རྒྱལ་ཡོངས་ཀྱི་ཕུལ་བྱུང་ཁྲིམས་དཔོན་ཏང་ཞའེ་རིན་གྱི་ཁྲིམས་སྐྱོང་ལམ་བུ།
2021.12.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 33

 བརྗིད་ཉམས་ལྡན་པའི་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་དམངས་དོན་ཁྲིམས་ར་གཉིས་པའི་ཁྲིམས་དཔོན་གཞུང་སྒྲུབ་ཁང་དུ་བསྐྱོད་པ་ན།   ཞི་དུལ་བབ་ཆགས་ཀྱི་བུད་མེད་ཁྲིམས་དཔོན་ཞིག་གིས་ཡིག་ཁུག་ལ་ནན་ཏན་སྒོས་ལྟ་བཞིན་ཡོད་པ་མཐོང་།    ཁོ་མོ་ནི“རྒྱལ་ཡོངས་ཀྱི་ཕུལ་བྱུང་ཁྲིམས་དཔོན་ཏང་ཞའེ་རིན་རེད།

ཁྲིམས་དཔོན་ཞེས་པའི་ཡིག་འབྲི་འདི་གཉིས་གླེང་ཚེ། ཟིན་འགོད་པ་ནས་འདྲི་གཅོད་པ་དང་། དེ་ནས་རིམ་བཞིན་དམངས་དོན་ཁྲིམས་ར་དང་པོའི་ཁྲིམས་དཔོན་གཞོན་པ་དང་དམངས་དོན་ཁྲིམས་ར་གཉིས་པའི་ཁྲིམས་དཔོན་བཅས་ཀྱི་འགན་འཁུར་མྱོང་བའི་རྒྱལ་ཡོངས་ཀྱི་ཕུལ་བྱུང་ཁྲིམས་དཔོན་ཏང་ཞའེ་རིན་ལ་མཚོན་ན། ཁྲིམས་ལུགས་ཀྱི་གཡུལ་ས་རུ་ ཐོག་མཐའ་བར་གསུམ་དུ་འདྲི་གཅོད་བྱ་བར་འབད་འཐབ་བྱས་ཏེ། འདྲི་གཅོད་བྱ་བའི་ཐབས་ལམ་གསར་བ་འཚོལ་ཞིབ་བྱས་ཤིང་། བཅའ་ཁྲིམས་དང་ཁྲིམས་འཛིན་དབྱེ་ཞིབ་ལ་ཧུར་ཐག་གིས་སློབ་སྦྱོང་བྱས་ནས། གྱོད་སྒྲུབ་ནུས་པ་ཇེ་མཐོར་གཏོང་བ་དང་། ཆབ་སྲིད་ལས་སྒོའི་ནུས་པ་ཇེ་མཐོར་བཏང་སྟེ། ཁྲིམས་འཛིན་བཅོས་སྒྱུར་དང་འཕེལ་རྒྱས་ལ་མཁོ་བའི་དུས་རབས་གསར་བའི་ཚད་ལྡན་གྱི་ཁྲིམས་དཔོན་ཞིག་ལ་འབད་བརྩོན་བྱས།

ཉིན་རེའི་ཞོགས་པའི་དུས་ཚོད་བཅུའི་སྟེང་། ཏང་ཞའེ་རིན་གྱིས་ཁྲིམས་ལྭ་གྱོན་ཏེ་ཁེར་ཐོག་གི་ཁྲིམས་རར་སོང་ནས། ཁྲིམས་རའི་འདྲི་གཅོད་ཡིག་ཁུག་གི་ཁ་ཕྱེས་པ་དང་། ཁྲིམས་རའི་འདྲི་གཅོད་གྲ་སྒྲིག་བྱ་བ་ལེགས་པོ་ཞིག་བྱས་ཡོད་ནའང་། ཁྲིམས་ར་འགོ་མ་བརྩམ་གོང་དུ་མོས་ཡང་བསྐྱར་འདྲི་གཅོད་ཡིག་ཁུག་ལ་ཞིབ་ལྟ་ཞིག་བྱེད་པ་ནི་གོམས་སྲོལ་ཞིག་ཏུ་གྱུར་ཡོད་ལ། མོས་ལས་བཀུར་གྱི་རྣམ་པ་ཞིག་ཀྱང་ཡིན་པར་མ་ཟད།  ལོ་ངོ་དུ་མའི་རིང་ལ་རྒྱུན་བསྐྱངས་ཡོང་བའི་བྱ་བ་བྱེད་སྟངས་ཤིག་ཀྱང་ཡིན་པ་རེད། དེ་ནི་ཁྲིམས་ར་བདེ་བླག་ངང་འཚོགས་ཆེད་ཡིན་ལ། འདྲི་གཅོད་ལེགས་པོ་དང་མང་ཚོགས་ཀྱི་ཁེ་དབང་ལ་སྲུང་སྐྱོབ་བྱ་ཆེད་དུ་དེ་བས་ཀྱང་ཡིན་པ་རེད།

