར་ལ་བསྡད་ནས་ལྷུང་ལྷུང་དུ་འབབ་པའི་འཇུ་ལག་ཆུ་བོ་དེད་དེ་བྱང་ཕྱོགས་སུ་བསྐྱོད་མཐར་རི་གྲོང་ཅིག་ཏུ་ཐོན།
ཡུལ་དེར་འབྱོར་མ་ཐག་གསར་འགོད་པ་མཚོ་སྔོན་རྒྱ་གྲམ་དམར་པོའི་སྨན་ཁང་གི་སྦྲིད་སྨན་ཚན་ཁག་གི་སྨན་པ་ཝང་ཞུའེ་ཅུན་དང་མཉམ་དུ་མཁར་སྐྱིད་གྲོང་ཚོའི་དབྱར་ཁའི་རྩྭ་རར་སྐོར་སྐྱོད་སྨན་བཅོས་བྱེད་པར་བསྐྱོད། ཐག་མི་རིང་བའི་སྦྲ་གུར་ཞིག་ནས་དུ་བ་ལྷོག་ལྷོག་ཏུ་འཕྱུར་ཞིང་། ལག་ཏུ་ཁ་བཏགས་འཁྱེར་བ་དང་། ལུས་ལ་གཟབ་མཆོར་སྤྲས་པ། གདོང་ལ་འཛུམ་གྱིས་ཁེངས་པའི་ཀུན་བཟང་ཚང་གི་བཟའ་མི་གང་པོས་སྔ་མོ་ནས་སྨན་པ་ཝང་ཞུའེ་ཅུན་སོགས་ལ་སྒུག་བསྡད་ཡོད།
“སྨན་པ་ལགས་ཡར་ཕེབས། སྨན་པ་ལགས་ཡར་ཕེབས”ཞེས་ཀུན་བཟང་གི་བུ་མོ་ཚོས་ཝང་ཞུའེ་ཅུན་སོགས་སྦྲ་གུར་ནང་གདན་དྲངས། ཁོ་ཚོའི་ངོས་ཐད་ནས་བཤད་ན་རྒྱ་རིགས་སྨན་པ་ཝང་ཞུའེ་ཅིན་ནི་ཁོ་ཚང་ལ་བཀའ་དྲིན་ཤིན་ཏུ་ཆེ་བའི་སྨན་པ་བཟང་པོ་ཞིག་རེད།
ཀུན་བཟང་ཚང་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་འབྲི་སྟོད་ཞང་མཁར་སྐྱིད་གྲོང་ཚོར་ཡོད་ལ། བཟའ་ཟླ་གཉིས་ལ་བུ་མོ་བཞི་ཡོད་པ་ལས་བུ་མོ་གཅིག་ལ་ལྷན་སྐྱེས་རང་བཞིན་གྱི་སྒལ་རུས་འཁྱོག་ནད་བྱུང་ཡོད་པ་དང་། གཞན་ཞིག་ལ་རླངས་སྣུམ་འབར་ཏེ་འཚིག་རྨས་བྱུང་ནས་མཛུབ་མོ་ལྔ་པོ་རྐྱང་སྐུམ་མི་ཐུབ་པར་གྱུར་པ། 2017ལོའི་ལོ་མཇུག་ཏུ་ཀུན་བཟང་གི་བུ་མོ་གཞན་ཞིག་གཟབ་གཟབ་མ་བྱས་པའི་རྐྱེན་གྱིས་མ་ཎི་རྡོ་ཕུང་ལོག་ནས་རུས་པར་ཆག་སྐྱོན་བྱུང་བ་རེད།
ཁྲི་འདུ་རྫོང་མི་དམངས་སྨན་ཁང་དུ་བཅའ་སྡོད་སྨན་བཅོས་རོགས་སྐྱོར་བྱེད་བཞིན་པའི་སྨན་པ་ཝང་ཞུའེ་ཅུན་གྱིས་ཀུན་བཟང་ཚང་གི་ཆ་རྐྱེན་དེ་འདྲ་མི་བཟང་བ་ཤེས་རྗེས། ས་གནས་ཁག་གི་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་དང་འབྲེལ་བ་བྱས་ཏེ་གྲོན་དངུལ་མི་ཉུང་བ་ཞིག་གྲབས་གསོག་བྱས་ནས་ནད་ཀྱིས་མནར་བའི་ཀུན་བཟང་གི་བུ་མོ་གསུམ་པོ་ཟི་ལིང་གྲོང་ཁྱེར་གྱི་མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ། སྒལ་རུས་འཁྱོག་ནད་ཚབས་ཆེ་བའི་བྱམས་པ་ལྷ་མོར་སྔ་རྗེས་སུ་གཤགས་བཅོས་ཐེངས་ལྔ་བྱས།
