མཚོ་འཕང་མུས་བཞི་སྟོང་སུམ་བརྒྱ་ཡན་གྱི་མངགས་གཏོང་ཁང་གི་འགོ་གཙོ་བསོད་ཚེ་ཡི་གནས་ཚུལ།
2022.01.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

“དམངས་ཀྱི་འདོད་བློར་ཚད་འཇལ་བ་དང་བློ་གཅིག་སེམས་གཅིག་ངང་དམངས་ཀྱི་འདོད་བློར་ཉན་དགོས”ཞེས་པ་དེ་ནི་དགའ་བདེ་རྫོང་སྤྱི་བདེ་ཅུའུ་ཁོ་ཆུ་གྲོང་རྡལ་མངགས་གཏོང་ཁང་གི་འགོ་གཙོ་བསོད་ཚེ་ཡིས་ལོ་མང་པོའི་རིང་བརྟན་སྲུང་བྱས་པའི་རྩ་དོན་ཞིག་རེད། སྤྱི་བདེའི་བྱ་བ་སྒྲུབ་པ་ནས་བཟུང་། ཁོས་ཐོག་མཐའ་བར་གསུམ་དུ་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་བློ་ལ་བརྟན་པོར་བཅངས་ནས་འགན་འཁྲི་ནན་ཏན་འཁུར་བ་དང་། བྱ་བ་ཧུར་ཐག་གིས་སྒྲུབ་པ། རང་དཔེ་གཞན་སྟོན་བྱེད་པ། སྣེ་ཁྲིད་མིག་དཔེ་སྟོན་པ་བཅས་ཀྱི་ཐོག་ནས“གཞུང་གི་དོན་དུ་ཉེན་རྟོག་པ་ཡོད་པ་དང་དམངས་ཀྱི་ཆེད་དུ་ཁྲིམས་ལག་བསྟར་བྱེད་པའི”ནང་དོན་ཟབ་མོ་གསོན་ཉམས་དོད་པོས་གསལ་བཤད་གནང་ཡོད།

ཁོ་ཆུ་གྲོང་རྡལ་གྱི་ཆ་སྙོམས་མཚོ་འཕང་མུས་བཞི་སྟོང་སུམ་བརྒྱ་ཡིན་པ་དང་། མངགས་གཏོང་ཁང་གི་ཁོངས་གཏོགས་ཀྱི་ཞབས་འདེགས་ཞུ་ཚད་ཁྱབ་རྒྱ་ཆེ་ལ། འཁོར་སྐྱོད་མི་གྲངས་མང་པས་བྱ་བ་སྒྲུབ་པར་དཀའ་ཁག་ཆེ། ཁོ་ཆུ་གྲོང་རྡལ་མངགས་གཏོང་ཁང་དུ་ཐོན་མ་ཐག བསོད་ཚེ་མྱུར་དུ་རང་འགུལ་ངང་གཞི་རིམ་གྱི་ལས་ཡུལ་དང་པོར་བསྐྱོད་དེ་དམངས་ཀྱི་འདོད་བློར་ཉན་པས། སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་བསམ་འདུན་མཚོན་པའི“ཐད་གཏོང་རླངས་འཁོར”ལྟ་བུར་གྱུར་ཡོད།

