བོད་རིགས་ཕོ་གསར་ཁོ་ལ་རྒྱལ་ཡོངས་ན་གཞོན་ལྔ་བཞིའི་གཟེངས་རྟགས་ཐོབ།
2022.05.05 ཁུངས། ཀློག་གྲངས། 32




       ན་གཞོན་དཔེ་བཟང་གི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱ་ཆེད་དང་། རྒྱ་ཆེའི་ན་གཞོན་དང་ལོ་ཆུང་རྣམས་ཀྱིས་སྙིང་སྟོབས་ཆེར་སྐྱེད་དང་ཞུམ་མེད་མདུན་སྐྱོད་བྱེད་པར་སྐུལ་སྤེལ་བྱས་ནས། གཡུར་ཟའི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་ཆེད། གུང་གཞོན་ཚོགས་པ་ཀྲུང་དབྱང་དང་རྒྱལ་ཡོངས་ན་གཞོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཐུན་མོང་ཐོག་སྐབས26པའི་ཀྲུང་གོའི་ན་གཞོན་ལྔ་བཞིའི་གཟེངས་རྟགས་གནང་བ་དང་། མ་ཡུས་ཐིན་སོགས་བློ་མཐུན49ལ་སྐབས26པའི་ཀྲུང་གོའི་ན་གཞོན་ལྔ་བཞིའི་གཟེངས་རྟགས་གནང་བ་དང་། ཧྲོའུ་ཀང་སྡེ་ཚོགས་དགུན་དུས་ཨོ་རྩལ་འགྲན་ཚོགས་ཞབས་ཞུ་འགན་ལེན་གྱི་ན་གཞོན་ཚོགས་པ་སོགས་ན་གཞོན་མཉམ་སྡེབ16ལ་སྐབས26པའི་ཀྲུང་གོའི་ན་གཞོན་ལྔ་བཞིའི་མཉམ་སྡེབ་གཟེངས་རྟགས་སྟེར་རྒྱུའི་གཏན་འབེབས་གནང་བ་རེད། ཧྥེང་ཧྲའོ་ཝེ་སོགས་བློ་མཐུན73ལ་སྐབས26པའི་ཀྲུང་གོའི་ན་གཞོན་ལྔ་བཞིའི་གཟེངས་རྟགས་དང་། ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་ཚོགས་པ་ཚད་ཡོད་ཀུང་སིའི་ཞིབ་འཇུག་ཁང་དྲུག་པའི་སའོ801མི་བཞུགས་འཇིག་རྟེན་འཕུར་སྐྱོད་སྐུལ་འདེད་མ་ལག་པུའུ་སོགས་ན་གཞོན་མཉམ་སྡེབ17ལ་སྐབས་26པའི་ཀྲུང་གོའི་ན་གཞོན་ལྔ་བཞིའི་གཟེངས་རྟགས་མཉམ་སྡེབ་ཀྱི་བྱ་དགའ་ཐོབ་པ་གཏན་འཁེལ་བྱས་པ་རེད།



དེའི་ནང་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་ཞི་ཁྲོན་ལྷོ་ལམ་མེ་གསོད་རོགས་སྐྱོབ་ས་ཚིགས་མེ་གསོད་རོགས་སྐྱོབ་རུ་ཁག་གི་བཅུ་དཔོན། རིམ་པ་དང་པོའི་མེ་གསོད་རུ་མི་མ་ཎི་སྐྱབས་ལ་ཡང་སྐབས26པའི་ཀྲུང་གོའི་ན་གཞོན་ལྔ་བཞིའི་གཟེངས་རྟགས་ཐོབ་ཡོད། 

མ་ཎི་སྐྱབས་ནི་བོད་རིགས་ཡིན་ལ། སྤྱི་ལོ1988ལོའི་ཟླ9པར་སྐྱེས། ཀྲུང་གུང་ཏང་ཡོན། ཆེད་ཚན་སློབ་གྲྭ་ཆེན་མོའི་སློབ་གཉེར་བརྒྱུད་རིམ་ལྡན། ད་ལྟ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་ཞི་ཁྲོན་ལྷོ་ལམ་མེ་གསོད་རོགས་སྐྱོབ་ས་ཚིགས་མེ་གསོད་རོགས་སྐྱོབ་རུ་ཁག་གི་བཅུ་དཔོན་དང་རིམ་པ་དང་པོའི་མེ་གསོད་རུ་མི་ཡིན། ལས་ཀར་ཞུགས་ནས་ལོ16གི་རིང་ལ། ཁོས་ཐོག་མཐའ་བར་གསུམ་དུ་འཕྲལ་སྡོམ་རོགས་སྐྱོབ་ཀྱི་འཐབ་ས་མདུན་མར་བསྐྱོད་དེ། མཚོ་སྔོན་ཞིང་ཆེན་མེ་གསོད་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གི་ཚབ་ཞུས་ནས་རྒྱལ་ཡོངས་ཀྱི་དྲག་རྩལ་འགྲན་ཚོགས་ནང་ཐེངས3ཞུགས་པ་དང་། སྤྱི་ལོ2019ལོར་རྒྱལ་སྤྱིའི་མེ་གསོད་རོགས་སྐྱོབ་ལག་རྩལ་སྤེལ་རེས་ཀྱི་བྱེད་སྒོར་ཞུགས་ལ། རོགས་སྐྱོབ་ལས་འགན་གལ་ཆེན་ཐེངས700ལྷག་ཙམ་ལེགས་སྒྲུབ་བྱས་པ་དང་།  ཉེན་གྱར་མང་ཚོགས120ལྷག་ཙམ་མྱུར་སྐྱོབ་བྱས། མེ་གསོད་བདེ་འཇགས་ཀྱི་ལས་འགན་གལ་ཆེན་ཐེངས1000ལྷག་ཙམ་ལེགས་སྒྲུབ་བྱས་པ་རེད། ཁོ་ལ་སྔ་རྗེས་སུ་མི་སྒེར་གྱི་བྱས་རྗེས་རིམ་པ་གསུམ་པ་ཐེངས2དང་དེ་མིན་གྱི་བྱ་དགའ་གཞན་ཐེངས14ཐོབ་ཡོད།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།