ཀུན་བཟང་གིས་བུ་མོ་འཁྲིད་ནས་ཟི་ལིང་དུ་སྨན་བཅོས་བྱེད་པར་བསྐྱོད་ཐེངས་རེར་མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་གིས་ང་ཚོར་ཆེད་དུ་ནད་ཁང་མཁོ་འདོན་བྱས་པ་མ་ཟད། སྨན་པ་ཝང་ཞུའེ་ཅུན་གྱིས་སྒེར་ཐོག་ནས་སྒོར་མོ་བྱིན་ནས་ང་ཚོར་རོགས་རམ་མི་ཉུང་བ་བྱས་པ་ཡིན་ཞེས་གསར་འགོད་པར་དེ་ལྟར་བཤད་བྱུང་།
ཀུན་བཟང་ཚང་དང་འདྲ་བར་སྨན་པ་ཝུང་ཞུའེ་ཅུན་གྱི་རོགས་རམ་ཐོབ་པའི་འབྲོག་ཁྱིམ་ད་དུང་མི་ཉུང་བ་ཞིག་ཡོད། མཁར་སྐྱིད་གྲོང་ཚོ་ནས་ཁ་བྲལ་རྗེས་གསར་འགོད་པས་སྨན་པ་ཝང་ཞུའེ་ཅུན་གྱི་གཉེན་ཉེ་དང་ལས་རོགས་མང་པོ་ཞིག་ལ་བཅར་འདྲི་བྱས་པ་ན། སྨན་པ་ཝང་ཞུའེ་ཅུན་ནི་ས་མཐོའི་བོད་རིགས་ས་ཁུལ་ལ་ཐུན་མོང་མ་ཡིན་པའི་བརྩེ་དུང་ བཅངས་མཁན་ཞིག་ཡིན་ཞེས་ཡུལ་མི་ཚོས་བསྟོད་བསྔགས་བྱེད་ཞོར་དེ་ལྟར་བཤད་བྱུང་།
ཡུལ་ཤུལ་ཁུལ་གྱི་ལས་བྱེད་པ་ཚོས། 2007ལོ་ནས་ད་བར་ཝང་ཞུའེ་ཅུན་ཁོམ་སྐབས་ཀྱི་དུས་སུ་ཆ་སྙོམས་ས་བབ་མཐོ་ཚད་སྨི་4000ཙམ་ཟིན་པའི་ས་མཐོའི་བོད་རིགས་ས་ཁུལ་དུ་ཡོང་སྟེ། ཉིན་བརྒྱ་ཙམ་ལ་བཅའ་སྡོད་སྨན་བཅོས་དང་སྐོར་བསྐྱོད་སྨན་བཅོས་བྱས་པ་དང་ཕྱོགས་སོ་སོའི་ཐོན་ཁུངས་དང་སྟོབས་ཤུགས་སྐུལ་སློང་ཧུར་ཐག་བྱས་ཏེ་འབྲོག་པ་མང་ཚོགས་བརྒྱ་ལྷག་ཙམ་ལ་རོགས་རམ་བྱས་ཡོད་ཅེས་གསར་འགོད་པར་དེ་ལྟར་བཤད་བྱུང་།
ཁྲི་འདུ་རྫོང་སློབ་གསོ་ཅུས་ཀྱི་ལས་བྱེད་མི་སྣས། ལོ་འདི་དག་གི་རིང་ལ་སྨན་པ་ཝང་ཞུའེ་ཅུན་གྱིས་ཕྱོགས་ཡོངས་ཀྱི་རོགས་རམ་བརྩོན་ལེན་བྱས་ཏེ་ཡུལ་དེ་གའི་ཐག་རིང་ལུང་ཁུག་གི་སློབ་གྲྭ་མང་ཆེ་བར་བསྐྱོད་ནས་བྱིས་པ་ཚོར་དཔེ་ཁུག་དང་། གྱོན་གོས། ཉལ་ཆས་བཅས་ཞལ་འདེབས་བྱས་པ་མ་ཟད། སློབ་ཆུང་འགའ་ཞིག་ཏུ་དཔེ་མཛོད་ཁང་ཡང་བསྐྲུན་ཡོད་ཅེས་གསར་འགོད་པར་དེ་ལྟར་བཤད་བྱུང་།