མངགས་གཏོང་ཁང་གི་བྱ་བའི་ཕན་འབྲས་ཀྱིས་ས་ཕྱོགས་གཅིག་གི་བདེ་འཇགས་ལ་ཐད་ཀར་ཤུགས་རྐྱེན་ཐེབས་ཀྱིན་ཡོད་ལ། མངགས་གཏོང་ཁང་གི་བྱ་བ་ཡང་སྤྱི་བདེའི་བྱ་བའི་རྨང་གཞི་ཡིན། བསོད་ཚེ་ཡིས་ཁོངས་གཏོགས་ས་ཁུལ་གྱི་དོན་དངོས་གནས་ཚུལ་ལ་གཞིགས་ནས། དུས་རབས་གསར་པའི“ཧྥིན་ཆའོ་མངགས་གཏོང་ཁང”གི་བླང་བྱ་དང་ཟུང་འབྲེལ་བྱས་ཏེ། “སྤྱི་པའི་ལེགས་སྒྲིག་སྦྲེལ་མཐུད་བྱེད་སྟངས་དང་མཉམ་འབྲེལ་འདུམ་འགྲིག་ལམ་སྲོལ་ལྔ”འཚོལ་ཞིབ་བྱས་ནས། སྡོད་ཁུལ་གྱི་ཕྱོགས་བསྡུས་བཅོས་སྐྱོང་ཁྲོད་ཁོངས་གཏོགས་ས་ཁུལ་གྱི་སྟོབས་ཤུགས་གཅིག་བསྡུས་བྱས་པ་དང་། འགལ་བ་དང་རྩོད་གཞི་སྣ་ཚོགས་དང་དེ་མིན་བརྟན་བརླིང་མིན་པའི་རྒྱུ་རྐྱེན་དུས་ཐོག་ཏུ་སེལ་ཡོད། དེ་དང་ཆབས་ཅིག གྱོད་གཞི་གཞིར་བཟུང་བཅའ་ཁྲིམས་སློབ་སྦྱོང་དང་ལས་གནས་ཐོག་སྦྱོང་བརྡར་བྱེད་པ་སོགས་ཀྱི་བྱ་འགུལ་སྤེལ་ནས། གྱོད་གཞི་ཞིབ་དཔྱད་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ཏེ་གྱོད་གཞི་ཐག་གཅོད་བྱེད་པའི་བརྒྱུད་རིམ་ཁྲོད་ཞིབ་དཔྱད་འགག་སྒོ་ནན་མོ་སྲུང་བ་དང་། གྱོད་གཞི་སྒྲུབ་པའི་གོ་རིམ་ཁྲིམས་དང་མཐུན་ལ་ཆད་གཅོད་འོས་འཚམ་ཡོང་བ་བྱེད་པ། ཟླ་རེར་མངག་གཏོང་ཁང་ནང་ཁུལ་དུ་གྱོད་གཞི་དཔྱད་བསྡུར་བྱས་ནས་གྱོད་གཞི་སྒྲུབ་མཁན་གྱིས་གྱོད་གཞི་སྒྲུབ་པའི་ཉམས་མྱོང་ངོ་སྤྲོད་བྱས་ཏེ་གྱོད་གཞི་སྒྲུབ་པའི་སྤུས་ཚད་མཐོ་རུ་བཏང་ཡོད།

བསོད་ཚེ་ཡིས་མངགས་གཏོང་ཁང་གི་འགོ་གཙོའི་འགན་ཁུར་པ་ནས་བཟུང་། མི་དམངས་ལྟེ་བར་འཛིན་པའི་འདུ་ཤེས་བརྟན་པོ་བཅངས་ནས་ཁོངས་གཏོགས་ས་ཁུལ་གྱི་མང་ཚོགས་དང་འབྲེལ་འདྲིས་ཟབ་མོ་བྱེད་བཞིན་ཡོད། རྒྱུན་དུ་ཁྲིམས་ལུགས་ཁྱབ་གདལ་སློབ་གསོ་སྤེལ་བ་དང་། མངའ་ཁོངས་ས་ཁུལ་གྱི་བདེ་འཇགས་གནས་ཚུལ་ལོ་འགའི་སྔོན་དང་བསྡུར་ན་ལེགས་བཅོས་ཆེན་པོ་བྱུང་ཡོད་ལ། ཉེས་གསོག་བྱེད་ཚད་ཀྱང་ཇེ་ཉུང་དུ་འགྲོ་བཞིན་ཡོད།

2020ལོའི་ཟླ་གཉིས་པར་པྲོག་གསར་གློ་ཚད་རིམས་ནད་བྱུང་རྗེས། བསོད་ཚེ་ཡིས་ཐོག་མའི་དུས་ཚོད་ནང་འབོད་སྐུལ་དང་ལེན་བྱས་ཏེ། དཔྱིད་གསར་དུས་ཆེན་གྱི་གུང་གསེང་ཡང་མ་རོལ་པར་མཚན་མོ་དེ་ཚོགས་འདུ་འཚོགས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་མ་ཟད། རིམས་ནད་སྔོན་འགོག་ཚོད་འཛིན་ཞིབ་བཤེར་ས་ཚིགས་བཙུགས་ནས། རྒྱལ་ལམG227དར་ལག་ཟམ་སྣེའི་གནས་སྐབས་ཞིབ་བཤེར་ས་ཚིགས་བཙུགས་པ་དང་། བསྟུད་མར་ཉིན་སུམ་ཅུའི་རིང་ལ་འཐབ་གྲོགས་ཀྱི་སྣེ་ཁྲིད་དེ་ཞིབ་བཤེར་ས་ཚིགས་བརྟན་སྲུང་བྱས་ལ། འགྲོ་འོང་བྱེད་མཁན་ཚོར་དྲོད་ཚད་འཇལ་བ་དང་ཐོ་འགོད་སོགས་ཀྱི་བྱ་བ་སྤེལ་ནས། ཁོངས་གཏོགས་ས་ཁུལ་གྱི་ཡུལ་མིའི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་ཁག་ཐེག་བྱས།