ཁྲིམས་རའི་གྱང་ངོས་སུ་གཏུག་བཤེར་གྱོད་གཞི་དྲང་བཞག་གིས། མེ་ལོང་ཇི་བཞིན་གསལ་བར་འབྱེད་ཅེས་པའི་བཀའ་དྲིན་ཞུ་ཡིག་བཀལ་ཡོད་པ་ལས། གྱོད་གཞི་ཕྱོགས་གཉིས་ཀྱིས་མོའི་གྱོད་སྒྲུབ་བྱ་བར་ཁས་ལེན་གང་ལེགས་བྱས་ཡོད་པ་མཐོང་ཐུབ།

2020ལོར་ཏང་ཞའེ་རིན་གྱིས་ཞུ་སྦྱོར་སྔ་མ་ལུའོ་ཆེ་གེ་མོ་དང་ཞུ་སྦྱོར་ཕྱི་མ་ན་གོར་མོ་ཉིན་ཆེ་གེ་མོའི་ལས་རིགས་ཚད་ཡོད་ཀུང་ཟིའི་བཟོ་སྐྲུན་ཨར་ལས་གན་རྒྱའི་བར་གྱི་རྩོད་གཞི་དེ་དང་ལེན་བྱས་ཤིང་། གྱོད་གཞི་དེ་བཟོ་སྐྲུན་གྱི་གྲངས་ཚད་དང་བཟོ་སྐྲུན་གྱི་རིན་གོང་སོགས་གཏན་འཁེལ་བྱེད་ཐབས་བྲལ་བའི་རྐྱེན་གྱིས་དུས་ཡུན་རིང་བོར་ཐག་གཅོད་བྱེད་མ་ཐུབ་པར་ལུས་ཡོད་པ་ཤེས།  གྱོད་གཞི་དེ་འབྱོར་རྗེས།  འདྲི་གཅོད་གོ་རིམ་ཁྲོད་ཏང་ཞའེ་རིན་གྱིས་ཕྱོགས་གཉིས་ཀྱི་གནས་ཚུལ་ཐད་ནས་རྒྱུས་ལོན་ཞིབ་མོ་བྱས་པ་བརྒྱུད།   གྱོད་གཞི་དེ་འགྲིག་མཐུན་ངང་ཐག་གཅོད་བྱེད་ཐུབ་པ་གཞི་ནས་རྟོགས།  ཁོ་མོས་གྱོད་གཞི་ཕྱོགས་གཉིས་ཀྱི་དོན་དངོས་སྟེང་དཔེ་བཞག་ནས་གནས་ལུགས་མང་པོ་བཤད་པ་དང་དོན་དག་གང་ཞིག་ཡིན་རུང་བསམ་བཞིན་དུ་མ་ཡིན་པ་དང་། གལ་ཏེ་རང་སྟེང་དུ་དཔེ་བླངས་ན་ཇི་འདྲ་ཡིན་པ་སོགས་ཀྱི་བློ་ཁོག་ཡོད་དགོས་ཚུལ་སོགས་གླེང་བས། མཇུག་མཐར་གྱོད་སྒྲུབ་ཕྱོགས་གཉིས་ཀྱི་ཡིད་སེམས་ཚིམ་ནས་གྱོད་གཞི་བདེ་བླག་ངང་ཐག་གཅོད་བྱེད་ཐུབ་པ་བྱུང་།