ཡུལ་ཤུལ་ཁུལ་ནང་ཆེན་རྫོང་མི་དམངས་སྨན་ཁང་གི་སྨན་བཅོས་མི་སྣས། སྨན་པ་ཝང་ཞུའེ་ཅུན་གྱིས་རྟག་ཏུ་རྫ་དུག་ཕོག་པ་ཁྱད་དུ་བསད་དེ་ནད་པར་གཤགས་བཅོས་བྱས་པ་ཡིན་ལ། ལོར་གཤགས་བཅོས་བྱས་ཚད་ནད་པ105ཙམ་བསླེབས་ཡོད། སྨན་པ་ཝང་ཞུའེ་ཅུན་གྱི་སྐུལ་ཁྲིད་འོག་ས་གནས་དེ་གའི་སྨན་ཁང་གི་སྦྲིད་སྨན་རྒྱག་པའི་ལག་རྩལ་བརྟན་བརླིང་ངང་ཇེ་མཐོར་སོང་ཞིང་། ད་ལྟ་སྨན་ཁང་འདི་ནས་རྙོག་འཛིང་ཆེ་བའི་གཤགས་བཅོས་འགའ་ཞིག་ཀྱང་བྱེད་ཐུབ་ཀྱི་ཡོད་ཅེས་གསར་འགོད་པར་དེ་ལྟར་བཤད་བྱུང་།
ཞི་ཨན་ཞིས་ཅིན་སྨན་ཁང་གི་སྨན་པས། ལས་གྲོགས་ཚོ་ཝང་ཞུའེ་ཅུན་གྱི་ཁ་པར་ལེན་རྒྱུར་ཅུང་སུན་ཞིང་། ཉེ་བའི་ལོ་ཤས་རིང་ཞིང་ཆེན་མང་པོ་ཞིག་ནས་ཡོང་བའི་སྨན་བཅོས་དཔུང་ཁག་གིས་ཝང་ཞུའེ་ཅུན་གྱི་གདན་ཞུས་ལྟར་རང་ཉིད་ཀྱིས་སྨན་བཅོས་སྒྲིག་ཆས་དང་མ་དངུལ་འཁྱེར་ཏེ་ཡུལ་ཤུལ་གྱི་ས་ཁུལ་ཁག་གི་སྨན་ཁང་ལ་རོགས་རམ་བྱས་ནས་ཅུང་སྔོན་ཐོན་གྱི་སྨན་བཅོས་ཀྱི་འདུ་ཤེས་ཁྱབ་སྤེལ་བཏང་ཡོད་ཅེས་གསར་འགོད་པར་དེ་ལྟར་བཤད་བྱུང་།
ལས་གྲོགས་ཚོའི་སེམས་ངོར་ཝང་ཞུའེ་ཅུན་ནི་ས་མཐོར་ལྷད་མེད་བརྩེ་སེམས་བཅངས་མཁན་ཞིག་ཡིན་ཞིང་། ཁོ་ལ་ནམ་ཡང་རོགས་རམ་བྱས་ཚར་མེད་པའི་ཡུལ་མི་མང་པོ་ཡོད། ཁོའི་འབད་བརྩོན་དང་རྒྱུན་འཁྱོངས་ལྷོད་མེད་འོག ཉེ་འཁོར་གྱི་མི་རྣམས་ལ་དྲོད་སྐྱིད་ཐོབ་པ་དང་དྲང་ནུས་ཁྱབ་སྤེལ་བྱུང་བ་མ་ཟད། མཐར་ཕྱོགས་སོ་སོའི་གཅེས་སེམས་དེ་བས་མང་བ་གཅིག་ཏུ་བསྒྲིལ་ནས་མི་རྣམས་ཀྱི་དཀའ་སྡུག་སེལ་ཐུབ་ངེས་རེད།
དེ་བས་ཁྱིམ་མི་ཚོའི་སེམས་སྟེང་དུ་ཝང་ཞུའེ་ཅུན་ནི་རང་དོན་མི་བསམ་མཁན་ཞིག་དང་རང་གི་ཁྱིམ་ཚང་གི་དོན་དག་ལ་དེ་བས་ཀྱང་ཁ་ཡ་བྱེད་མི་ཤེས་མཁན་ཞིག་རེད།
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།