བསོད་ཚེ་ཡིས་དུས་དང་རྣམ་པ་ཀུན་ཏུ་མང་ཚོགས་ཀྱི་ཁེ་ཕན་སེམས་སུ་བཟུང་ཡོད། “མང་ཚོགས་ཀྱི་བྱ་བ་ཇི་ཙམ་ཆུང་ཡང་དེ་ནི་དོན་ཆེན་ཞིག་རེད།” ཁོས་དེ་ལྟར་བཤད་ལ་དེ་ལྟར་སྒྲུབ་བཞིན་ཡོད། 2021ལོའི་ཟླ10ཚེས2ཉིན་གྱི་སྔ་དྲོ། ཁོ་ཆུ་གྲོང་རྡལ་མངགས་གཏོང་ཁང་ཐང་ཆེན་གྱི་ཉེན་རྟོག་ཞབས་ཞུའི་ས་ཚིགས་སུ་མང་ཚོགས་ཀྱིས་རོགས་སྐྱོར་བྱེད་པའི་རེ་ཞུ་བྱས་པ་དང་། མང་ཚོགས་ཞིག་གིས་གཟབ་གཟབ་མ་བྱས་པར་དངུལ་ཁུག་བོར་སོང་བས་དེ་འཚོལ་རོགས་ཞེས་བཤད། རོགས་སྐྱོར་རེ་ཞུ་འབྱོར་རྗེས། བསོད་ཚེ་ཡིས་མང་ཚོགས་དེའི་བྱ་འགུལ་ལམ་ཕྱོགས་འདྲི་རྩད་ཞིབ་ཚགས་བྱས་པ་དང་འབྲེལ་མངགས་གཏོང་ཁང་གི་ལས་རོགས་ཉེན་རྟོག་པར་འབྲེལ་ཡོད་བརྙན་རིས་དཔྱད་གཞི་ལེན་དུ་བཅུག་ནས་གྲལ་བཤེར་བྱས་པ་དང་། མཐར་ཚང་མས་འབད་བརྩོན་ཧུར་ཐག་བྱས་པ་བརྒྱུད་བོར་བའི་དངུལ་ཁུག་དང་དེ་མིན་སྒོར་སྟོང་དགུ་བརྒྱ་དང་ང་གཅིག་ཕྱིར་རྙེད་པ་རེད། དངུལ་ཁུག་བདག་པོ་ལའོ་ག་གེ་མོའི་ལག་ཏུ་སྤྲོད་སྐབས། ཁོས་བོར་སོང་བའི་དངུལ་ཁུག་ལ་བལྟ་བཞིན་སེམས་འགུལ་ཐེབས་པའི་མིག་ཆུ་བཞུར་ལ། བསྟོད་པའི་མཐེ་བོང་བསྒྲེངས་ནས་བསོད་ཚེ་དང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པར་ཐུགས་རྗེ་ཆེ་ཞུས་པ་རེད།

ཉེན་རྟོག་པས་བྱ་བ་སྒྲུབ་ནས་ལོ་བདུན་འགོར་བའི་རིང་། བསོད་ཚེ་ཡིས་ཏང་དང་མི་དམངས་ཀྱིས་བསྩལ་པའི་དུས་རབས་གསར་པའི་འགན་འཁྲི་དང་ལས་འགན་བློ་ལ་བརྟན་པོར་བཅངས་ནས་ས་གནས་ཤིག་གི་དུས་བདེ་སྲུང་སྐྱོབ་བྱས་པ་དང་། སྔ་རྗེས་སུ“སྔོན་ཐོན་བྱ་བ་སྒྲུབ་མཁན”དང“ཕུལ་བྱུང་གུང་ཁྲན་ཏང་ཡོན”ལ་བདམས་པ་མ་ཟད། གོང་རིམ་གྱི་བྱ་དགའ་ཡང་ཐེངས་མང་ཐོབ་མྱོང་།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།