མཚོ་བོད་མཐོ་སྒང་ནས་ཧུའུ་པེ་གཤོངས་སར་རོགས་རམ་དུ་བསྐྱོད་པ།
2020.03.23 ཁུངས། མི་དམངས་དྲ་བ། ཀློག་གྲངས། 51

 — ཧུའུ་པེར་རོགས་སྐྱོར་བྱེད་མཁན་མཚོ་སྔོན་ཞིང་ཆེན་སྨན་བཅོས་རུ་ཁག་གི་བུད་མེད་སྨན་པ་ཏའེ་ཁྲུན་གྱི་གནས་ཚུལ་བཀོད་པ།

ཝུའུ་ཧན་དུ་རིམས་ནད་འགོག་སྲུང་བྱེད་པའི་ཉིན40ཡི་རིང་། ཏའེ་ཁྲུན་དང་ཁོ་མོའི་ལས་གྲོགས་ཚོར་ཐུགས་རྗེ་ཆེ་ཞུ་མཁན་མང་པོ་ཡོད་ལ། ནད་པ་མི་ཉུང་བ་ཞིག་གིས་ཁོ་ཚོ་དང་མཉམ་དུ་པར་བརྒྱབ་ནས་ཁོ་ཚོར་བསྔགས་བརྗོད་བྱེད་ཅིང་། ཏའེ་ཁྲུན་གྱིས“ང་ཚོ་སྤྲོ་སྣང་ཆེ་ཤོས་ཀྱི་དུས་ནི་ནད་པའི་ནད་གཞི་དྲག་སྐྱེད་བྱུང་བའམ་ཡང་ན་དྲག་སྐྱེད་བྱུང་ནས་སྨན་ཁང་ནས་འབུད་སྐབས་ང་ཚོར་ཐུགས་རྗེ་ཆེ་ཞེས་བརྗོད་པ་དེ་ཡིན་ལ། དངོས་གནས་སེམས་གཏིང་ནས་དགའ་སྣང་སྐྱེ་བ་ཞིག་རེད”ཅེས་བཤད་བྱུང་།

ཞོགས་པའི་ཆུ་ཚོད་བརྒྱད་ཀྱི་སྟེང་། ཏའེ་ཁྲུན་གྱིས་འགོག་སྲུང་གྱོན་ཆས་གོན་པ་དང་། ཁ་རས་དང་མིག་སྲུང་མིག་ཤེལ་བརྒྱབ་ནས་ནད་ལྕི་མོའི་ལྟ་སྐྱོང་ཁང་དུ་སོང་ནས་སྨན་བཅོས་མི་སྣ་གཞན་དག་དང་མཉམ་དུ་ནད་ཁང་ཞིབ་བཤེར་དང་ལྷན་འཛོམས་ནད་དཔྱད་བྱས་ཏེ་ཉིན་གཅིག་གི་བྲེལ་འཚུབ་ཆེ་བའི་ལས་ཀ་བྱེད་འགོ་ཚུགས། ནད་ལྕི་མོའི་ནད་པར་སྐྱོབ་བཅོས་བྱེད་སྐབས། ནད་དུག་དང་འཐབ་བཞིན་པའི་ཏའེ་ཁྲུན་གྱིས་དུས་ཚོད་ཇི་ཙམ་འགོར་བ་ཚོར་གྱི་མེད།

ཧུའུ་པེར་རོགས་སྐྱོར་བྱེད་མཁན་མཚོ་སྔོན་ཞིང་ཆེན་སྨན་བཅོས་རུ་ཁག་གི་སྨན་བཅོས་མི་སྣ་ཉིས་བརྒྱ་དང་སོ་དགུ་ཡི་ཁྲོད་བུད་མེད་རུ་མི་བརྒྱ་དང་གོ་དགུ་ཡོད་པ་དེས་རུ་མི་ཡོངས་ཀྱི་བསྡུར་གྲངས་གྱི་བཅུ་ཆའི་གྱ་གསུམ་དང་གྲངས་ཆུང་གསུམ་ཟིན་ཡོད། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་དང་པོའི་ནད་ལྕིའི་གསོ་རིག་ཚན་ཁག་གི་ཀྲུའུ་རིན་གཞོན་པ་ཏའེ་ཁྲུན་ནི་མདོ་དབུས་མཐོ་སྒང་ནས་ཝུའུ་ཧན་ལ་རོགས་སྐྱོར་བྱེད་པར་བསྐྱོད་པའི“གསར་བརྗེའི་བུད་མེད་དམག”གི་ཁོངས་མི་ཞིག་རེད།

སྨན་བཅོས་བྱ་བར་ཞུགས་ནས་ལོ་ངོ34འགོར་བའི་ཏའེ་ཁྲུན་མཚོ་སྔོན་གྱི་རོང་འབྲོག་ཁུལ་གྱི་ས་ཕྱོགས་གང་སར་བསྐྱོད་མྱོང་། རིམས་ནད་བྱུང་རྗེས་ས་མཐོ་ནས་ཐང་གཤོངས་སུ་བསྐྱོད་དེ། ཁོ་མོས་ཐོག་མཐའ་བར་གསུམ་དུ་རིམས་ནད་ཀྱི་འཐབ་ས་དང་པོར་འབད་འཐབ་ལྷོད་མེད་བྱས།

ཟླ་1ཚེས་27ཉིན་གྱི་ཕྱི་དྲོ། ཝུའུ་ཧན་ལ་རོགས་སྐྱོར་བྱེད་པར་སྐྱོད་དགོས་པའི་བརྡ་ཐོ་འབྱོར་སྐབས། ལོ58ལ་སླེབས་པའི་ཏའེ་ཁྲུན་གྱིས་སྨན་ཁང་དུ་པྲོག་གསར་གློ་ཚད་ཕོག་པའི་དོགས་ཡོད་ནད་པ་ཞིག་ལ་ནད་གཞི་བརྟག་དཔྱད་བྱེད་བཞིན་ཡོད་པ་དང་། ཉིན་གཉིས་པར་ཏའེ་ཁྲུན་ཚུད་པའི་སྨན་བཅོས་མི་སྣ་བརྒྱ་དང་སོ་བདུན་ལས་གྲུབ་པའི་མཚོ་སྔོན་གྱི་སྨན་བཅོས་རུ་ཁག་ཁག་དང་པོ་གནམ་གྲུར་བསྡད་ནས་ཐད་ཀར་ཝུའུ་ཧན་ལ་བསྐྱོད་པ་རེད།

ཏའེ་ཁྲུན་གྱིས་བཤད་རྒྱུར། ལོ་བཅུ་ཡི་སྔོན་དུ་ཡུལ་ཤུལ་ལ་ས་འགུལ་བྱུང་སྐབས་རྒྱལ་ཡོངས་མི་དམངས་ཀྱིས་མཚོ་སྔོན་ལ་རོགས་སྐྱོར་གང་མང་བྱས་ཡོད། ལོ་བཅུའི་རྗེས་སུ་ཧུའུ་པའེ་ཡི་རིམས་ནད་གནས་བབ་ཛ་དྲག་ཆེ་བས་ང་ཚོས་ངེས་པར་དུ་ཕན་ཚུན་ལ་རོགས་རམ་བྱེད་དགོས་ཟེར།

ཝུའུ་ཧན་གྲོང་ཁྱེར་ཞིན་ཀྲོའུ་ཆུས་མི་དམངས་སྨན་ཁང་གི་ནད་ལྕིའི་ལྟ་སྐྱོང་ཁང་དུ་ཧ་ཅང་མཐུག་ལ་ལྗིད་པའི་འགོག་སྲུང་གྱོན་ཆས་གོན་ནས་བྱ་བར་བྲེལ་བཞིན་པའི་ཏའེ་ཁྲུན་ལ་མཚོན་ན་གྱོན་ཆས་དེ་ནི་འགུལ་སྐྱོད་སྟབས་མི་བདེ་ལ་ནང་འཇམ་ཀྱང་བརླན་ཆེ་བ་ཞིག་ཡིན་ལ། རང་གི་མིག་ཤེལ་སྟེང་འགོག་སྲུང་མིག་ཤེལ་བརྒྱབ་པས་ཁོ་མོའི་མཐོང་ལམ་ཀྱང་རབ་རིབ་ཏུ་གྱུར། ནད་ཐོག་སྨན་བཅོས་བྱེད་པ་ལས་གཞན་ད་དུང་ཏའེ་ཁྲུན་གྱིས་རང་འགུལ་ངང་ནད་པའི་ལུས་པོར་འཕུར་མཉེད་དང་གད་སྙིགས་འཕེན་རོགས་སོགས་བྱེད་ཅིང་། ཁོ་མོས“འདི་ནི་ངས་རང་འཁྲིའི་ལས་ཀ་བྱེད་པ་ཙམ་ཡིན་ཞེས་དེ་ལྟར་བཤད་བྱུང་།

ཝུའུ་ཧན་གྱི་རིམས་ནད་འགོག་སྲུང་བྱེད་པའི་ཉིན་40ཡི་རིང་། ཏའེ་ཁྲུན་དང་ཁོ་མོའི་ལས་གྲོགས་ཚོར་ཐུགས་རྗེ་ཆེ་ཞུ་མཁན་མང་པོ་ཞིག་ཡོད་ལ། ནད་པ་མི་ཉུང་བ་ཞིག་གིས་ཁོ་ཚོ་དང་མཉམ་དུ་པར་བརྒྱབ་ནས་ཁོ་ཚོར་བསྔགས་བརྗོད་གང་མང་བྱེད་ཅིང་། ཏའེ་ཁྲུན་གྱིས“ང་ཚོ་སྤྲོ་སྣང་ཆེ་ཤོས་ཀྱི་དུས་ནི་ནད་པའི་ནད་གཞི་དྲག་སྐྱེད་བྱུང་བའམ་ཡང་ན་དྲག་སྐྱེད་བྱུང་ནས་སྨན་ཁང་ནས་བུད་སྐབས་ང་ཚོར་ཐུགས་རྗེ་ཆེ་ཞེས་བརྗོད་པ་དེ་ཡིན་ཟེར།

“ཁོ་མོ་ནི་ང་ཚོའི་ཨ་མ་ཏའེ་ལགས་རེད”ཅེས་ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་དང་པོའི་ནད་ལྕི་གསོ་རིག་ཚན་ཁག་གི་སྨན་སྐྱོང་པ་ཡུས་ཧྥེང་ཆིན་གྱིས་དེ་ལྟར་བཤད་བྱུང་། སྨན་བཅོས་རུ་ཁག་གི་མི་སྣ་མང་ཆེ་བ་ནི“ལོ་རབས་བརྒྱད་ཅུ་དང་དགུ་བཅུའི་ནང་སྐྱེས”པའི་ན་གཞོན་ཤ་སྟག་ཡིན་པ་དང་། ཏའེ་ཁྲུན་གྱིས་ཁོ་ཚོ་ཚང་མ་རང་ཉིད་ཀྱི་བྱིས་པ་ལྟ་བུར་བརྩིས་ཤིང་། རུ་མི་ཚོ་སེམས་མི་སྐྱིད་པའི་སྐབས་སུ་ཏའེ་ཁྲུན་གྱིས་ཨ་མ་ལྟར་དུ་ངང་རྒྱུད་རིང་པོས་ཁོ་ཚོར་སེམས་གསོ་བྱས་པ་རེད།

བཅའ་སྡོད་བྱེད་སའི་མགྲོན་ཁང་མདུན་གྱི་ཐང་ཆེན་གྱི་ལྗོན་ཤིང་དག་ལ་མེ་ཏོག་བཞད་འགོ་ཚུགས་ཤིང་། ཏའེ་ཁྲུན་གྱིས་ད་ལྟ་ནད་ལྕི་ལྟ་སྐྱོང་ཁང་ནས་ནད་ཁང་གཞན་དུ་བསྒྱུར་བའི་ནད་པ་ཇེ་མང་དུ་འགྲོ་བཞིན་ཡོད་པས།  དེ་སྔའི་ནད་པ་12ནང་ནས་ད་ལྟ་ནད་པ་4ལས་མེད་པ་དང་། ནད་པ་མང་པོ་ཞིག་སྨན་ཁང་ནས་བུད་དེ་དྲག་སྐྱེད་བྱུང་སྐབས། སླར་ཡང་ནད་པ་གཞན་དག་ལ་རོགས་རམ་བྱེད་ཀྱི་ཡོད་པ་དང་། ད་ལྟ“ཝུའུ་ཧན་དུ་རིམ་བཞིན་དཔྱིད་ཀ་སླེབས་ནས་མེ་ཏོག་རྣམ་པར་བཞད་པ་དང་། ‘རིམས་ནད’འགོག་རྒོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པའི་བར་ཐག་ཇེ་ཉེར་འགྲོ་བཞིན་ཡོད་ཅེས་ཡིད་ཆེས་ཆེན་པོས”དེ་ལྟར་བཤད་བྱུང་།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།