ཏང་ཞའེ་རིན་གྱིས་རང་འགུལ་ངང་གྱོད་སྒྲུབ་ལས་འགན་དང་དུ་བླངས་བའི་ལོ་ངོ་གསུམ་གྱི་རིང་། དམངས་དོན་ཚོང་དོན་གྱོད་གཞི378དང་སྲིད་འཛིན་གྱོད་གཞི19། ཉེས་དོན་གྱོད་གཞི་གཅིག་བཅས་ཞིབ་བཤེར་ཐག་གཅོད་བྱས་པར་མ་ཟད།  མཉམ་འབྲེལ་གྱོད་གཞི563ཐག་གཅོད་བྱེད་པར་ཞུགས་པ་དང་། དང་ལེན་བྱས་པའི་གྱོད་གཞི་ཡོད་ཚད་ཁྲིམས་བཅད་དུས་ཚོད་ནང་ཐག་གཅོད་བྱས་པས། ནོར་འཛོལ་ཅི་ཡང་བྱུང་མ་མྱོང་ལ། ཉེ་བའི་ལོ་ངོ་གསུམ་གྱི་རིང་ལ། མོའི་གྱོད་སྒྲུབ་གྲུབ་འབྲས་ནི་སྔོན་གྲལ་དུ་ཚུད་དེ།  ཁྲིམས་ཁང་ཁོངས་གཏོགས་ཀྱི་གཟེངས་བསྟོད་ཐོབ་པ་རེད།

ཁྲིམས་དཔོན་ཏང་ཞའེ་རིན་ལ་མཚོན་ན་ལོ་མང་པོར་དོན་དག་གང་ཞིག་ཡིན་རུང་འཁང་ར་མེད་པར་རང་ནུས་ཅི་ལྕོགས་ཀྱིས་སྒྲུབ་པ་ཡིན་ལ། གྱོད་དོན་མང་པོ་ཞིག་བསྒྲུབས་ཡོད་པས། ང་ཚོའི་མིག་དཔེ་དང་སློབ་སྦྱོང་བྱེད་ས་རུ་གྱུར་ཡོད་ཅེས་མཚོ་ནུབ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཞིབ་འཇུག་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་ཧྥན་ཞིས་ཧྭ་ཡིས་དེ་ལྟར་བཤད་བྱུང་།

ལོ་ངོ་བཅོ་བརྒྱད་ཀྱི་རིང་ལ། ཏང་ཞའོ་རིན་གྱིས་རང་ཉིད་ཀྱི་ལང་ཚོ་དང་རྔུལ་ཆུ་ཡིས་ཁྲིམས་ལུགས་ཀྱི་རྒྱ་མ་ཡོ་གཟུར་མེད་པར་དྲང་བདེན་བསྐྱངས་ཤིང་། རང་ཉིད་ཀྱི་ཡོད་ཚད་ལས་གནས་སུ་ཕུལ་ཏེ། ཉིན་མཚན་དུས་དྲུག་གི་དུས་ཚོད་ཁྲིམས་ལུགས་ཡིག་ཆ་དང་ཁྲིམས་ལུགས་སློབ་སྦྱོང་བྱེད་པའི་སྟེང་བཀོལ། སྔ་གཞུག་ཏུ་མོ་ལ་རྒྱལ་ཡོངས་ཀྱི་ཕུལ་བྱུང་ཁྲིམས་དཔོན་དང་རྒྱལ་ཡོངས་ཁྲིམས་ཁང་གི་སྔོན་ཐོན་མི་སྒེར། ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་ཁྲིམས་དཔོན། ཁུལ་ཡོངས་ཀྱི་སྲིད་ཁྲིམས་ཁོངས་གཏོགས་ཀྱི་སྔོན་ཐོན་མི་སྒེར་བཅས་ཀྱི་གཟི་བརྗིད་མཚན་སྙན་གང་མང་ཐོབ་མྱོང་།

ཁྲིམས་དཔོན་ནི་དཀའ་སྤྱད་སྡུག་རུས་ཀྱི་ལས་རིགས་ཤིག་ཡིན་མོད། འོན་ཀྱང་རང་ཉིད་ལས་རིགས་འདི་ལ་ཆེས་དགའ་བས།  རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད་དུ་ངས་ཁྲིམས་ལུགས་ལ་དད་མོས་དང་ལས་དོན་ལ་བློ་དཀར་བཅངས་ནས། རང་ཉིད་ཀྱི་འདྲི་གཅོད་དབང་ཆ་ལེགས་པོར་སྤྱད་དེ། ཧུར་ཐག་སྒོས་མང་ཚོགས་ལ་ཁྲིམས་ལུགས་ཀྱི་གྱོད་གཞི་རེ་རེའི་ཁྲོད་ནས་འདྲ་མཉམ་དང་དྲང་བཞག་གི་ཚོར་བ་མྱོང་དུ་འཇུག་རྒྱུ་ཡིན་ཞེས་མཚོ་ནུབ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་དམངས་དོན་ཁྲིམས་ར་གཉིས་པའི་ཁྲིམས་དཔོན་ཏང་ཞའེ་རིན་གྱིས་དེ་ལྟར་བཤད་བྱུང་།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད།